གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མི་དབང་མཆོག་གིས་ མཐོ་རིམ་སློབ་གྲྭའི་ སློབ་ཕྲུག་ཚུ་ལུ་ བཀའ་སློབ་གནང་ཡོདཔ།

༡༦/༡༡/༢༠༡༢   ༉ ད་རེས་ནངས་པ་ རྒྱལ་ཁབ་ནང་ འགྱུར་བ་ལེ་ཤ་བྱུང་མི་དང་འཁྲིལ་ཏེ་ ལཱ་གཡོག་གི་གནས་སྟངས་དེ་ཡང་ དོ་འགྲན་ཅན་ཅིག་ལུ་ གྱུར་ཏེ་ཡོདཔ་ལས་ ན་གཞོན་ཚུ་གིས་ གནས་སྟངས་དང་བསྟུན་ ལྕོགས་གྲུབ་ཅན་སྦེ་ སྡོད་དགོཔ་ཁག་ཆེ་ཟེར་ ཁ་ཙ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ ཕུན་ཚོགས་གླིང་ རིན་ཆེན་སྡིངས་ཚན་རིག་དང་འཕྲུལ་རིག་མཐོ་རིམ་སློབ་གྲྭའི་ སློབ་ཕྲུག་ཚུ་ལུ་ གསུངས་གནང་ཡི།
ཁ་ཙ་ ཕུན་ཚོགས་གླིང་ལུ་ མི་དབང་རྒྱལ་བཙུན་རྣམ་༢ མཆོག་ རྒྱ་འབྲུག་མཐུན་འབྲེལ་ཚོགས་པའི་འཐུས་མི་ཚུ་དང་གཅིག་ཁར་ ལྷན་བཞུགས་གནང་པའི་བསྒང་།


དེ་མ་ཚད་ སློབ་ཕྲུག་ཚུ་ ཁྱད་རིག་ཅན་དང་ མ་འོངས་པའི་དོན་ལུ་ གྲ་སྒྲིག་ཅན་ཅིག་ལུ་ འགྱུར་ཚུགས་པའི་ རེ་བ་ཡོད་ཟེར་གསུངས་ཡི།
མི་དབང་མཆོག་གིས་ གསུངས་མིའི་ནང་ ཧེ་མ་ང་རང་ ཆུང་ཀུ་སྦེ་སྡོད་པའི་སྐབས་ ཡབ་དང་གཅིག་ཁར་ ཕྱག་ཞུ་སྟེ་ མི་སེར་ཚུ་དང་ འཕྱད་པར་འགྱོ་བའི་སྐབས་ མི་སེར་ཚུ་ རྐང་པར་ལྷམ་ཡང་ བཙུགས་ནི་མེདཔ་སྦེ་ མཐོང་ཡོདཔ་ཨིན་རུང་ ད་རེས་འབདཝ་ད་ འགྱུར་བ་རྒྱ་ཆེ་དྲགས་སྦེ་ སོང་ནུག་ཟེར་ཨིན་པས།
གལ་སྲིད་ ཁྱེད་ཚུ་གིས་ རང་སོའི་བསམ་དོན་ཚུ་འགྲུབ་ནི་ལུ་ སེམས་ཤུགས་སྦོམ་བསྐྱེད་དེ་ ལཱ་འབད་བ་ཅིན་ དེ་དང་གཅིག་ཁར་ དམིགས་དོན་གཞན་ཚུ་ཡང་ ལེ་ཤ་ར་ འགྲུབ་ཚུགས་ཟེར་ གསུངས་གནང་ཡི།
དེ་བཟུམ་སྦེ་ ད་རེས་ནངས་པ་ དུས་དང་བསྟུན་ གྱོན་ཆས་ཀྱི་རིགས་འབད་རུང་ ཕྱིའི་རྒྱལ་ཁབ་ཚུ་ནང་ལས་ ཁེ་ཏོག་ཏོ་དང་ འཇམ་ཏོང་ཏོ་སྦེ་ འཐོབ་ཚུགས་པའི་ གྱོན་ཆས་ཚུ་ ལེ་ཤ་ཅིག་ར་ ཐོན་དོ་ཡོདཔ་ལས་ སྟབས་བདེ་དྲགས་བྱུང་རུང་ རྒྱལ་ཁབ་ནང་ དེ་དང་བསྟུན་པའི་ དོ་འགྲན་ཚུ་ཡང་ བྱུངམ་མས་ཟེར་ཨིན་པས།
དེ་ཡང་ ཕྱིའི་རྒྱལ་ཁབ་ཚུ་ནང་ལས་ དེ་བཟུམ་མའི་ ཅ་ཆས་ཀྱི་རིགས་ཚུ་ ཐོན་སྐྱེད་འབད་བའི་བསྒང་ལས་ ལཱ་གཡོག་གི་གོ་སྐབས་ཚུ་ཡང་ ཁོང་གི་རྒྱལ་ཁབ་ནང་ འབྱུང་ནི་ཨིནམ་ལས་ ང་བཅས་རའི་ མ་འོངས་པའི་མི་སེར་ཚུ་གིས་ དེ་ལུ་ གདོང་ལེན་འབད་ཚུགས་པའི་ རེ་བ་ཡོད་ཟེར་ཨིན་པས།
ང་བཅས་རའི་ རྒྱལ་ཁབ་ནང་ ད་རེས་ སྒྲིང་ཁྱིམ་ཐོག་ཚད་༣ དང་༤ འབད་མི་ཚུ་ རྐྱབ་སའི་ཉེ་འདབས་ལས་ཕར་ སྣུམ་འཁོར་གྱི་ལམ་ཚུ་ ག་ནི་བ་ ལེགས་ཤོམ་སྦེ་བསལ་རུང་ སྣུམ་འཁོར་བཞག་སའི་ ས་ཁོངས་མེད་པའི་ དཀའ་ངལ་སྦོམ་ བྱུང་མི་དང་འཁྲིལ་བ་ཅིན་ ང་བཅས་ལུ་ དམིགས་གཏད་དང་ ཁས་ལེན་ དེ་ལས་ འཆར་གཞི་ཚུ་ ལེགས་ཤོམ་སྦེ་ བརྩམ་ཐངས་ཀྱི་རིག་རྩལ་ཚུ་ ཁག་ཆེ་བས་ཟེར་ཨིན་པས།
དེ་འབདཝ་ལས་ སློབ་ཕྲུག་ཚུ་གིས་ དོ་འགྲན་རྐྱངམ་གཅིག་མེན་པར་ རིག་རྩལ་ཅན་དང་ མ་འོངས་པའི་དོན་ལུ་ མནོ་བསམ་གཏང་ཤེས་དགོཔ་ ཁག་ཆེ་ཟེར་ཨིནམ་ད་ རྒྱལ་ཁབ་གཞན་ལུ་ བརྟེན་སྡོད་ནི་དེ་ཡང་ ལེགས་ཤོམ་ཅིག་མེན་ཟེར་ གསུངས་གནང་ཡི།
མི་དབང་མཆོག་གིས་འབད་བ་ཅིན་ ད་རེས་ཁོ་ར་ འབྲུག་རྒྱལཔོ་གི་ ཕྱག་འགན་བཞེས་ཏེ་་ གཞུང་དང་མི་སེར་ལུ་ ཕྱག་ཞུ་དོ་ཟེར་ཨིནམ་ད་ དེ་ནང་ ང་ར་རྐྱངམ་གཅིག་མེན་པར་ འབྲུག་མི་ག་ར་གིས་ མཉམ་རུབ་འབད་དགོ་ཟེར་ གསུངས་གནང་ཡི།
མི་དབང་མཆོག་གིས་ གསུངས་མིའི་ནང་ འབྲུག་མི་ཚུ་གིས་ ལཱ་འབད་བའི་སྐབས་ལུ་ ལཱ་བརྒྱ་ཆ་༧༠ ཚུན་ རྩ་འགེངས་ཏེ་འབད་ཞིནམ་ལས་ དེ་གི་ཤུལ་ལས་ ལཱ་མཇུག་མ་བསྡུ་བར་ བཀོ་བཞག་ནི་དེ་ མ་བཏུབ་ཅིག་འདུག་ཟེར་ཨིནམ་ད་ དེ་ཡང་ དཔེ་འབད་བ་ཅིན་ གལ་སྲིད་ ལྷ་ཁང་ཅིག་རྐྱབ་ནིའི་ལཱ་འབད་རུང་ ལཱ་བརྒྱ་ཆ་༧༠ ཚུན་ གྲུབ་འབྲས་མགྱོགས་དྲགས་སྦེ་ བཏོན་ཐོག་ལས་ དེ་ལུ་ སེམས་དགའ་ ངལ་རངས་སྡོད་པའི་བར་ན་ མཇུག་མ་བསྡུ་བར་ བཀོ་བཞག་ནི་འདུག་ཟེར་ཨིན་པས།
དེ་བཟུམ་སྦེ་ དམིགས་བསལ་དུ་ འབྲུག་པའི་ན་གཞོན་ཚུ་གིས་ རང་གིས་འབད་མི་ལཱ་ཚུ་ རང་གིས་མནོ་དོ་བཟུམ་སྦེ་ འགྱོ་མ་བཏུབ་པའི་སྐབས་ལུ་ ད་འབདན་ བཤོལ་བཞག་ནི་ཟེར་བའི་ ལོ་རྒྱུས་སླབ་ནི་དེ་ ཡོངས་གྲགས་ཅན་ཅིག་སྦེ་ཡོདཔ་ལས་ དེ་སྦེ་མ་འབད་བར་ ལཱ་ག་ཅི་ར་འབད་རུང་ སེམས་ཤུགས་བསྐྱེད་དེ་ར་ འབད་དགོ་ཟེར་ཨིན་པས།
མི་དབང་མཆོག་གིས་ སློབ་ཕྲུག་ཚུ་ལུ་ གསུངས་དོ་བཟུམ་འབད་བ་ཅིན་ སྤྱིར་བཏང་ ངབཅས་ར་མི་ཚུ་ ཧེ་མ་ ཆུང་ཀུ་འབད་སྡོད་པའི་སྐབས་ལུ་ དཀའཝ་སྤྱད་མི་དང་ མ་སྤྱད་མི་༢ ཀྱི་བར་ན་ ཁྱད་པར་སྦོམ་ཡོདཔ་ལས་ གལ་སྲིད་ སྐྱིད་སྡུག་སྦོམ་སྲིད་ཡོད་པ་ཅིན་ མི་དེ་ སེམས་ཤུགས་དང་ ལྡན་མི་ཅིག་ལུ་ འགྱུར་འོང་ཟེར་ཨིན་པས།
གལ་སྲིད་ ཁྱེད་ར་ཆ་ཁྱབ་ ཧེ་མ་ དཀའཝ་སྤྱད་པ་གིས་མ་ཚད་ ད་རེས་ཡང་ དཀའ་སྤྱད་བཞིན་དུ་ཡོད་རུང་ དེ་ཚུ་ མནོ་བསམ་བཏང་སྟེ་ སེམས་མ་ཤི་བར་ མནོ་བསམ་སྒྲིང་སྒྲིང་བཏང་སྟེ་ སྡོད་དགོ་ཟེར་ གསུངས་གནང་ཡི།
དེ་ཡང་ དུས་ནམ་ར་འབད་རུང་ ག་ཏེ་འབད་རུང་ མི་ལུ་ ཉམས་མྱོང་ཚུད་དགོཔ་དེ་ ཁག་ཆེ་ནི་དེ་གིས་ ཨིན་ཟེར་གསུངས་ཡི།
མི་དབང་མཆོག་གིས་ སློབ་ཕྲུག་ཚུ་ལུ་ ཞལ་བཀོད་གནང་མིའི་ནང་ ད་ལྟོ་ཚུན་ཚོད་ མི་དབང་ཁོ་ར་གིས་ མཛད་མི་ཕྱག་ལཱ་ཚུ་ མ་འཛོལ་མི་དེ་ཡང་ གཙོ་བོ་ར་ ཐུགས་བཞེད་གནངམ་ཅིག་ དེ་འཕྲོ་ལས་མ་འབད་བར་ དབྱེ་ཞིབ་ལེགས་ཤོམ་སྦེ་ གནང་ཞིནམ་ལས་ མཛད་མི་ལུ་བརྟེན་ཏེ་ ཨིནམ་མ་གཏོགས་ མི་གཞན་དང་མ་འདྲ་བའི་རིག་རྩལ་ཚུ་ ལོགས་སུ་སྦེ་ མེད་ཟེར་གསུངས་ཡི།
མཇུག་བསྡུ་བའི་སྐབས་ མི་དབང་མཆོག་གིས་ ང་ར་ རྒྱལ་ཁབ་ཀྱི་ དཔོན་ཅིག་ཨིནམ་ལས་ ཁྱེད་ཆ་ཁྱབ་ དགའ་ཏོག་ཏོ་སྦེ་ བཞག་ནི་ལས་ལྷག་སྟེ་ གཞན་ག་ཅི་ལུ་ཡང་བལྟ་སྟེ་ སེམས་དགའ་དགོཔ་མེད་ཟེར་ གསུངས་ཡོདཔ་ཨིན།
དེ་གི་ཤུལ་ལས་ མི་དབང་མཆོག་དང་གཅིག་ཁར་ ཕྱག་ཞུ་སྟེ་བྱོན་མི་ རྒྱལ་བཙུན་མཆོག་གིས་ འབྲུག་དང་རྒྱ་གར་མཐུན་འབྲེལ་ལས་ཚོགས་ཀྱི་ འཐུས་མི་ཚུ་དང་ དེ་གི་ཤུལ་ལས་ ཆུ་ཁ་རྫོང་ཁག་གི་འགོ་དཔོན་དང་ ས་གནས་གཞུང་གི་འགོ་དཔོན་ཚུ་དང་ མཇལ་ཕྲད་གནང་བའི་ཁར་ ཕུན་ཚོགས་གླིང་གི་ བསྟན་སྲུང་དམག་མི་ཚུ་དང་གཅིག་ཁར་ བཱསི་ཀེཊི་བཱོལ་གྱི་ རྩེད་འགྲན་ཅིག་ནང་ བཅའ་མར་གཏོགས་ཡོད་པའི་གནས་ཚུལ།


ཕུན་ཚོགས་གླིང་ལས་ ཉི་མ་དབང་འདུས།

No comments:

Post a Comment