གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྣུམ་འཁོར་གྱི་རྐྱེན་ངན་ནང་ ཕོ་སྐྱེས་ཅིག་ལུ་ཤི་རྐྱེན།

༢༡/༡༡/༢༠༡༢   ༉ སྤྱི་ཟླ་༡༡ པའི་ཚེས་༡༩ ལུ་ ཀྲོང་གསར་ཁྲོམ་ལས་ ཀི་ལོ་མི་ཊར་༢༠ ལྷགཔ་ཅིག་ལུ་ སྟག་རྩེ་རིག་གཞུང་མཐོ་རིམ་སློབ་གྲྭའི་འོག་ལུ་ སྣུམ་འཁོར་ཊུག་སཱན་ཅིག་ ལམ་འོག་ལས་མར་ མི་ཊར་༡༠༠ དེ་ཅིག་ རྦོབ་རིལ་མིའི་ རྐྱེན་ངན་ནང་ སྐྱེས་ལོ་༣༥ ལང་མི་ ཕོ་སྐྱེས་ཅིག་ སྨན་ཁང་ནང་ འབག་སྐྱེལ་བའི་ལམ་ཁར་ ཤི་རྐྱེན་བྱུང་ཡོདཔ་ཨིན་པས།


ཁྲིམས་སྲུང་འགག་པ་གིས་ སླབ་མིའི་ནང་ རྐྱེན་ངན་དེ་ ནུབ་མོའི་ཆུ་ཚོད་༡༠ དེ་ཅིག་ལུ་ བྱུང་ནུག་ཟེར་ཨིནམ་ད་ ཚེ་འདས་དང་གཅིག་ཁར་ ག་ཡོདཔ་ཨིན་ན་ མ་ཤེས་རུང་ མི་ཅིག་གིས་ གློ་བུར་བརྒྱུད་འཕྲིན་ཨང་༡༡༣ ནང་ ཐུག་རྐྱེན་བྱུང་བའི་སྐོར་ལས་ སྙན་ཞུ་འབད་ནུག་ཟེར་ཨིན་པས།
ཀྲོང་གསར་སྨན་ཁང་གི་ ཌོག་ཊར་ཅིག་གིས་ སླབ་མིའི་ནང་ ཚེ་འདས་དེ་ སྨན་ཁང་ནང་ལྷོདཔ་ད་ གཟུགས་ཁར་ ཁྲག་ལེ་ཤ་ཐོན་ནུག་ཟེར་ཨིནམ་ད་ སྲོག་སྐྱབས་འབད་ནི་གི་ དཔའ་བཅམ་རུང་ ཧེ་མ་ལས་ ཤི་སོ་ནུག་ཟེར་ཨིན་པས།
ཚེ་འདས་ལུ་ ཨ་ལུ་ཅིག་ཡོད་པའི་ཁར་ ཁོ་ར་ ཀྲོང་གསར་རྫོང་ཁག་གི་ མི་སྟོབས་འགོ་དཔོན་ཨིན་པས།
རྐྱེན་ངན་བྱུང་སའི་ ཉེ་འདབས་ལུ་སྡོད་མི་ཅིག་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཚེ་འདས་དང་གཅིག་ཁར་ མང་སྡེ་ཆུ་གློག་མེ་ལས་འགུལ་ནང་ལཱ་འབད་མི་ ཨམ་སྲུ་ཅིག་ཡོད་པའི་སྐོར་ལས་ གོ་ཡི་ཟེར་ ཨིན་པའི་གནས་ཚུལ།


 
ཀྲོང་གསར་ལས་ བཀྲ་ཤིས་བསྟན་འཛིན།

No comments:

Post a Comment