གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ནགས་ཚལ་མེ་རྐྱེན་ནང་ སྟོང་ཕུ་ཤིང་གི་ས་ཆ་ ཨེ་ཀར་༣༠ དེ་ཅིག་ འཚིགས་ཡོདཔ།

༢༣/༡༡/༢༠༡༢   ༉ སྤུ་ན་ཁ་ མགུ་མ་རྒེད་འོག་ ལཱ་ཁུ་གཡུས་ཚན་ནང་ ནགས་ཚལ་མེ་རྐྱེན་ཤོར་མི་ལུ་བརྟེན་ སྟོང་ཕུ་ཤིང་ཨེ་ཀར་༣༠ དེ་ཅིག་ མེདཔ་བཏང་ཡོདཔ་ད་ ནགས་མེ་དེ་ ཁ་ཙ་ ཉིན་མའི་ཆུ་ཚོད་༢ དེ་ཅིག་ལུ་ བསད་ཚུགས་ནུག།
ནགས་མེ་ཤོར་བའི་བསྒང་།


མེ་རྐྱེན་དེ་ སྤྱི་ཟླ་༡༡ པའི་ཚེས་༢༠ ལུ་ ཉིན་མའི་ཆུ་ཚོད་༢ དང་ ཕྱེད་དེ་ཅིག་ལུ་ བྱུང་ཡོདཔ་ཨིན་པས།
མེ་རྐྱེན་བྱུང་ས་དེ་ འཁོར་ལམ་ལས་ ཁ་ཡར་ལྟ་ རྐང་སྟོང་སྦེ་ དུས་ཡུན་ཆུ་ཚོད་༢ དེ་ཅིག་ འགྱོ་དགོ་པའི་ས་ཁར་ བྱུང་ཡོདཔ་ལས་ མེ་བསད་ནི་ལུ་ བར་ཆད་རྐྱབ་ཅི་ཟེར་ སྤུ་ན་ཁ་རྫོང་ཁག་གི་ ནགས་ཚལ་འགོ་དཔོན་ བཀྲིས་དབང་ཕྱུག་གིས་ སླབ་ཨིན་པས།
ཁོ་གིས་འབད་བ་ཅིན་ མེ་རྐྱེན་དེ་ ནགས་ཚལ་ནང་ ཤིང་དྲ་མི་ཚུ་གིས་ བཏང་ཡོད་པའི་དོགས་པ་ཡོད་ཟེར་ཨིནམ་ད་ དེ་ཡང་ ཤིང་དྲ་མི་ཚུ་ མེ་རྐྱེན་བྱུང་སའི་ ཉེ་འདབས་ལུ་སྡོད་དོ་ཡོདཔ་ཨིན་པས།
ཨིན་རུང་ ད་ལྟོ་ ཞིབ་དཔྱད་ཚུ་ རྐྱབ་པའི་བསྒང་ཨིནམ་ལས་ ཏན་ཏན་སྦེ་ སླབ་མི་ཤེས་པས་ཟེར་ཨིན་པས།
ཁ་ཉིནམ་མེ་བསད་མི་ ནགས་ཚལ་གྱི་ ལས་བྱེདཔ་དང་ ས་གནས་ཀྱི་མི་༣༠ དེ་ཅིག་གིས་ མེ་བསད་ཚར་བའི་ཤུལ་ལས་ ད་རུང་ ཁ་ཙ་ ནགས་ཚལ་འགོ་དཔོན་༡༥ ལྷགཔ་ཅིག་གིས་ མེ་དུམ་གྲ་རེ་ལུས་མི་ཚུ་ བསད་ཡི་ཟེར་ བཀྲིས་དབང་ཕྱུག་གིས་ སླབ་ཨིན་པས།
གནམ་དགུན་གྱི་དུས་ཚོད་ འ་ནེམ་ཅིག་ཁར་ ནགས་ཚལ་མེ་རྐྱེན་བྱུང་མི་དེ་ཡང་ རྩྭ་སྐམ་ཚུ་ མེ་གཏང་ནིའི་དོན་ལུ་ ལ་ལུ་ཅིག་གིས་ དོན་ཅན་སྦེ་ར་ མེ་བཏངམ་མས་ཟེར་ ནགས་ཚལ་འགོ་དཔོན་ཚུ་གིས་ སླབ་ཨིན་པས།
མི་ཚུ་གིས་ གནམ་དགུན་གྱི་དུས་ཚོད་ལུ་ རྩྭ་སྐམ་ཚུ་ མེ་བཏང་མི་དེ་ཡང་ གནམ་བྱཱར་གྱི་དུས་ཚོད་ལུ་ རྩྭ་ལེགས་ཤོམ་སྦེ་ སྐྱེ་ཚུགས་ནི་དེ་གིས་ ཨིན་པའི་གནས་ཚུལ།



སྤུ་ན་ཁ་ལས་ བསྟན་འཛིན་རྣམ་རྒྱལ།

No comments:

Post a Comment