གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྤྱི་ལོ་༢༠༡༣ གྱི་བཙག་འཐུ་ནང་ ཚོགས་རྒྱན་བཙུགས་མིའི་ཚོད་རྩིས།

༢༦/༡༡/༢༠༡༢   ༉ འབྲུག་གི་སྲིད་ཚོགས་ཚུ་གིས་ མ་དངུལ་གྱི་ གནས་སྟངས་དང་བསྟུན་པའི་ སྐུལ་བསྒྲགས་འགོ་འདྲེན་འཐབ་ནིའི་དོན་ལུ་ གཙོ་བོ་ར་ ཚོགས་རྒྱན་བཙུགས་མི་གི་ མི་རློབས་ཀྱི་ཚད་གཞི་ལུ་ གཞི་བཞག་སྟེ་འབད་བ་ཅིན་ སྐུལ་བསྒྲགས་དོན་སྨིན་ཅན་ཅིག་ འབྱུང་ཚུགས་པའི་འོས་འབབ་དང་བསྟུན་ ཚོགས་རྒྱན་བཙུགས་མིའི་ མི་རློབས་ཀྱི་ཚོད་རྩིས་དེ་ མཐོ་ཤོས་ར་ ཤར་ཕྱོགས་ཀྱི་ ལུང་ཕྱོགས་ཚུ་ནང་ཡོད་པའི་ གསལ་སྟོན་འབདཝ་ཨིན་པས།


དེ་ཡང་ འགོ་ཐོག་གི་ བཙག་འཐུའི་སྐབས་ལུ་ ཐོ་བཀོད་ཅན་གྱི་ སྲིད་ཚོགས་ག་ར་གིས་ བཅའ་མར་གཏོགས་ཆོགཔ་བཞིན་དུ་ ཚོགས་རྒྱན་བཙུགས་མིའི་ མི་རློབས་ཀྱི་གནས་སྟངས་ལུ་གཞི་བཞག་སྟེ་ ཚོགས་རྒྱན་བཙུགས་མི་ཚུ་གིས་ ཡོངས་གྲགས་ཅན་གྱིས་སྲིད་ཚོགས་ཚུ་ལུ་ ཚོགས་རྒྱན་བཙུགས་ཐོག་ལས་ ཨང་དང་པ་དང་༢ པ་ཐོན་མི་༢ ཀྱིས་ མཐའ་མའི་ སྤྱི་ཚོགས་བཙག་འཐུའི་ནང་ འབྲེལ་གཏོགས་ཀྱི་ གོ་སྐབས་ཐོབ་ནི་ཨིན་པས།
བཙག་འཐུ་ལྷན་ཚོགས་ཀྱིས་ སྤྱི་ལོ་༢༠༡༣ གྱི་བཙག་འཐུ་ནང་ ཚོགས་རྒྱན་བཙུགས་མིའི་ཚོད་རྩིས་བཏོན་མི་དང་འཁྲིལཝ་ད་ ཐོ་བཀོད་ཅན་གྱི་ ཚོགས་རྒྱན་བཙུགས་མི་༤༠༠,༠༠༠ ལྷགཔ་ཅིག་ཡོད་མིའི་ནང་ལས་བརྒྱ་ཆ་༤༠ ཤར་ཕྱོགས་ཀྱི་རྫོང་ཁག་༦གི་ནང་ལས་ཨིན་པའི་ གསལ་སྟོན་འབདཝ་ཨིན་པས།
བཀྲིས་སྒང་རྫོང་ཁག་ནང་ ཐོ་བཀོད་ཅན་གྱི་ ཚོགས་རྒྱན་བཙུགས་མི་༤༤,༠༠༠ ཡོད་མི་དེ་ ཚོགས་རྒྱན་བཙུགས་མིའི་་གྱངས་ཁ་ མཐོ་ཤོས་ཨིན་པའི་ཁར་ མོང་སྒར་ལུ་ ཚོགས་རྒྱན་བཙུགས་མི་༣༢,༠༠༠ ཐོ་བཀོད་ཡོད་མི་དེ་ཨང་༣པ་ཨིན་པས།
དེ་ལས་ ཤར་ཕྱོགས་ལུང་ཕྱོགས་ཀྱི་ཤུལ་ལས་ ལྷོ་མཚམས་རྫོང་ཁག་བསམ་རྩེ་དང་ གསར་སྤང་ལུ་ ཚོགས་རྒྱན་བཙུགས་མི་ ཡོངས་བསྡོམས་༧༠,༠༠༠ དེ་ཅིག་ཡོད་པའི་ནང་ འབྲུག་གི་རྫོང་ཁག་ཚུ་གི་ནང་ལས་ ཚོགས་རྒྱན་བཙུགས་མི་ གྱངས་ཁ་ཨང་༢ པ་དེ་བསམ་རྩེ་ལུ་ཡོངས་བསྡོམས་༤༢, ༠༠༠ ལྷགཔ་ཅིག་ ཡོདཔ་ཨིན་པས།
དེ་འབདཝ་ད་ ཚོགས་རྒྱན་བཙུགས་མིའི་ ཐོ་བཀོད་དེ་ རྫོག་ཁག་སོ་སོའི་ནང་འབད་རུང་ མང་ཤོས་ར་ ཁྲོམ་སྡེ་ཚུ་ནང་ཡོདཔ་ལས་ སྲིད་ཚོགས་ཚུ་གིས་ སྐུལ་བསྒྲགས་ཀྱི་ གཙོ་རིམ་དང་པ་དེ་ ཁྲོམ་སྡེ་ཚུ་ལུ་ བྱིན་དགོཔ་ཡོད་ཟེར་ ལྟ་རྟོག་པ་ཚུ་གིས་ བཤདཔ་ཨིན་པས།
ཚོགས་རྒྱན་བཙུགས་མི་ ཉུང་ཤོས་ར་ མགར་ས་ལུ་༢༠༠༠ དང་ ཧཱ་ལུ་༧༥༠༠ ཡོདཔ་ཨིན་པའི་གནས་ཚུལ།


བསམ་གཏན་ཡེ་ཤེས།

No comments:

Post a Comment