གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཏི་རུ་ལེ་ཤ་ཡོད་རུང་ མ་དངུལ་གནམ་མེད་ས་མེད་ གཏང་མ་དགོཔ།

༢༠/༡༡/༢༠༡༢   ༉ དངུལ་ཁང་ལ་ལུ་ཅིག་ ཏི་རུ་མ་ལང་པའི་དཀའ་ངལ་ཐོནམ་དང་བསྟུན་ རྒྱལ་ཡོངས་དགོངས་ཞའི་ཟུར་ཕོགས་དང་འཚོ་རྟེན་མ་དངུལ་ཡིག་ཚང་གིས་ འདས་པའི་རྩིས་ལོ་ནང་ མ་དངུལ་ལེགས་ཤོམ་སྦེ་ ལག་ལེན་འཐབ་མ་ཚུགས་པའི་ གདོང་ལེན་བྱུང་ཡོདཔ་ཨིན་པས། 


རྒྱལ་ཡོངས་དགོངས་ཞུའི་ཟུར་ཕོགས་དང་འཚོ་རྟེན་མ་དངུལ་ཡིག་ཚང་གི་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ དུས་ཅི་ སྤྱི་ཟླ་༦ པའི་ནང་ དངུལ་ཀྲམ་དུང་ཕྱུར་༡༢.༩ ལུ་ལྷོད་མི་ མ་དངུལ་ཚུ་ ཁེ་ཕན་ཅན་ཅིག་སྦེ་ ལག་ལེན་འཐབ་མ་ཚུགས་ཟེར་ཨིནམ་ད་ དངུལ་བྱིན་ནིའི་མཐོ་ཚད་ལུ་ལྷོད་ཡོདཔ་ལས་ ད་རུང་བྱིན་པ་ཅིན་ དངུལ་ཁང་ལྟེ་བའི་ ལམ་ལུགས་དང་འགལ་འོང་ཟེར་ཨིན་པས།
རྒྱལ་ཡོངས་དགོངས་ཞུའི་ཟུར་ཕོགས་དང་འཚོ་རྟེན་མ་དངུལ་ཡིག་ཚང་གིས་ སྐྱིན་འགྲུལ་སྦོམ་ལེན་མི་༡༠ ལུ་ དངུལ་བརྒྱ་ཆ་༣༠ སྐྱིན་འགྲུལ་བྱིན་མི་དེ་ དངུལ་ཁང་ལྟེ་བའི་ སྒྲིགས་གཞི་དང་འཁྲིལཝ་ད་ མཐོ་ཤོས་ཨིན་པས།
དེ་འབདཝ་ལས་ རྒྱལ་ཡོངས་དགོངས་ཞུའི་ཟུར་ཕོགས་དང་འཚོ་རྟེན་མ་དངུལ་ཡིག་ཚང་གིས་ དར་དཀར་ཆུ་གློག་མེ་ལས་འགུལ་གྱི་ ཟད་འགྲོ་དངུལ་ཀྲམ་དུང་ཕྱུར་༢.༤ ཐེབས་གནས་མི་ལུ་ དངུལ་བྱིན་མ་ཚུགས་ཟེར་ཨིན་པས།
སྤྱི་ལོ་༢༠༡༡-༡༢ ཀྱི་ ལོ་བསྟར་སྙན་ཞུ་དང་འཁྲིལཝ་ད་ གདུང་བསམ་རྩི་ས་དང་ དར་དཀར་་ཆུ་གློག་མེ་ལས་འགུལ་གྱི་དོན་ལུ་ མ་དངུལ་བྱིན་ནིའི་ གོ་སྐབས་སྡོད་ནུག་ཟེར་བཀོད་ཡོདཔ་ད་ ལས་འགུལ་༢ ལུ་ མ་དངུལ་དུང་ཕྱུར་༢ རེ་ དགོཔ་ཐོན་ཡོདཔ་ཨིན་པས།
