གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཨར་རྐུན་འབད་མི་བཟའ་ཚང་༢ ཁྲིམས་སྲུང་འགག་པའི་ དོ་དམ་འོག་ལུ་ར་ཡོདཔ།

༢༥/༡༠/༢༠༡༢   ༉ སྤྱི་ཟླ་༡༠ པའི་ཚེས་༡༧ གྱི་ཕྱི་རུ་ ཐིམ་ཕུ་ཁྲོམ་གྱི་ འབྲུག་ཤོ་པིང་ཀམ་པེ་ལེགསི་སྒྲིང་ཁྱིམ་གྱི་ ཚོང་ཁང་ནང་ལས་ ཅ་ཆས་ཨརཝ་རྐུ་མི་བཟའ་ཚང་གཉིསཔ་དེ་ བདུན་ཕྲག་ལང་སོ་རུང་ ད་ལྟོ་ཡང་ ཞིབ་དཔྱད་འབད་བའི་བསྒང་ཡོདཔ་ཨིན་པས།


ཁྲིམས་སྲུང་འགག་པའི་འགོ་དཔོན་གྱིས་ སླབ་དོ་བཟུམ་འབད་བ་ཅིན་ བྱ་ངན་དེ་ ཕྱི་རུའི་ཆུ་ཚོད་༥:༤༠ དེ་ཅིག་ཁར་ལག་ལེན་འཐབ་ཡོད་མི་ལུ་བརྟེན་ ཚོང་ཁང་ཇོ་བདག་གིས་ བརྒྱུད་འཕྲིན་ལྷོད་པའི་ཤུལ་ལུ་ ཞིབ་དཔྱད་འབད་བར་སོང་ཡི་ཟེར་ཨིན་པས།
གནད་དོན་དེ་གི་སྐོར་ལས་ ཚོང་དཔོན་དེ་ལུ་ དྲིས་ཞིབ་འབད་བའི་སྐབས་ མོ་གིས་ སླབ་དོ་བཟུམ་འབད་བ་ཅིན་ བྱ་ངན་འབད་མི་བཟའ་ཚང་༢ ཀྱིས་ ཚོང་ཁང་ནང་ ཚོང་ཉོ་བར་འོང་ཡོདཔ་ཨིན་རུང་ ཚོང་ཆས་ག་ནི་ཡང་མ་ཉོ་བར་ ཚོང་ཁང་ནང་གི་ ཚོང་ཆས་ཚུ་ལེགས་ཤོམ་སྦེ་ མིག་བཤལ་རྐྱབ་བལྟ་ཞིནམ་ལས་ ལོག་སོང་ཡི་ཟེར་ཨིན་པས།
མོ་ར་ཚོང་ཁང་གཞན་མིའི་ནང་ དངུལ་སྤྲོད་ནིའི་དོན་ལུ་ དུས་ཡུན་དག་པ་ཅིག་གི་རིང་ལུ་འགྱོཝ་ད་ བཟའ་ཚང་གཉིས་ཀྱིས་  མོ་གི་ཚོང་ཁང་ནང་ལས་ ཨརཝ་བརྐུ་ནུག་ཟེར་ཨིན་པས།
ཧཱ་རྫོང་ཁག་ལས་ཨིན་མི་ ཉེས་ཅན་ཕོ་སྐྱེས་དེ་ སྐྱེས་ལོ་༢༤ དང་ ཁོ་གི་གནས་ཚང་དེ་ སྐྱེས་ལོ་༢༩ ལང་མི་ ལྷུན་རྩེ་ལས་ ཨིན་པས།
ཁྲིམས་སྲུང་འགག་པ་གིས་ རྐྱེན་ངན་དེ་གི་སྐོར་ལས་ ཉེས་ཅན་བཟའ་ཚང་༢ ལུ་ དྲིས་ཞིབ་འབད་བའི་སྐབས་ ཁོང་བཟའ་ཚང་༢ དེ་ཚེ་ཕྱི་རུ་ གླུ་གར་གློག་བརྙན་ཁང་ནང་ གློག་བརྙན་བལྟ་བ་འོང་ཡོདཔ་ད་ དེ་སྐབས་ གློག་བརྙན་བལྟ་ནིའི་དུས་ཚོད་ དུམ་གྲ་ཅིག་ཡོདཔ་ལས་ ཁོང་གཉིས་ཀྱིས་ ཚོང་ཁང་ནང་ལས་ཕར་བཤལ་འགྱོ་བའི་སྐབས་ བྱ་ངན་གྱི་ལཱ་བྱ་འཐབ་ཡོདཔ་སྦེ་ སླབ་ཡོདཔ་ཨིན་པས།
ཨརཝ་བརྐུ་མི་ ཚོང་ཆས་དང་ ཏི་རུའི་བེག་ཚུ་ག་ར་ ད་ལྟོ་ཁྲིམས་སྲུང་འགག་པ་གིས་ རྩིས་ལེན་ཡོདཔ་ཨིན་པས།
དོགས་ཅན་བཟའ་ཚང་༢ པོ་དེ་ ད་ལྟོ་ དོ་དམ་འོག་ལུ་ དྲིས་དཔྱད་འབད་བའི་བསྒང་ཡོདཔ་ད་ དྲིས་ཞིབ་འབད་ཚར་བཞིནམ་ལས་ རྩོད་གཞི་ རྫོང་ཁག་ཁྲིམས་འདུན་ལུ་ གཏང་ནི་ཨིན་ཟེར་ ཨིན་པའི་གནས་ཚུལ།


སངས་རྒྱས་དཔལ་འབྱོར།

No comments:

Post a Comment