གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

དབང་བཙོང་ལུས་འབྲེལ་འབད་ནི་ལུ་ དཔའ་བཅམ་པའི་དོགས་པ།

༢༤/༡༡/༢༠༡༢   ༉ དགེ་ལེགས་ཕུག་ལུ་ བུམོ་ཅུང་ཅིག་ལུ་ དབང་བཙོང་ལུས་འབྲེལ་འབད་ནི་གི་ དཔའ་བཅམ་མི་ དོགས་པ་ཡོད་མི་ ན་ཆུང་བུཚ་ཅིག་ ད་ལྟོ་ ཁྲིམས་སྲུང་འགག་པའི་ དོ་དམ་འོག་ལུ་ བཙུགས་ཡོདཔ་ཨིན་པས།


དེ་ཡང་ སྐྱེས་ལོ་༡༤ ལང་མི་ དོགས་ཅན་དགེ་སློང་དེ་གིས་ སྐྱེས་ལོ་༨ ལང་མི་ སློབ་རིམ་༡ པའི་ སློབ་ཕྲུག་བུམོ་ཅུང་དེ་ལུ་ དབང་བཙོང་ལུས་འབྲེལ་འབད་ནི་གི་ དཔའ་བཅམ་ཡོདཔ་ཨིན་པས།
སྤྱི་ཟླ་༡༠ པའི་ཚེས་༡༡ གི་ཕྱི་རུ་ སློབ་གྲྭའི་དུས་ཡུན་ རྫོགས་པའི་ཤུལ་ལས་ སློབ་ཕྲུག་བུམོ་དེ་ ཁྱིམ་ནང་འགྱོ་བའི་ལམ་ཁར་ སློབ་གྲྭའི་ཉེ་འདབས་ལུ་ དོགས་ཅན་དེ་གིས་ ལམ་གྱི་ཟུར་ཁར་ ཁྱིད་བདའ་ནུག་ཟེར་ ཉོགས་བཤད་བཀོད་མི་དེ་གིས་ སླབ་ཨིན་པས།
གནད་དོན་དེ་ ཁྲིམས་སྲུང་འགག་པ་གིས་ དགེ་ལེགས་ཕུག་གི་ ཁྲིམས་ཁང་ནང་ བསྐྱར་ཞིབ་འབད་ཡོདཔ་ད་ འདས་པའི་བདུན་ཕྲག་ནང་ ཁྲིམས་ཁང་གིས་ ཐོག་མའི་སྙན་གསན་ མཛད་ཡོདཔ་ཨིན་པས།
ཁོ་གིས་ དེ་ཚེ་ བུམོ་དེ་གི་ རྟིང་ཤུལ་བདའ་འགྱོ་སྟེ་ གོ་ལ་བཤུབ་བཏང་པའི་ཁར་ ནང་ནའི་ གོ་ལ་ཡང་ ཕུད་གཏང་ནི་གི་ དཔའ་བཅམ་པའི་སྐོར་ལས་ ཉོགས་བཤད་བཀོད་ཡོདཔ་ཨིན་པས།
བྱུང་རྐྱེན་དེ་གི་སྐོར་ལས་ གསོ་བའི་བརྟག་དཔྱད་འབད་ཡོད་རུང་ ལུས་འབྲེལ་འབད་ཡོད་པའི་ བདེན་རྟགས་ཚུ་ ག་ནི་ཡང་ མ་བྱུངམ་ཨིན་པས།
ཁྲིམས་སྲུང་འགག་པ་ལུ་ ཉམས་རྒུད་པའི་ ཕམ་ཚུ་གིས་ ཉིནམ་༤ གི་རྒྱབ་ལས་ སྤྱི་ཟླ་༡༠ པའི་ཚེས་༡༥ ལུ་ སྙན་ཞུ་འབད་ཡོདཔ་ཨིན་པས།
ཨིན་རུང་ ད་ལྟོ་ གནད་དོན་དེ་གི་ཐད་ཁར་ དོགས་ཅན་གྱི་ཁ་ཐུག་ལས་ ལན་གསལ་ལུ་ སྒུག་སྟེ་ཡོད་པའི་གནས་ཚུལ།



 
དགེ་ལེགས་ཕུག་ལས་ ཚེ་རིང་རྣམ་རྒྱལ།

No comments:

Post a Comment