གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འདས་པའི་ཟླཝ་༦ ནང་ ཨེཆ་ཨའི་བི་ནད་འབུབ་ཐོབ་མི་གསརཔ་༦ ངོས་འཛིན།

༢༧/༡༡/༢༠༡༢   ལོ་ངོ་༡༩ འི་ནང་འཁོད་ལུ་ ཨེཆ་ཨའི་བི་ནད་འབུབ་ཐོབ་མིའི་གྱངས་ཁ་༢༩༧ ལུ་ ཡར་འཕར་སོང་ནུག།
 ༉ གསོ་བའི་ལྷན་ཁག་གིས་ སྤྱི་ཟླ་༦ པ་ལས་༡༡ པའི་བར་ན་ དུས་ཡུན་ཟླཝ་༦ གི་ནང་འཁོད་ལུ་ ནད་གཞི་ཨེཌསི་གི་རྒྱུ་ ཨེཆ་ཨའི་བི་ནད་འབུབ་ཐོབ་མི་གསརཔ་༦ ངོས་འཛིན་འབད་ཡི་ཟེར་ ལྷན་ཁག་གི་ གནས་ཚུལ་གསར་བཏོན་ནང་བཀོད་ནུག།


ནད་འབུབ་ཐོབ་མི་གསརཔ་༦ གི་གྲས་ལས་༥ ཨམ་སྲུ་དང་༡ སྐྱེས་ལོ་༩ ལང་མི་ བུཚ་ཨིནམ་ད་ ཁོང་ག་ར་ སྐྱེས་ལོ་༩ ལས་༣༩ གི་བར་ན་ ལང་མི་ཚུ་ཨིན་པས།
མི་མང་འཕྲོད་བསྟེན་ལས་ཁུངས་ རྒྱལ་ཡོངས་ཨེཆ་ཨའི་བི/ཨེཌསི་དམ་འཛིན་ལས་རིམ་གྱི་ ལས་རིམ་འཛིན་སྐྱོང་པ་ རྣམ་རྒྱལ་ཚེ་རིང་གིས་ སླབ་མིའི་ནང་ ཨམ་སྲུ་༥ ལུ་ ཨེཆ་ཨའི་བི་ནད་འབུབ་ཐོབ་ཡོད་པའི་ ངོས་འཛིན་བྱུང་མི་དེ་ འཕྲལ་ཁམས་ཐོབ་ཐོབ་མིན་པར་ ཧེ་མ་ལས་ ཐོབ་ཡོདཔ་མ་ཚད་ སྐྱེས་ལོ་༩ ལང་མི་ བུཚ་དེ་ཡང་ ཨའི་གི་མངལ་ལས་བརྒྱུད་དེ་ ཐོབ་ནུག་ཟེར་ཨིན་པས།
ཨེཆ་ཨའི་བི་ཐོབ་མི་གསརཔ་༦ ངོས་འཛིན་འབད་མི་དང་བསྟུན་ སྤྱི་ལོ་༡༩༩༣ ལས་༢༠༡༢ ཀྱི་བར་ན་ འབྲུག་རྒྱལ་ཁབ་ནང་ ཨེཆ་ཨའི་བི་ནད་འབུབ་ཐོབ་མིའི་གྱངས་ཁ་༢༩༧ ལུ་ ལྷོད་ཡོད་མིའི་གྲས་ལས་༥༤ ལུ་ ཤི་རྐྱེན་བྱུང་ཡི་ཟེར་ གནས་ཚུལ་གསར་བཏོན་ནང་བཀོད་ནུག།
ད་རེས་ནངས་པ་ རྒྱལ་ཁབ་ནང་ ཨེཆ་ཨའི་བི་/ཨེཌསི་ནད་གཞི་ཐོག་ལུ་སྡོད་མི་ ནདཔ་༢༢༩ ཡོདཔ་ད་ དེ་གི་གྲངས་སུ་ ཕྱི་མི་༡༣ དང་ རྒྱལ་ཁབ་ཀྱི་ཕྱི་ཁར་ འབྲུག་མི་༡ སྡོད་མི་ མ་ཚུདཔ་ཨིན་པས།
སྙན་ཞུ་དང་འཁྲིལཝ་ད་ ད་ལྟོ་ ནདཔ་༡༠༠ ཚེ་སྲུང་སྨན་བཅོས་འབད་བའི་བསྒང་ཡོད་མི་དེ་ སྤྱི་རོ་༢༠༡༡ དང་ཕྱདཔ་ད་ བརྒྱ་ཆ་༤༥ དེ་ཅིག་ ཡར་སེང་སོང་ཡི་ཟེར་ གནས་ཚུལ་གསར་བཏོན་ནང་བཀོད་ནུག།