འབྲུག་སླར་འབྱུང་གློག་མེ་ལས་འཛིན་གྱི་ འཛིན་སྐྱོང་མདོ་ཆེན་ དྲགོས་ཚེ་དབང་རིག་འཛིན་གྱིས་ སླབ་མིའི་ནང་ ཁོང་གིས་ དར་དཀར་ཆུའི་དོན་ལུ་ དངུལ་ཐེབས་དགོ་མི་ཚུ་ རྒྱལ་ཁབ་ཀྱི་ཁྲོམ་ཚུ་ལས་འཚོལཝ་ད་ མ་དངུལ་གྱིས་མ་ལང་པའི་ དཀའ་ངལ་ཡོདཔ་ལས་བརྟེན་ གཞན་ཁ་ལས་ འཚོལ་དགོཔ་ཐོན་ཡི་ཟེར་ཨིན་པས།
ཨིན་རུང་ སྤུ་ན་ཁ་ལུ་ འབྲུག་མི་སེར་རྒྱུ་ནོར་གཞི་བཟུང་གི་ ཝཱེལ་ནེས་ རི་ཧོཊ་ པོ་རོ་ཇེག་གི་དོན་ལུ་ དངུལ་ཀྲམ་ས་ཡ་༣༣༥ བརྒྱ་ཆ་༢༩ བྱིན་ནི་སྦེ་ ཆ་འཇོག་འབད་ནུག།
མ་དངུལ་ཡོངས་བསྡོམས་ དངུལ་ཀྲམ་དུང་ཕྱུར་༡༠.༦༨ ལས་ སྤྱི་ལོ་༢༠༡༢ ཟླ་༦ པའི་ནང་ དུང་ཕྱུར་༡༢.༩༣ ལུ་ ཡར་འཕར་སོང་མི་དེ་ འདས་པའི་ལོ་༤ ནང་ ལོ་བསྟར་བཞིན་དུ་ དངུལ་ཀྲམ་དུང་ཕྱུར་༢ ཡར་སེང་སོང་ཡོདཔ་ད་ འཐུས་མི་ཚུ་ལས་ ཟླ་རིམ་བཞིན་དུ་ ཡོངས་བསྡོམས་དངུལ་ཀྲམ་ས་ཡ་༡༠༠ རེ་ བསྡུཝ་ཨིན་པས།
རྒྱལ་ཡོངས་དགོངས་ཞུ་དང་འཚོ་རྟེན་མ་དངུལ་ཡིག་ཚང་གི་ མ་དངུལ་ཚུ་ འཐུས་མི་ཚུ་གིས་ ཟླ་རིམ་བཞིན་དུ་ བཙུགས་དགོ་ནི་དེ་གིས་ མ་དངུལ་མ་ལང་པའི་དཀའ་ངལ་གྱིས་ མི་གནོདཔ་ཨིན་པས།
དངུལ་འབྲེལ་གཙུག་སྡེ་ཚུ་བཟུམ་སྦེ་ ཁོང་གི་ མ་རྩ་བཙུགས་མི་ཚུ་ འཚོལ་མ་དགོ་ཟེར་ མ་རྩ་བཙུགས་བཞག་ལས་ཁུངས་ཀྱི་གཙོ་འཛིན་ ཨོ་རྒྱན་ཚེ་དབང་གིས་ སླབ་ཨིན་པས།
ཁོང་གིས་ རེ་བ་བསྐྱེད་མི་ སྐྱིན་འགྲུལ་བྱིན་མ་ཚུགས་རུང་ སྙན་ཞུ་དང་འཁྲིལཝ་ད་ མ་རྩ་བཙུགས་བཞག་ལུ་བརྟེན་ མ་དངུལ་བརྒྱ་ཆ་༦.༥ ཡར་འཕར་སོང་ཡོདཔ་ཨིན་པས།
མ་དངུལ་གྱི་འཐུས་མི་ཡང་༤༤,༣༡༢ ལས་༤༧,༠༩༡ ལུ་ ཡར་འཕར་སོང་ཡོདཔ་ད་ དེ་ཡང་ གཙོ་བོ་ར་ གདུང་བསམ་པོ་ལི་མརསི་དང་ དམག་སྡེའི་སློབ་གྲྭ་ལས་འགུལ་ མང་སྡེ་ཆུ་གློག་མེ་ལས་འགུལ་ སྤུ་ན་གཙང་ཆུ་༡ པ་ལ་སོགས་པའི་ ལས་འགུལ་གསརཔ་ འགོ་བཙུགས་པའི་ཤུལ་ལུ་ འཐུས་མི་ཚུ་གིས་ རྒྱལ་ཡོངས་དགོངས་ཞུའི་ཟུར་ཕོགས་དང་འཚོ་རྟེན་མ་དངུལ་ནང་ འཛུལ་མི་ལུ་བརྟེན་ཏེ་ཨིན་ཟེར་ སླབ་ཨིན་པས།
