གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བཀྲིས་གཡང་རྩེ་ལས་ རྒྱལ་ཡོངས་ཚོགས་སྡེའི་དོན་ལུ་ དང་འདོད་གསལ་སྟོན་འབད་མི་དང་པ།

༣༠/༡༡/༢༠༡༢   ༉ ལོ་ངོ་༡༦ ལྷགཔ་ཅིག་ སློབ་གྲྭ་ཁག་ཚུ་ནང་ སློབ་དཔོན་དང་ སློབ་དབུ་འཛིན་གྱི་གོ་གནས་ཐོག་ ཕྱག་ཞུ་བའི་ཤུལ་ལུ་ ད་རེས་ ཤེས་རིག་ལྷན་ཁག་གི་ ཤེས་རིག་ལྟ་རྟོག་འགོ་དཔོན་གྱི་ གོ་གནས་ནང་ཡོད་མི་ བཀྲིས་ཕུན་ཚོགས་ཀྱིས་ ཞི་གཡོག་གི་ཞབས་ཏོག་ བློས་བཏང་ཐོག་ལས་ རྒྱལ་ཡོངས་ཚོགས་སྡེའི་ནང་ མི་སེར་གྱི་ངོ་ཚབ་སྦེ་ འབྲེལ་གཏོགས་འབད་ནིའི་དོན་ལུ་ དགོངས་ཞུ་འབད་ཡོདཔ་ཨིན་པས།