སྤྱི་ལོ་༡༩༩༣ ལུ་ འགོ་དང་པ་ ངོས་འཛིན་འབད་ཞིནམ་ལས་ཚུར་ ནད་གཞི་ཐོབ་མི་ཡོངས་བསྡོམས་ལས་ བརྒྱ་ཆ་༥༡ ཨམ་སྲུ་དང་ བརྒྱ་ཆ་༤༩ ཕོ་སྐྱེས་ཨིནམ་ད་ དེ་ཚུ་གི་གྲས་ལས་ ནད་གཞི་ཐོབ་མི་ བརྒྱ་ཆ་༩༠ དེ་ཅིག་ སྐྱེས་ལོ་༡༥ ལས་༤༩ གི་བར་ན་འབད་མི་ཚུ་ཨིན་པས།
སྙན་ཞུ་ནང་ བཀོད་པའི་ནང་གསལ་ ད་རེས་ནངས་ཕ་ འབྲུག་ལུ་ ཨེཆ་ཨའི་བི་ནད་འབུབ་ཐོབ་ཚད་ མི་འབོར་༡༠,༠༠༠ ལས་༣.༢ ཐོག་ལུ་ གནས་ཡོདཔ་ད་ ནད་འབུབ་ཐོབ་མི་དེ་ སྤྱི་ལོ་༢༠༠༤ ལས་ཚུར་ ལོ་བསྟར་བཞིན་དུ་ ཡར་སེང་སོང་ཡོད་རུང་ ནད་འབུབ་ཐོབ་མི་ རྩོད་དོན་གསརཔ་ཚུ་གི་ གྱངས་ཁ་མར་བབས་སོང་སྟེ་ཡོད་ཟེར་ཨིན་པས།
དེ་ལས་ རང་སོའི་ཁས་བླངས་ཐོག་ལས་ བརྟག་དཔྱད་དང་ བསླབ་སྟོན་གྱི་དོན་ལུ་ སྨན་ཁང་ནང་འོང་མིའི་ གྱངས་ཁ་ཡང་ ཡར་སེང་སོང་ཡོད་མི་དེ་ཡང་ སྤྱི་ལོ་༢༠༡༠ ལུ་ རང་སོའི་ཁས་བླངས་ཐོག་ལས་ བརྟག་དཔྱད་འབད་བར་ སྨན་ཁང་ནང་ མི་གྲངས་༦,༥༠༠ འོང་མི་དང་ཕྱདཔ་ད་ སྤྱི་ལོ་༢༠༡༡ ལུ་ མི་གྲངས་༡༤,༦༠༠ ལུ་ ཡར་འཕར་སོང་མི་དེ་ གསུབ་ལྟབ་དེ་ཅིག་ཨིན་པས།
རྣམ་རྒྱལ་ཚེ་རིང་གིས་འབད་བ་ཅིན་ སྤྱི་ལོ་༢༠༡༢ ལུ་ མི་གྲངས་༡༧,༧༠༠ བརྟག་དཔྱད་འབད་བར་ ལྷོད་མིའི་གྲས་ལས་༢༧ མ་གཏོགས་ ཨེཆ་ཨའི་བི་ནད་འབུབ་ཐོབ་ཡོད་པའི་ ངོས་འཛིན་མ་བྱུངམ་ལས་ སྤྱི་ལོ་༢༠༡༥ ལུ་ གསོ་བའི་ལྷན་ཁག་གིས་ ལོ་སྟོང་གོང་འཕེལ་དམིགས་ཡུལ་དེ་ འགྲུབ་ཚུགས་ནི་བཟུམ་ཡོད་ཟེར་ཨིན་པས།
གསོ་བའི་ལྷན་ཁག་གིས་ སྤྱི་ལོ་༢༠༡༥ ལས་ ཨེཆ་ཨའི་བི་ནད་འབུབ་དེ་ ཨའི་ལས་ཨ་ལུ་ལུ་ སྤེལ་ནི་དེ་ རྩ་མེད་གཏང་ནི་གི་ ཐབས་བྱུས་ལུ་ གཙོ་རིམ་བཟུང་ཐོག་ལས་ ནད་གཞི་ཐོབ་མི་གསརཔ་མེདཔ་བཟོ་ཐབས་ལུ་ དམིགས་གཏད་འབདཝ་ཨིན་པའི་གནས་ཚུལ།


རིག་འཛིན་དབང་ཕྱུག།

No comments:

Post a Comment