ཁོང་ལུ་ ཁྲོམ་ཁར་མ་དངུལ་གྱིས་ མ་ལང་པའི་གནས་སྟངས་ ཡར་དྲག་བཏང་ཚུགས་པའི་མ་དངུལ་ལངམ་ཡོད་རུང་ དངུལ་ཁང་ཚུ་ལུ་ སྐྱིན་འགྲུལ་བྱིན་མ་ཚུགསཔ་ སོང་ཡི་ཟེར་ ཨོ་རྒྱན་ཚེ་དབང་གིས་ སླབ་ཨིན་པས།
དངུལ་ཁང་ལྟེ་བ་གིས་ རྒྱལ་ཡོངས་དགོངས་ཞུའི་ཟུར་ཕོགས་དང་འཚོ་རྟེན་མ་དངུལ་གྱི་ དངུལ་སྐྱེད་བརྒྱ་ཆ་༡༣ བཟོ་ཡོདཔ་ད་ དངུལ་ཁང་མང་ཤོས་ལུ་ བརྒྱ་ཆ་༡༠ ཨིནམ་ད་ དེ་གིས་ དངུལ་ཁང་ཚུ་གིས་ རྒྱལ་ཡོངས་དགོངས་ཞུའི་ཟུར་ཕོགས་དང་འཚོ་རྟེན་མ་དངུལ་ལས་ སྐྱིན་འགྲུལ་ལེན་ནི་དེ་ གནས་གོང་སྦོམ་ཨིན་པས།
དངུལ་ཁང་ཚུའི་ སྐྱེད་ཀྱི་ཚད་གཞི་དེ་ ཁོང་རའི་ མ་དངུལ་གྱི་རིན་གོང་དང་འཁྲིལ་ཏེ་ བཟོ་དོ་ཡོདཔ་ད་ ཁོང་གི་སྐྱེད་ཀྱི་ཚད་གཞི་དེ་ཡང་ མ་དངུལ་གྱི་ རིན་གོང་དང་འཁྲིལ་ཏེ་ བཟོ་བཟོཝ་འབད་བ་ཅིན་ བརྒྱ་ཆ་༧ དེ་ཅིག་འོང་ཟེར་ དངུལ་འབྲེལ་འགོ་དཔོན་གྱིས་ སླབ་ཨིན་པས།
དེ་འབདཝ་ད་ དངུལ་ཁང་ལྟེ་བ་གིས་ བརྒྱ་ཆ་༡༣ བཟོ་ཡོདཔ་ལས་ དངུལ་ཁང་ཚུ་དང་ མི་འདྲ་ནི་ཨིན་པས།
མ་རྩ་བཙུགས་བཞག་ཀྱི་ གོ་སྐབས་མེད་ནི་དེ་གིས་ ད་ལྟོ་ལས་ མ་དངུལ་ཡུན་བརྟན་གྱི་ དཀའ་ངལ་ཐོན་དོ་ཡོདཔ་བཞིན་དུ་ མ་འོངས་པ་ལུ་ཡང་ ཏན་ཏན་མི་འོང་ནི་ཨིན་པས།
དངུལ་ཁང་ལྟེ་བ་གིས་ སླབ་མིའི་ནང་ ཟུར་ཕོགས་མ་དངུལ་བཟུམ་གྱི་ དངུལ་ཁང་མིན་པའི་ དངུལ་འབྲེལ་གཙུག་སྡེ་ཚུ་གིས་ སྤྱི་ལོ་༢༠༡༤ ལས་ སྐྱིན་འགྲུལ་གྱི་ལཱ་ཚུ་ མཚམས་འཇོག་འབད་དགོཔ་ འཐོན་འོང་ཟེར་ཨིན་པས།
ཁོང་ལུ་ ཚ་གྱང་ཡོད་རུང་ སྐྱིན་འགྲུལ་བྱིན་མི་ དངུལ་ཁང་འཚོལ་ནི་ལས་ གདམ་ཁ་གཞན་མེད་ཟེར་ ཨོ་རྒྱན་ཚེ་དབང་གིས་ སླབ་ཨིན་པས།
དངུལ་འབྲེལ་གྱི་ཐབས་བྱུས་ཚུ་ ཡར་དྲག་གཏང་ནིའི་དོན་ལུ་ དངུལ་ཁང་ལྟེ་བ་གིས་ ཐབས་ཤེས་ཚུ་ བཏོན་དོ་འོང་ཟེར་ སླབ་ཨིན་པའི་གནས་ཚུལ།


 
རྩོམ་བྲིས་ལས་བྱེདཔ།

No comments:

Post a Comment