གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྐྱེས་ལོ་༧༥ ལང་མི་ ཨ་རྒས་ཅིག་ལུ་ བཙོན་ཁྲིམས་ལོ་༩ ལྷགཔ་ཅིག་ཕོག་ཡོདཔ།


དེ་ཡང་ ཁོ་གིས་ ལོ་ན་མ་སྨིན་པའི་ བུམོ་ཅིག་ལུ་ དབང་བཙོང་འདོད་སྤྱོད་ཐོག་ ཨ་ལུ་མཚེ་མ་བཟོ་ཡོདཔ་ཨིན་པས།
 
༢༩/༡༡/༡༢། ༉ སྐྱེས་ལོ་༧༥ ལང་མི་ ཨ་རྒས་ཅིག་གིས་ སློབ་ཕྲུག་བུམོ་ སྐྱེས་ལོ་༡༦ ལང་མི་ཅིག་ལུ་ དབང་བཙོང་འདོད་སྤྱོད་ཀྱི་ཐོག་ལས་ ཨ་ལུ་མཚེ་མ་བཟོ་བའི་ ཉེས་པ་ལུ་བརྟེན་ ཐིམ་ཕུ་རྫོང་ཁག་ཁྲིམས་ཁྲི་༤ གིས་ ཨ་རྒས་ལུ་ བཙོན་ཁྲིམས་ལོ་༩ ལྷགཔ་ཅིག་བཀལ་ནུག།

དེ་ཡང་ ཐིམ་ཕུ་འོད་གསལ་སྤང་ལུ་སྡོད་མི་ ཨ་རྒས་བ་པོ་ལ་དེ་ ཚན་རིག་བརྟག་དཔྱད་གྲུབ་འབྲས་ནང་ ཨ་ལུའི་ཨ་པ་ཁོ་ཨིན་པའི་ ངོས་འཛིན་བྱུང་མི་ལུ་བརྟེན་ཨིནམ་ད་ ཨ་རྒས་དེ་གིས་ ན་ཧིང་ སློབ་གྲྭ་ནང་འགྱོ་མི་ སློབ་ཕྲུག་བུམོ་དང་ དགའ་མཐུན་བྱུང་པའི་ཤུལ་ལས་ བུམོ་དེ་ལུ་ ཨ་ལུ་ཆགས་ཡོདཔ་ཨིན་རུང་ ཉམས་རྒུད་པའི་ ཕམ་གཉིས་ཀྱིས་ བུམོ་ལུ་ ཨ་ལུ་ཆགས་ཏེ་ ཟླཝ་༨ ལངམ་ད་ སྨན་ཁང་ནང་ལས་ ཨ་ལུ་༢ སྐྱེས་ནི་འདུག་ཟེར་ སླབ་པའི་སྐབས་རྐྱངམ་གཅིག་ ཤེས་རྟོགས་བྱུང་ཡོདཔ་ཨིན་པས།

དེ་ལས་ ཉམས་རྒུད་པའི་ ཨ་པ་གིས་ སྤྱི་ཟླ་༦ པའི་ཚེས་༢༠ ལུ་ ཐིམ་ཕུ་ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་འབད་བའི་ཤུལ་ལས་ རྩོད་ཟླ་དེ་ སྤྱི་ཟླ་༧ པའི་ཚེས་༥ ལུ་ འཛིན་བཟུང་འབད་དེ་ དོ་དམ་འོག་ལུ་ བཞག་ཡོདཔ་ཨིན་པས།


ཨིན་རུང་ རྩོད་ཟླའི་ཁ་ཐུག་ལས་ ལན་ཐེངས་༡ དང་༢ དེ་ཅིག་ བུམོ་དེ་དང་ ལུས་འབྲེལ་འབད་མི་དེ་ཡང་ བུམོ་མོ་ར་ ཁོ་གི་ཁྱིམ་ནང་ འོང་མི་ལུ་བརྟེན་ མོས་མཐུན་ཐོག་ ལུས་འབྲེལ་འབད་བ་མ་གཏོགས་ དབང་བཙོང་ལུས་འབྲེལ་འབད་འབདཝ་མེདཔ་མ་ཚད་ ཁོ་ར་ ལོ་ན་རྒས་མི་ལུ་བརྟེན་ ཨ་ལུ་བཀང་བྱིན་ནི་གི་ ལྕོགས་གྲུབ་ཡང་མེདཔ་ལས་ ཨ་ལུའི་ཨ་པ་ ཁོ་མེན་པའི་ དོགས་པ་ཡོདཔ་ལས་ གསོ་བའི་བརྟག་དཔྱད་ཅིག་ འབད་གནང་དགོ་པའི་ ཞུ་བ་ཕུལ་ཡོདཔ་ཨིན་པས།


ཉམས་རྒུད་པའི་ངོ་ཚབ་ རྩོད་དཔོན་ཡོངས་ཁྱབ་ཀྱི་ ཁྲིམས་རྩོདཔ་གིས་འབད་ཅིན་ བ་པོ་ལ་གིས་ སྤྱི་ལོ་༢༠༡༡ ཟླཝ་༦ པ་ལས་ སྤྱི་ཟླ་༡༢ པའི་བར་ན་ དབང་བཙོང་ལུས་འབྲེལ་ལན་ཐེངས་༢༥ དེ་ཅིག་ འབད་ནུག་ཟེར་ཨིན་པས།


