གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཕོ་སྐྱེས་༢ ལུ་ བཙོན་ཁྲིམས་ལོ་༣ དང་༦ གི་བར་ན་བཀལ་ཡོདཔ།

༢༧/༡༡/༢༠༡༢   ༉ དུས་ཅི་ སྤྱི་ཟླ་༦ པའི་ཚེས་༡༡ གི་ དྲོ་པ་ཁམས་ཅིག་ཁར་ ཐིམ་ཕུ་མུ་ཏིག་ཐང་ལུ་ ཨ་མཱན་ཀོ་ར་བཟའ་ཁང་ལས་ འཕྲོག་བཅོམ་འབད་མི་ ཕོ་སྐྱེས་ཅིག་ལུ་ བཙོན་ཁྲིམས་ལོ་༦ དང་ གཞན་མི་དེ་ལུ་ བཙོན་ཁྲིམས་ལོ་༣ བཀལ་ཡོདཔ་ཨིན་པས།


དེ་ཡང་ སྐྱེས་ལོ་༢༤ ལང་མི་ བློ་བཟང་ཉི་མ་གིས་ བཟའ་ཁང་དེ་ནང་ལས་ ཡུ་ཨེསི་ཌོ་ལར་དང་ ཡུ་རོ་ དེ་ལས་ དངུལ་ཀྲམ་༡༣༠,༠༠༠ ལྷགཔ་ཅིག་ འཕྲོག་བཅོམ་འབད་མི་ལུ་བརྟེན་ ཁོ་ལུ་ བཙོན་ཁྲིམས་ལོ་༦ བཀལ་ཡོདཔ་ཨིན་པས།
དེ་མ་ཚད་ བཟའ་ཁང་གི་ ནུབ་མོའི་ལས་བྱེདཔ་གིས་ ཏི་རུ་བཙུགས་བཞག་སའི་ ཉེན་སྲུང་ལྕགས་སྒྲོམ་གྱི་ལྡེ་མིག་ མ་བྱིན་པར་བཞགཔ་ད་ ཁོ་གིས་ གྱི་གསོབ་ནི་ཟེར་ གྱི་ཅུང་བཏོན་ཏེ་ འཇིགས་བསྐུལ་འབད་ཡོདཔ་ཨིན་པས།
བློ་བཟང་ཉི་མ་གིས་ ད་རུང་ ན་ཧིང་ སྤྱི་ཟླ་༡༡ པའི་ནང་ ནཱར་བྷ་དུར་ ག་ལེ་གིས་ ཨ་མཱན་ཀོ་ར་ལས་ ཡུ་ཨེསི་ཌོ་ལར་༡༤,༠༠༠ འཕྲོག་བཅོམ་འབདཝ་ད་ ཉེས་རོགས་འབད་ཡོདཔ་ལས་ བཙོན་ཁྲིམས་ཐེབས་ ལོ་༣ བཀལཝ་ད་ བསྡོམས་བཙོན་ཁྲིམས་ལོ་༦ ཕོག་ཡོདཔ་ཨིན་པས།
ཧེ་མ་ བློ་བཟང་ཉི་མ་གིས་ ཨ་མཱན་ཀོ་རའི་བཟའ་ཁང་ནང་ ཉམས་བཅོས་པའི་ ལཱ་འབད་དེ་ ལོ་༢ ལང་ཡོདཔ་ད་ སྤྱི་ཟླ་༦ པའི་ཚེས་༡༡ གི་ དྲོ་པའི་ཆུ་ཚོད་༣ དང་སྐར་མ་༤༥ ལུ་ བཟའ་ཁང་ནང་འཛུལ་ཏེ་ དངུལ་སྒྲོམ་ནང་ལས་ ཏི་རུ་གེ་ར་ བཏོན་འབག་ཡོདཔ་ད་ ནཱར་བྷ་དུར་ ག་ལེ་གིས་ སྒོ་ཁ་ལས་ མི་འོང་མ་འོང་ལྟ་སྟེ་ སྡོད་ཡོདཔ་ཨིན་པས།
སྐྱེས་ལོ་༣༡ ལང་མི་ ནཱར་བྷ་དུར་ ག་ལེ་ལུ་ ན་ཧིང་ སྤྱི་ཟླ་༡༡ པའི་ཚེས་༢༦ ལུ་ ཨར་རྐུན་འབད་བའི་ ཉེས་བྱ་དང་ སྤྱི་ཟླ་༦ པའི་ཚེས་༡༡ ལུ་ ཨར་རྐུན་འབདཝ་ད་ བློ་བཟང་ཉི་མ་ལུ་ ཆ་རོགས་དང་ ངན་བསྐུལ་འབད་ཡོདཔ་ལས་ བཙོན་འཐུས་བཏབ་མ་ཆོག་པའི་ བཙོན་ཁྲིམས་ལོ་༣ བཀལ་ཡོདཔ་ཨིན་པས།
ཨིན་རུང་ བློ་བཟང་ཉི་མ་ལས་ དངུལ་ཀྲམ་༤༢,༠༠༠ དང་ ནཱར་བྷ་དུར་ ག་ལེ་ལས་ དངུལ་ཀྲམ་༡༧,༠༠༠ ལོག་ཐོབ་ཡོདཔ་ད་ བློ་བཟང་ཉི་མ་གིས་ དངུལ་ཀྲམ་༨༠༠,༠༠༠ ལྷགཔ་ཅིག་དང་ ནཱར་བྷ་དུར་ ག་ལེ་གིས་ དངུལ་ཀྲམ་༧༠༠,༠༠༠ ལྷགཔ་ཅིག་ ཨ་མཱན་ཀོ་ར་ལུ་ སྤྲོད་དགོཔ་ཨིན་པའི་གནས་ཚུལ།

No comments:

Post a Comment