གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྐྱེས་ལོ་༦ ལང་མི་ བུམོ་ཅུང་ཅིག་ བཙན་ཁྲིད་འབད་ཡོདཔ།

༢༨/༡༡/༢༠༡༢   དེ་བཟུམ་སྦེ་ བཙན་ཁྲིད་འབད་མི་ གཡུས་སྒོའི་རྩིསཔ་དེ་ཡང་ ད་ལྟོ་ ག་ཏེ་ཡོདཔ་ཨིན་ནའི་ ལོ་རྒྱུས་ཚུ་ མེདཔ་ཨིན་པས།

༉ སྤྱི་ཟླ་༡༡ པའི་ཚེས་༢༣ ལུ་ བསམ་གྲུབ་ལྗོངས་མཁར་གྱི་ ས་མཚམས་སྒོ་ར་ལས་ གོམ་ཐེངས་དག་པ་ཅིག་ཁར་ སློབ་གྲྭའི་འཛུལ་སྒོ་ཡོད་པའི་ཕྱི་ཁར་ལས་ བཙན་ཁྲིད་འབད་མི་ རྒྱ་གར་གྱི་ མི་ཁུངས་ཨིན་མི་ བློ་གསར་སློབ་རིམ་ནང་ དཔེ་ཆ་ལྷབ་མི་བུམོ་ སྐྱེས་ལོ་༦ ལང་མི་དེ་ ད་ལྟོའི་བར་ན་ཡང་ ག་ཏེ་ཡོདཔ་ཨིན་ནའི་ ལོ་རྒྱུས་ཚུ་ མེདཔ་ཨིན་པས།
བུམོ་ཅུང་དེ་ བསམ་གྲུབ་ལྗོངས་མཁར་ཁྲོམ་ནང་ སྲ་ཆས་ཚོང་ཁང་བཙུགས་སྡོད་མི་ རྒྱ་གར་གྱི་ མི་ཁུངས་ཨིན་མི་ཅིག་གི་ བུམོ་ཨིན་པས།
བུམོ་ཅུང་དེ་ དྲོ་པའི་ཆུ་ཚོད་༨.༡༥ ལུ་ སློབ་གྲྭ་ནང་ འགྱོ་བའི་སྐབས་ལུ་ བཙན་ཁྲིད་འབད་ཡོདཔ་ཨིན་པས།
བུམོ་དེ་གི་ ཨ་པ་གི་ ཁྱིམ་ཚང་ཚུ་གིས་ སླབ་མིའི་ནང་ མི་སྤུངས་འཛོམས་འབད་སའི་ གདོང་ཁ་ལས་ར་ ཕོ་སྐྱེས་༤ གིས་ སྣུམ་འཁོར་ འཁོར་ལོ་གཉིསམ་༢ བདའ་འོང་ཞིནམ་ལས་ ཐད་ཀར་དུ་ བུམོ་ཅུང་དེ་ འཐུ་འབག་སྟེ་ བྱོག་འགྱོ་བའི་སྐབས་ལུ་ ཐ་ན་ རྒྱ་གར་གྱི་ ཨེསི་ཨེསི་བི་ས་མཚམས་སྲུང་སྐྱོབ་དམག་མི་ཚུ་ཡང་ ས་གོ་ནང་ཡོད་ཟེར་ཨིན་པས།
རྒྱ་གར་གྱི་ ཨེསི་ཨེསི་བི་ས་མཚམས་སྲུང་སྐྱོབ་དམག་མི་ཚུ་ ཉིན་བསྟར་བཞིན་དུ་ ཨ་སམ་གྱི་ གཞུང་ལམ་ཚུན་ འབྲུག་པའི་སྣུམ་འཁོར་ཚུ་ལུ་ གནོད་ཉེན་མི་འབྱུང་ནིའི་དོན་ལུ་ སྣ་འཁྲིད་འབད་དེ་ བསྐྱལ་བར་འགྱོ་དོ་ཡོདཔ་ཨིན་པས།
སྙན་ཞུ་འབད་མི་ཚུ་གིས་ རྒྱ་གར་གྱི་ ཁྲིམས་སྲུང་འགག་པ་ལུ་ སླབ་མིའི་ནང་ བཙན་བཟུང་འབད་མི་ཚུ་གིས་ ཨ་ལུ་དང་གཅིག་ཁར་ ཁོང་ར་སྡོད་སའི་ ས་གོ་ཚུ་ སོར་ཏེ་ར་ སྡོདཔ་མས་ཟེར་ཨིན་པས།
