གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བེར་ཏི་གཡུས་ཚན་ནང་ ཡན་ལག་སློབ་གྲྭ་མེད་པའི་དཀའ་ངལ།

༢༨/༡༡/༢༠༡༢   སང་ཕོད་ཀྱི་ལོ་ནང་ བེར་ཏི་གཡུས་ཚན་ལས་ ཨ་ལུ་༡༠ དེ་ཅིག་ བློ་གསར་སློབ་རིམ་ནང་འཛུལ་ནི་གི་ ལོ་ཚད་ལང་ཡོདཔ་ལས་ ཕམ་ཚུ་ཚ་གྱང་ལང་སྟེ་ ཡོད་ཟེར་ཨིན་པས།
 ༉ གཡུས་ཚན་ནང་ ཡན་ལག་སློབ་གྲྭ་ཅིག་ མེད་པ་ལུ་བརྟེན་ གཞལམ་སྒང་རྫོང་ཁག་ ཀྲོང་རྒེད་འོག་ བེར་ཏི་གཡུས་ཚན་གྱི་ སློབ་ཕྲུག་ཨ་ལུ་ཚུ་ ཏིང་ཏི་སྦིས་ལུ་འགྱོ་དགོཔ་ལས་ སློབ་ཕྲུག་ཚུ་གི་ཕམ་ལ་ལུ་ཅིག་ ཁྱིམ་འཚོལ་ཏེ་ ཁང་གླར་བཞག་དོ་ཡོདཔ་ད་ ལ་ལུ་ཅིག་གིས་ ལྟག་མ་ལུ་སྡོད་མི་ ཁོང་རའི་ སྤུན་ཆ་ཚུ་དང་གཅིག་ཁར་ བཞག་དོ་ཡོདཔ་ཨིན་པས།
ཏིང་ཏི་སྦིས་ལུ་ ཨ་ལུ་ཕྱད་པར་འགྱོ་མི་ བེར་ཏི་གཡུས་ཚན་ལས་ སྐྱེས་ལོ་༣༢ ལང་མི་ གཅེས་གཅེས་ལ།


