གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཕོ་སྐྱེས་ཅིག་གིས་ རང་སྲོག་བཅད་ཡོདཔ།

༡༥/༡༡/༢༠༡༢   ༉ ཨ་རྟག་འབད་བ་ཅིན་ རྒས་ཤོས་ཚུ་གི་གྲས་ལས་ རང་སྲོག་བཅད་མི་དེ་ དཀོན་དྲགས་ཅིག་ཨིན་རུང་ བདུན་ཕྲག་འདི་ནང་ དགེ་ལེགས་ཕུག་དྲུང་ཁག་ བསམ་གཏན་གླིང་རྒེད་འོག་ མོང་གར་ག་འུན་གཡུས་ཚན་ནང་ སྐྱེས་ལོ་༦༨ ལང་མི་ ཕོ་སྐྱེས་ཅིག་གིས་ རང་སྲོག་བཅད་ཡོདཔ་ཨིད་པས།


བྱུང་རྐྱེན་དེ་ཡང་ རེས་གཟའ་མིག་དམར་གྱི་ ཕྱི་རུའི་ཆུ་ཚོད་༦ དང་༧ གྱི་བར་ན་ དགེ་ལེགས་ཕུག་དང་ གསར་སྤང་གི་ གཞུང་ལམ་ཁ་ལས་ ཀི་ལོ་མི་ཊར་༢ དེ་ཅིག་གི་ས་ཁར་ ཁོ་རའི་ སྦ་སྒོར་ནང་བྱུང་ཡོདཔ་ད་ ཉམས་རྒུདཔ་དེ་གིས་ ཁང་མིག་གི་ སྒོ་སྒྲིག་ཤིང་གུ་ལས་ གྱིབ་ཀྱི་ཐགཔ་ ལག་ལེན་འཐབ་ཐོག་ལས་ ཨོལ་ལྐོག་དཔྱངས་ཏེ་ ཤི་ཡོདཔ་ཨིན་པས།
བྱུང་རྐྱེན་དེ་ མ་བྱུང་བའི་ཧེ་མར་ ཁྱིམ་ནང་ ཚེ་འདས་ཀྱི་གནས་ཚང་དང་ བུམོ་༢ ཚོད་བསྲེའི་ ལྡུམ་ར་ནང་ ལཱ་འབད་བར་ སོང་ཡོདཔ་ཨིན་པས།
ཚེ་འདས་ཀྱི་ སྤུན་ཆ་ཚུ་གིས་ ཁྲིམས་སྲུང་འགག་པ་ལུ་ ངག་བརྗོད་བཀོད་མི་དང་འཁྲིལཝ་ད་ ཁོང་མ་སྨད་༢ ཁྱིམ་ནང་ལྷོདཔ་ད་ ཨ་པ་ཉལ་སའི་ ཁང་མིག་དེ་ ནང་ན་ལས་ མནལ་ལྕགས་སྒྲིང་སྒྲིང་རྐྱབ་ནུག་ཟེར་ཨིནམ་ད་ སྒོ་ག་དེམ་ཅིག་བརྡུང་རུང་ ཕྱེ་མ་བཏུབ་པའི་ཤུལ་ལས་ སྒོ་སྒྲིག་ནང་ལས་ལྟཝ་ད་ ཤི་སོ་ནུག་ཟེར་ཨིན་པས།
དེ་གི་ཤུལ་ལས་ བུམོ་དེ་གིས་ བསམ་གཏན་གླིང་རྒཔོ་ལུ་ སྙན་ཞུ་འབད་ཡོདཔ་བཞིན་དུ་ རྒཔོ་གིས་ ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་འབད་ནུག།
རྐྱེན་ངན་མ་བྱུང་བའི་ཧེ་མར་ བཟའ་ཚང་གི་བར་ན་ སྟབས་མ་བདེཝ་ཚུ་ ག་ནི་ཡང་མེདཔ་ད་ ཚེ་འདས་ཕོ་སྐྱེས་དེ་ དེ་ཚེ་ ཉིན་མ་ལས་ར་ ཆང་འགྲངས་སོ་ནུག་ཟེར་ཨིན་པས།
ཁྲིམས་སྲུང་འགག་པ་གིས་འབད་བ་ཅིན་ ཚེ་འདས་ཀྱི་ ཨོལ་ལྐོག་ཁར་ ཐགཔ་གི་ཤུལ་མ་གཏོགས་ སྐྱོན་གཞན་མེད་རུང་ ད་ལྟོ་ ཞིབ་དཔྱད་ཚུ་ འབད་དོ་ཡོདཔ་ཨིན་པའི་གནས་ཚུལ།


དགེ་ལེགས་ཕུག་ལས་ ཚེ་རིང་རྣམ་རྒྱལ།

No comments:

Post a Comment