གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྐང་འགྲུལ་པའི་ཉིནམ་ བསྒྱུར་བཅོས་འབད་ཡོདཔ།

༡༤/༡༡/༢༠༡༢   ༉ སྤྱི་ཟླ་༡༢ པའི་ཚེས་༢ ལས་ འགོ་བཙུགས་ཏེ་ རྐང་འགྲུལ་པའི་ཉིནམ་དེ་ ཟླ་རིམ་བཞིན་དུ་ རེས་གཟའ་ཟླ་བ་ དང་པ་ཚུ་གི་སྐབས་ལུ་ བརྩི་སྲུང་འབད་ནི་སྦེ་ ཁ་ཙ་ ལྷན་རྒྱས་གཞུང་ཚོགས་ཀྱི་ ཞལ་འཛོམས་ཐེངས་༡༤༦ པ་ འཚོགས་པའི་སྐབས་ལུ་ གྲོས་ཐག་བཅད་ཡོདཔ་ཨིན་པས།


ལྷན་རྒྱས་གཞུང་ཚོགས་ཀྱི་ བརྡ་དོན་དང་བརྡ་བརྒྱུད་སྡེ་ཚན་ལས་ གནས་ཚུལ་གསར་བཏོན་འབད་མི་དང་འཁྲིལཝ་ད་ ད་ལྟོ་ལག་ལེན་འཐབ་མི་ རྐང་འགྲུལ་པའི་ཉིནམ་ལུ་ མི་མང་གི་བསམ་འཆར་ཚུ་ ལེགས་ཤོམ་སྦེ་ བསྡུ་ལེན་འབད་མི་དང་འཁྲིལ་ཏེ་ གྲོས་ཐག་བཅད་ཡོདཔ་སྦེ་ཨིན་པས།
ཉིནམ་དེ་ལུ་ ཨ་རྟག་གི་ འཁོར་ལམ་བདའ་སྟེ་ འགྲུལ་སྐྱོད་འབད་མི་ མི་མང་སྐྱེལ་འདྲེན་བཱསི་ཚུ་དང་ གློ་བུར་གྱི་ལས་དོན་ གལ་ཅན་གྱི་ལས་སྣ་ དེ་ལས་ ལྟ་བཤལ་པའི་སྣུམ་འཁོར་ཚུ་ འགྲོ་འགྲུལ་འབད་ཆོག་ནི་ཨིན་པས།
དེ་དང་གཅིག་ཁར་ སྤྱི་ཟླ་༦ པའི་ཚེས་༥ ལུ་ འཛམ་གླིང་རང་བཞིན་གནས་སྟངས་ཀྱི་ ཉིནམ་ལུ་ སྣུམ་འཁོར་གཞན་ཚུ་ འགྲོ་འགྲུལ་འབད་མ་ཆོགཔ་ནི་ ཨིན་པའི་གནས་ཚུལ།


ཉི་མ་དབང་འདུས།

No comments:

Post a Comment