གཡུས་ཚན་དེ་ནང་ ཁྱིམ་གུང་༢༢ ཡོད་པའི་ཁར་ སློབ་གྲྭ་ནང་འགྱོ་མི་ ཨ་ལུ་༣༠ ལྷགཔ་ཅིག་ཡོདཔ་ཨིན་རུང་ གཡུས་ཚན་ནང་ ཡན་ལག་སློབ་གྲྭ་ཅིག་ཡང་མེདཔ་ལས་ ཕམ་ཚུ་ ཚ་གྱང་ལང་དོ་ཡོདཔ་ད་ དེ་ཡང་ ཨ་ལུ་ཆུང་ཀུ་ཚུ་ ཁོང་ར་རྐྱངམ་གཅིག་སྦེ་ བཞག་དགོ་ནི་དེ་གིས་ཨིན་པས།
དེ་མ་ཚད་ སང་ཕོད་ཀྱི་ ལོ་ནང་ཡང་ གཡུས་ཚན་དེ་ནང་ལས་ བློ་གསར་སློབ་རིམ་ནང་ འཛུལ་ཞུགས་འབད་མི་ ཨ་ལུ་༡༠ དེ་ཅིག་འཐོན་ནི་ཨིནམ་ལས་ དེ་ཚུ་ཡང་ ཧེ་མ་བཟུམ་སྦེ་ར་ སྤུན་ཆ་ཚུ་དང་ ཡང་ཅིན་ ཁང་གླ་ཁར་བཞག་དགོ་ནི་ཨིན་པས།
བེར་ཏི་ལས་ སྐྱེས་ལོ་༣༢ ལང་མི་ གཅེས་གཅེས་ལ་གིས་ མོ་རའི་ཨ་ལུ་༢ ཏིང་ཏི་སྦིས་འབྲིང་རིམ་སློབ་གྲྭ་བར་མའི་ནང་ དཔེ་ཆ་ལྷབ་དོ་ཡོདཔ་ལས་ གཡུས་ཁ་ལས་ འོང་དགོ་པ་ཅིན་ ཨ་རྟག་ར་ དྲོ་པ་ཧ་སག་ལས་ དུས་ཡུན་ཆུ་ཚོད་ལས་བཅད་དེ་ ལམ་འགྱོ་དགོཔ་ལས་ ཏིང་ཏི་སྦིས་ལུ་སྦེ་ ཁང་མིག་ཅིག་ གླ་ཁར་ལེན་ཏེ་ བཞག་དོ་ཟེར་ཨིནམ་ད་ ཁང་མིག་དེ་ལུ་ ཟླ་རིམ་བཞིན་དུ་ ཁང་གླ་དངུལ་ཀྲམ་༡༠༠༠ རེ་ སྤྲོད་དོ་ཟེར་ སླབ་ཨིན་པས།
མོ་གིས་ སླབ་མིའི་ནང་ ཆུང་ཤོས་ར་ བློ་གསར་སློབ་རིམ་ནང་ དཔེ་ཆ་ལྷབ་མི་ བུཚ་དེ་གིས་ འཕྲལ་འཕྲལ་སྦེ་ར་ ཕམ་དང་གཅིག་ཁར་ མ་སྡོད་ནི་དེ་གིས་ བཀྲ་མ་ཤེསཔ་འབདཝ་མས་ཟེར་ཨིནམ་ད་ འདས་པའི་བདུན་ཕྲག་ནང་ཡང་ མི་ཅིག་གི་ སྣུམ་འཁོར་ཨང་ལེབ་ མེདཔ་བཏང་ཡོདཔ་ལས་ བརྒྱུད་འཕྲིན་ལྷོད་དེ་ འགྱོ་དགོཔ་བྱུང་ཡི་ཟེར་ཨིན་པས།
དེ་བཟུམ་སྦེ་ གཡུས་ཚན་དེ་ལས་ སྐྱེས་ལོ་༢༦ ལང་མི་ པདྨ་བཟང་མོ་གིས་ཡང་ སྐྱེས་ལོ་༦ ལང་མི་ མོ་རའི་བུཚ་དེ་ དུས་ཅི་ སློབ་གྲྭ་ནང་བཙུགས་ཡོདཔ་ལས་ གཡུས་ལམ་ཐག་རིང་ནི་དེ་གིས་ ཏིང་ཏི་སྦིས་ཀྱི་ ཉེ་འདབས་ལུ་ཡོད་མི་ ལྟག་མ་གཡུས་ཚན་ནང་ ཁང་མིག་ཅིག་ གླ་ཁར་ལེན་ཏེ་ ཕོ་རྒནམ་དང་གཅིག་ཁར་ བཞག་སྟེ་ཡོད་ཟེར་ཨིན་པས།
མོ་གིས་ སླབ་མིའི་ནང་ གཡུས་ཚན་ནང་ སློབ་གྲྭ་མེདཔ་ལས་བརྟེན་ དཀའ་ངལ་སྦོམ་ཤོས་དེ་ར་ ཨ་ལུ་ཚུ་ སློབ་གྲྭ་ནང་ བཙུགས་ནི་དེ་ཨིནམ་ལས་ སློབ་གྲྭ་ཅིག་ ངེས་པར་དུ་ དགོཔ་འདུག་ཟེར་ཨིན་པས།
ཨཔ་གཞོན་པ་གིས་ སང་ཕོད་ཀྱི་ལོ་ནང་ གཡུས་ཚན་དེ་ལས་ ཨ་ལུ་༡༠ དེ་ཅིག་གིས་ བློ་གསར་སློབ་རིམ་ནང་འཛུལ་ནི་གི་ ལོ་ཚད་ལྷོད་ཡོདཔ་ལས་ ཕམ་ཚུ་ཚ་གྱང་ལང་སྟེ་ ཡོད་ཟེར་ཨིན་པས།
ཨ་ལུའི་ཕམ་ ཀརྨ་བཟང་མོ་གིས་ ལྟག་མ་ལུ་བཞག་མི་ མོ་རའི་ ཨ་ལུ་ཚུ་གི་དོན་ལུ་ འཕྲལ་འཕྲལ་སྦེ་ར་ རྒྱགས་སྐལ་བསྐྱལ་བར་འགྱོ་དོ་ཟེར་ཨིནམ་ད་ ཨ་ལུ་ཚུ་ བདུན་ཕྲག་མཇུག་ལུ་ ཚར་རེ་ལས་བརྒལ་ ཁྱིམ་ནང་འོང་ནི་མེད་ཟེར་ ཨིན་པས།
གནད་དོན་དེ་གི་སྐོར་ལས་ ཀྲོང་རྒེད་དྲུང་ སངས་རྒྱས་རྡོ་རྗེ་གིས་ སླབ་དོ་བཟུམ་འབད་བ་ཅིན་ གཡུས་ཚན་དེ་ ཏིང་ཏི་སྦིས་ལས་ ཀི་ལོ་མི་ཊར་༦ དེ་ཅིག་གི་ས་ཁར་ཨིན་རུང་ སློབ་གྲྭ་བཙུགས་ནི་གི་ འཆར་གཞི་མེད་ཟེར་ཨིནམ་ད་ གནད་དོན་ཅིག་ གཡུས་ཁའི་མི་ཚུ་གིས་ཡང་ སློབ་གྲྭ་གཞི་བཙུགས་འབད་དགོ་པའི་ ཞུ་བ་འབད་ནི་མིན་འདུག་ཟེར་ ཨིན་པའི་གནས་ཚུལ།


གཞལམ་སྒང་ལས་ བཀྲ་ཤིས་བསྟན་འཛིན།

No comments:

Post a Comment