རྩོད་ཟླ་བ་པོ་ལ་གིས་ ཞུ་བ་ཕུལཝ་བཞིན་དུ་ ཁྲིམས་འདུན་གྱིས་ཡང་ རྩ་ཕན་གཉིས་ཀྱི་བར་ན་ འབའ་གན་བཟོ་སྟེ་ ཁྲག་གི་དཔེ་ཚད་ཚུ་ བརྟག་དཔྱད་འབད་བར་ ཤྲཱི་ལངྐ་ལུ་ བསྐྱལ་བའི་ཤུལ་ལུ་ ཨ་ལོའི་ཨ་པ་དེ་ རྩོད་ཟླ་ཁོ་ར་ཨིན་པའི་ མངོན་གསལ་བྱུང་ཡོདཔ་ཨིན་པས།


སྤྱི་ཟླ་༡༡ པའི་ཚེས་༢༧ ལུ་བཏོན་མི་ འཁྲུན་ཆོད་ནང་ རྩོད་ཟླ་བ་པོ་ལ་ལུ་ ལོ་ན་མ་སྨིན་པའི་ བུམོ་ཅུང་ལུ་ དབང་བཙོང་ལུས་འབྲེལ་འབད་བའི་ བཙོན་ཁྲིམས་ལོ་༩ ཕོག་མིའི་གུ་ ཁྲག་གི་དཔེ་ཚད་བརྟག་དཔྱད་ཀྱི་དོན་ལུ་ འབའ་འགན་བཟོ་མི་དང་འཁྲིལ་ བཙོན་ཁྲིམས་ཐེབས་ཟླཝ་༣ འབག་དགོ་པའི་ ཁྲིམས་ཀྱི་བཀའ་རྒྱ་གནང་ནུག།


ད་རུང་ རྩོད་ཟླ་གིས་ ཉམས་རྒུད་པའི་ཨ་ལུ་༢ ཀྱི་གསོ་འཐུས་དེ་ཡང་ ཟླ་རིམ་བཞིན་དུ་ དངུལ་ཀྲམ་༡,༢༠༠ རེ་སྤྲོད་དགོཔ་ད་ དེ་ཡང་ ཨ་ལུ་༢ སྐྱེས་ལོ་༡༨ མ་ལང་ཚུད་ཚོད་  ལོ་རེར་དངུལ་ཀྲམ་༡༤,༤༠༠ རྩིས་ཏེ་ བསྡོམས་ཀྱིས་གསོ་འཐུས་དངུལ་ཀྲམ་༢,༥༩,༢༠༠ དེ་ ཨ་ལུ་མཚེ་མ་སྐྱེས་བའི་ཚེ་གྲངས་ལས་ འགོ་བཟུང་སྟེ་ འཁྲུན་ཆོད་གནང་བའི་ཉིན་མ་ལས་ ཟླཝ་༦ གི་ནང་འཁོད་ལུ་ སྟབས་གཅིག་ཁར་ སྤྲོད་དགོཔ་སྦེ་ཨིན་པས།


དེ་མ་ཚད་ རྩོད་ཟླ་གིས་ ལོ་ན་མ་སྨིན་པའི་ ཉམས་རྒུད་པ་དང་མཉམ་ འདོད་སྤྱོད་འབད་ཡོད་པའི་ མངོན་གསལ་བྱུངམ་ལས་ ཉམས་རྒུད་པའི་མི་ཚེ་ནང་ བརྗེད་མ་ཚུགས་པའི་ གནས་སྟངས་དང་ ངོ་ཚ་བའི་གཞི་གནད་ཅིག་ལུ་ གྱུར་ཡོདཔ་མ་ཚད་ ཡོན་ཏན་སྦྱང་བརྩོན་འབད་བའི་བསྒང་ལུ་ མི་ཚེ་འཕྲོ་བརླག་སོང་མི་ དེ་ལས་ ཕམ་དང་སློབ་དཔོན་ཚུ་ལུ་ སེམས་ཕམ་བྱུང་བའི་ གཞི་གནད་ལ་སོགས་པའི་ དཀའ་སྡུག་འདྲ་མིན་སྣ་ཚོགས་བྱུང་བཅུག་མི་ལུ་བརྟེན་ རྒུད་འཐུས་དངུལ་ཀྲམ་༥༠,༠༠༠ དང་ གསོ་སྨན་འཐུས་སྦེ་ དངུལ་ཀྲམ་༣༠,༠༠༠ འབདཝ་ད་ དངུལ་ཀྲམ་༨༠,༠༠༠ ཞག་གྲངས་༡༠ ནང་འཁོད་ལུ་ སྤྲོད་དགོཔ་སྦེ་ ཁྲིམས་ཀྱི་བཀའ་རྒྱ་གནང་ནུག།


ཉམས་རྒུད་པའི་ཕམ་ཡང་ འོད་གསལ་སྤང་ལུ་ སྡོདཔ་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment