གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མི་དབང་མཆོག་གིས་ བསམ་རྩེ་ལུ་ མི་རྩིས་ཀྱི་སྐྱིད་སྡུག་གནང་ཡོདཔ།

༡༩/༡༡/༢༠༡༢   ༉ བསམ་རྩེ་ཤེས་རིག་མཐོ་རིམ་སློབ་གྲྭའི་ སྦྱོང་བརྡར་བ་ པདྨ་དབང་མོ་གིས་ སླབ་མིའི་ནང་ ད་ཚུན་གྱི་རིང་ མོ་ལུ་ མི་ཁུངས་ངོ་སྤྲོད་ལག་ཁྱེར་མེད་མི་ལུ་བརྟེན་ མི་ཚུ་གིས་ ཉེ་རིང་ཕྱེད་ཡོདཔ་མ་ཚད་ གཞན་ཡང་ དཀའ་ངལ་ལེ་ཤ་ཅིག་ར་ བྱུང་ཡོདཔ་ཨིན་རུང་ ད་ལས་ཕར་ སེམས་ལུ་དགའ་བ་དང་ ཉེན་སྲུང་སྦོམ་སྦེ་ར་ བྱུང་ཡི་ཟེར་ཨིན་པས།


དེ་ཡང་ སྤྱི་ཟླ་༡༡ པའི་ཚེས་༡༧ ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ ལྷོ་མཚམས་རྫོང་ཁག་ཚུ་ནང་ གཟིགས་སྐོར་གནངམ་དང་འབྲེལ་ སློབ་ཕྲུག་ཚུ་ལུ་ སློབ་གཉེར་གྲོགས་རམ་གྱི་སྐྱིད་སྡུག་དང་ མི་རྩིས་ཀྱི་དཀའ་ངལ་ཡོད་མི་ཚུ་ལུ་ སྐྱིད་སྡུག་གནང་མི་དང་འཁྲིལ་ཏེ་ཨིན་པས།
པདྨ་དབང་མོ་གིས་ སླབ་དོ་བཟུམ་འབད་བ་ཅིན་ མོ་རའི་ ཕམ་གྱི་སྐབས་ལས་ར་ མི་རྩིས་འཛགས་ལུས་ཤོར་མི་ལུ་བརྟེན་ མོ་རའི་མ་འོངས་པའི་དོན་ལུ་ ཚ་གྱང་སྦོམ་སྦེ་ར་ འབག་དགོཔ་ཐོན་ཡི་ཟེར་ཨིན་པས།
དེ་མ་ཚད་ འབྲུགཔ་ཚུ་གི་བར་ན་ རང་ར་ཞན་པའི་ཚོར་སྣང་ཚུ་ བྱུང་ཡོདཔ་ཨིན་རུང་ སྐྱིད་སྡུག་དེ་ལུ་བརྟེན་ འབྲུག་མི་གཞན་ཚུ་དང་ ཅོག་ར་ཐདཔ་སྦེ་ མགུ་ཏོ་གནམ་ཁར་སེང་སྟེ་ སྡོད་ནི་ཨིན་ཟེར་ དགའ་སྤྲོའི་ངང་ལས་ ཀུན་གསལ་ལུ་ སླབ་ཨིན་པས།
དེ་བཟུམ་སྦེ་ སྐྱེས་ལོ་༡༩ ལང་མི་ བསམ་རྩེ་ཤེས་རིག་མཐོ་རིམ་སློབ་གྲྭའི་ སྦྱོང་བརྡར་བ་ ཇི་ན་ སིང་ཅུ་རི་གིས་ སླབ་དོ་བཟུམ་འབད་བ་ཅིན་ ད་རིས་ཀྱི་ཉིནམ་དེ་ མོ་གི་ མི་ཚེ་ནང་ བརྗེད་མ་ཚུགསཔ་ཅིག་ཨིན་ཟེར་ཨིནམ་ད་ ཧེ་མ་ མོ་ར་ ཆུང་ཀུ་ཅིག་སྦེ་ སྡོད་པའི་སྐབས་ མི་རྩིས་ཀྱི་དཀའ་ངལ་སྐོར་ལས་ ཚ་གྱང་སྦོམ་མ་ལངམ་ཨིན་རུང་ སྦོམ་འགྱོཝ་དང་བསྟུན་ ཚ་གྱང་ལང་དགོཔ་བྱུང་ཡི་ཟེར་ཨིན་པས།
མོ་གིས་སླབ་མིའི་ནང་ དམིགས་བསལ་དུ་ མོ་ར་ སློབ་རིམ་༡༢ པ་མཇུག་བསྡུ་ཞིནམ་ལས་ ཡོངས་འབྲེལ་ཐོག་ སློབ་སྦྱོང་གི་དོན་ལུ་ ཐོ་བཀོད་འབད་བའི་སྐབས་ ངོ་སྤྲོད་ལག་ཁྱེར་མེདཔ་ལས་ དཀའ་ངལ་སྦོམ་སྦེ་ར་ བྱུང་ཡི་ཟེར་ཨིནམ་མ་ཚད་ མོ་རའི་ ཨ་པ་དང་གཅིག་ཁར་ ཐིམ་ཕུའི་ཡིག་ཚང་ཚུ་ ག་ཏེ་ར་འགྱོ་རུང་ ག་གིས་ཡང་ ཆ་རོགས་འབད་མ་ཚུགས་ཟེར་ཨིན་པས།
ཨིན་རུང་ མཐའན་མཇུག་ཁར་ ཕྱི་མི་ནང་སྐྱོད་ལས་ཁུངས་ལས་ ཡིག་ཆ་ཅིག་ཐོབ་མི་ལུ་བརྟེན་ ད་རིས་ མཐོ་རིམ་སློབ་གྲྭ་ནང་ ལྷོད་ཚུགས་ཅི་ཟེར་ཨིན་པས།
ཨིན་རུང་ བསོད་ནམས་(མིང་སོར་ཡོདཔ)ཀྱི་ཐད་ཁར་ལྷོདཔ་ད་ གནད་དོན་དེ་ སོ་སོ་ཅིག་ཨིནམ་ད་ དེ་ཡང་ མོ་གིས་ གཞུང་གཡོག་ནང་ ལོ་ངོ་༡༢ ཕྱག་ཞུ་བའི་ཤུལ་ལུ་ འཕྲོ་མཐུད་ཤེས་ཡོན་སྦྱང་ཐོག་ལས་ རང་གིས་ཟད་འགྲོ་བཏང་སྟེ་ བསམ་རྩེ་ཤེས་རིག་མཐོ་རིམ་སློབ་གྲྭ་ནང་ འཛུལ་ཞུགས་འབད་ཡོདཔ་ཨིན་པས།
མོ་ར་ ད་རེས་ཁམས་ཅིག་ཁར་ རྨགཔ་དང་གཅིག་ཁར་ ཁ་བྱལ་ཡོདཔ་ལས་ སྲོབ་གྲྭ་ནང་འགྱོ་མི་ ཨ་ལུ་༢ མོ་རའི་གཡུས་ཁར་ ཕམ་༢ ཀྱིས་ ལྟ་དོ་ཡོདཔ་ད་ མོ་ར་སློབ་སྦྱོང་འབད་ནིའི་དོན་ལུ་ སྲིངམོ་དང་ རྨགཔ་ལས་ སྐྱེད་མེདཔ་སྦེ་ ཏི་རུ་ལེན་དོ་ཡོདཔ་ཨིན་པས།
མོ་གིས་འབད་བ་ཅིན་ སྒེར་གྱི་གནད་དོན་ཚུ་ལུ་བརྟེན་ དངུལ་ཁང་ཚུ་ལས་ ཤེས་རིག་གི་བསྐྱིན་འགྲུལ་ ལེན་མ་ཚུགསཔ་ལས་ ད་རེས་ དཀའ་ངལ་སྦོམ་སྦེ་ར་ བྱུངམ་མས་ཟེར་ཨིནམ་མ་ཚད་ མོ་རའི་སྲིངམོ་གི་ རྨགཔ་དེ་ཡང་ སྣུམ་འཁོར་བཏང་མི་ཅིག་འབདཝ་ལས་ ཁོང་ཡང་ ལཱ་ཁག་རྐྱབ་མས་ཟེར་ཨིན་པས།
དེ་བཟུམ་སྦེ་ མཐོ་རིམ་སློབ་གྲྭ་དེ་ནང་ ཟད་འགྲོ་རང་གིས་བཏང་སྟེ་ སྦྱོང་བརྡར་འབད་མི་ འཕྲིན་ལས་རབ་རྒྱས་ཀྱིས་ ད་རེས་ སློབ་གྲྭ་ངལ་གསོའི་སྐབས་ལུ་ ལཱ་འབད་དེ་ ཁོ་རའི་དོན་ལུ་ བསྐྱིན་འགྲུལ་ལེན་མིའི་སྐྱེད་ཚུ་ བཏབ་དགོཔ་ཡོད་ཟེར་ཨིན་པས།
མི་དབང་མཆོག་གིས་ མི་གྲངས་༢༡༥ ལུ་ སྐྱིད་སྡུག་གནང་ཡོདཔ་ད་ སློབ་ཕྲུག་༢༢ རྒྱལ་པོའི་ལྟོ་ཟས་སྦེ་ སྐྱིད་སྡུག་གནང་ཡི།
དེ་གི་སྐབས་ལུ་ མི་དབང་མཆོག་གིས་ ད་ལས་ཕར་ ང་གིས་ ཁྱེད་ཆ་ཁྱབ་ བདག་འཛིན་འཐབ་ནི་ཨིནམ་ལས་ ཁྱེད་ཀྱིས་ ཡོན་ཏན་ལྷབ་ནི་ལུ་ གཙོ་བོར་བཏོན་དགོ་ཟེར་ གསུངས་གནང་ཡི།
དེ་དང་གཅིག་ཁར་ མི་དབང་མཆོག་གིས་ མི་རྩིས་ཀྱི་དཀའ་ངལ་བྱུང་མི་ བསམ་རྩེ་ཤེས་རིག་མཐོ་རིམ་སློབ་གྲྭའི་ སློབ་ཕྲུག་༡༥ ལུ་ མི་ཁུངས་ཀྱི་ སྐྱིད་སྡུག་གནང་ཡོདཔ་མ་ཚད་ རྒཔོ་ཚུ་དང་གཅིག་ཁར་ མཇལ་ཕྲད་གནང་པའི་སྐབས་ ཁྱིམ་གུང་༩༢ ཀྱི་ མི་གྲངས་༡༧༨ ལུ་ མི་རྩིས་ཀྱི་ སྐྱིད་སྡུག་བཀའ་ཤོག་ཚུ་ རྒཔོ་ཚུ་ལུ་ གནང་ཡོདཔ་ཨིན་པའི་གནས་ཚུལ།



བསམ་རྩེ་ལས་ ཉི་མ་དབང་འདུས།

No comments:

Post a Comment