སྐྱེས་ལོ་༤༠ ཞེ་གྲངས་ནང་འབད་མི་ ཨ་ལུ་༤ གི་ཨ་པ་དེ་ བཀྲིས་གཡང་རྩེ་ ཡ་ལང་རྒེད་འོག་ལས་ཨིནམ་ད་ ཁོ་གིས་ ཁོ་རའི་ས་གནས་ཀྱི་ མི་སེར་གྱི་ངོ་ཚབ་སྦེ་ རྒྱལ་ཡོངས་ཚོགས་སྡེའི་འཐུས་མི་དོན་ལུ་ བཙག་འཐུའི་ནང་ དོ་འགྲན་འབད་ནི་ཨིནམ་ད་ དེ་ཡང་ གཡུས་མི་ཚུ་གིས་ ཁོ་ལུ་ དང་འདོད་བཀོད་དེ་ འབྲེལ་གཏོགས་འབད་དགོ་པའི་ རེ་བསྐུལ་འབད་མི་ལུ་བརྟེན་ ཞི་གཡོག་གི་ལཱ་འགན་དེ་ བློས་བཏང་ཡི་ཟེར་ ཁོ་གིས་བཤདཔ་ཨིན་པས།
ཁོ་གི་དགོངས་ཞུ་དེ་ ངོས་ལེན་གནང་ཐོག་ལས་ ཞི་གཡོག་གི་གནས་ཡུན་ སྤྱི་ཟླ་༡༡ པའི་ཚེས་༣༠ ལུ་ མཇུག་བསྡུ་ནི་ཨིནམ་ད་ ཧེ་མ་ར་ ཨ་ལུ་ཚུ་གི་ཆོས་རྒྱུགས་མཇུག་བསྡུ་ཞིནམ་ལས་ ཆོས་སྲུང་དང་རིམ་གྲོ་འབད་ནིའི་དོན་ལུ་ གཡུས་ཁར་འགྱོ་ནི་དང་  དེ་ཚུ་འབད་ཚར་བའི་ཤུལ་ལུ་ ལོག་འོང་སྟེ་ བཙག་འཐུ་དང་འབྲེལ་བའི་ ལཱ་ཚུ་འགོ་བཙུགས་ནི་ཟེར་ཨིན་པས།
ཁོ་གིས་ དངོས་ཁམས་རིག་པ་དང་ རྩིས་ནང་ མཐོ་རིམ་ཤེས་ཡོན་མཐར་འཁྱོལ་བའི་ཤུལ་ལུ་ ཤེས་རིག་འགོ་ཁྲིད་འཛིན་སྐྱོང་ལམ་ལུགས་ནང་ གཙུག་ལག་ཤེས་ཡོན་མཐར་འཁྱོལ་ཡོདཔ་བཞིན་དུ་ ཁོ་གིས་ རྒྱལ་ཡོངས་ཚོགས་སྡེའི་འཐུས་མི་དོན་ལུ་ དོ་འགྲན་འབད་ནི་གི་ དང་འདོད་བསྐྱེད་མི་དེ་ཡང་ ཚོགས་སྡེའི་འཐུས་མི་ གྲལ་ཁར་གཏོགས་ཞིནམ་ལས་ མི་སྡེ་ལུ་ཕན་པའི་བྱི་རིམ་ནང་ ལྷན་ཐབས་འབད་ཚུགས་པའི་རེ་བ་ལུ་ ཨིན་ཟེར་ཨིན་པས།
ཁོ་གིས་སླབ་མིའི་ནང་ ཚོགས་སྡེའི་འཐུས་མི་གིས་ ཚོགས་འདུའི་འཐུས་མི་བཟུམ་སྦེ་ ཐད་ཀར་དུ་ གཡུས་སྒོ་ཚུ་ནང་ ཟམ་དང་ སློབ་གྲྭ་ལ་སོགས་པ་ རྐྱབ་བྱིན་ནི་གི་ཁས་ལེན་འབད་ནི་ལུ་ རང་དབང་མེདཔ་ཨིན་རུང་ ཚོགས་འདུའི་འཐུས་མི་དང་ མཉམ་འབྲེལ་ཐོག་ལས་སྦེ་ ས་གནས་ལུ་ཕན་ཐོགས་ཚུགས་པའི་ གོ་སྐབས་ཡོདཔ་མ་ཚད་ གཙོ་བོ་ར་ ཁྲིམས་གཞུང་ག་ཅི་ར་ ཆ་འཇོག་གནང་རུང་ ཚོགས་སྡེའི་འཁྲི་འགན་ཡོདཔ་ལས་ མི་སྡེའི་བློ་འདོད་དང་བསྟུནམ་སྦེ་ འབྱུང་ཚུགསཔ་འབད་ནིའི་ འགན་འཁྲི་དེ་ གཙོ་རིམ་ཅན་ཅིག་ཨིན་ཟེར་བཤད་ཅི།
མི་མང་གི་མཐོང་སྣང་ལུ་ སྲིད་དོན་དེ་ ལེགས་ཤོམ་མེན་པའི་སྣང་ཚུལ་ཡོད་མི་ལུ་ ཁོ་གིས་ སླབ་མིའི་ནང་ ད་ཚུན་གྱི་རིང་ ཁོ་གིས་ ལྟ་རྟོག་འབད་མི་དང་འཁྲིལ་བ་ཅིན་ འབྲུག་ལུ་སྲིད་དོན་དེ་ ལེགས་ཤོམ་འགྱོ་དོ་ཟེར་ཨིན་རུང་ སྲིད་དོན་ནང་ འབྲེལ་གཏོགས་ཙམ་ཅིག་གི་དོན་ལུ་ གོ་སྐབས་ལེན་མི་ཡང་ དག་པ་ཅིག་འདུག་ཟེར་ཨིནམ་ད་ སྤྱིར་བཏང་ དད་དམ་གཙང་མའི་ཐོག་ལས་ ཕྱག་ཞུ་ནི་གི་དོན་ལུ་ གོ་སྐབས་ལེན་མི་མང་སུ་ཡོད་པའི་ དྲན་ཚོར་བྱུངམ་མས་ཟེར་ ཨིན་པའི་གནས་ཚུལ།


 
བསམ་གཏན་ཡེ་ཤེས།

No comments:

Post a Comment