ཁྱིམ་ཚང་ཅིག་གིས་ སླབ་མིའི་ནང་ བུམོ་ཅུང་བཙན་ཁྲིད་འབད་དེ་ ཉིནམ་༥ ལང་རུང་ བཙན་ཁྲིད་འབད་མི་ཚུ་གིས་ སྲོག་རིན་དགོ་པའི་སྐོར་ལས་ ཨ་པ་དེ་ལུ་ བརྒྱུད་འཕྲིན་མ་བཏང་པས་ཟེར་ཨིན་པས།
ཨིན་རུང་ རྒྱ་གར་གྱི་ ཁྲིམས་སྲུང་འགག་པ་གིས་ བཙན་ཁྲིད་འབད་མི་ཚུ་གི་གྲས་ལས་༡ ངོས་འཛིན་བྱུང་ཡོདཔ་ད་ དེ་ཡང་ སློབ་གྲྭའི་འཛུལ་སྒོ་ལས་ ཀི་ལོ་མི་ཊར་༡ དེ་ཅིག་ལུ་ ལྕགས་ཞྭམོ་བུད་སོ་ནི་དེ་གིས་ཨིན་པས།
ཁྱིམ་ཚང་ཚུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ བཙན་ཁྲིད་འབད་མི་ཚུ་ ཨ་སམ་ལུ་སྡོད་མི་ ཨ་དཱི་བ་ཤི་མི་རིགས་ཚུ་ ཨིནམ་ལས་བརྟེན་ ཁོང་ཆ་ཁྱབ་ལས་ བརྒྱུད་འཕྲིན་ལྷོད་ནི་ལུ་ བསྒུག་ནི་ཨིན་ཟེར་ཨིན་པས།
ད་རེས་ བུམོ་ཅུང་བཙན་ཁྲིད་འབད་བའི་ ཉོགས་བཤད་ཡི་གུ་ཅིག་ རྒྱལ་གཞུང་འབྲུག་གི་འགག་སྡེ་ལུ་ བཙུགས་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ སྤྱི་ཟླ་༡༡ པའི་ཚེས་༡༦ གི་ཕྱི་རུ་ གསར་སྤང་རྫོང་ཁག་ དགའ་སྐྱིད་གླིང་གཡུས་ཚན་ལས་ བཙན་ཁྲིད་འབད་མི་ གཡུས་སྒོའི་རྩིསཔ་དེ་ཡང་ ཁ་ཙ་ཚུན་ ག་ཏེ་ཡོདཔ་ཨིན་ནའི་ ལོ་རྒྱུས་ཚུ་ མེདཔ་ཨིན་པས།
རྩིསཔ་དེ་གི་ འགྲུལ་འཕྲིན་ནང་ འབྲེལ་བ་འཐབ་ནི་གི་ དཔའ་བཅམ་མི་ ཉེ་ཚན་ཚུ་གིས་ སླབ་མིའི་ནང་ འགྲུལ་འཕྲིན་ལག་ལེན་འཐབ་མ་བཏུབ་སྦེ་ བཟོ་བཞག་ནུག་ཟེར་ཨིན་པས།
གནོད་སྐྱོན་བྱུང་མི་ རྩིསཔ་གི་ཨམ་སྲུ་དེ་ སྤྱི་ཟླ་༡༡ པའི་ཚེས་༢༦ ལུ་ གསར་སྤང་སྨན་ཁང་ནང་ལས་ ལོག་བཏང་ཡོདཔ་ཨིན་པས།
དེ་ཡང་ དེ་ཚེ་ཕྱི་རུ་ མོ་རའི་རྨགཔ་དེ་ མི་ངན་ཚུ་གིས་ བཙན་ཁྲིད་འབད་བའི་སྐབས་ལུ་ མོ་གི་མགུ་ཏོ་གུ་ ཀྲོབ་མདའི་གཡུ་པ་གིས་ བླུགས་བྱིན་ཏེ་ ནདཔ་བཏོན་ཡོདཔ་ཨིན་པའི་གནས་ཚུལ།

No comments:

Post a Comment