གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ནུབ་སྦིས་རྒེད་འོག་ལུ་ སྟག་གིས་ ནོར་བསད་པའི་འུར་བྱེལ་མེདཔ།

༢༣/༡༠/༢༠༡༢    ༉ ཀྲོང་གསར་རྫོང་ཁག་ ནུབ་སྦིས་རྒེད་འོག་གི་ གཡུས་ཚན་ཚུ་ནང་ སྒོ་ནོར་སེམས་ཅན་མང་རབས་ཅིག་ལུ་ གནོད་སྐྱོན་དང་ བསད་མི་ གཅན་གཟན་སྟག་གི་སྐོར་ལས་ ཉོགས་བཤད་བཀོད་མི་ མ་ཐོན་པར་ བདུན་ཕྲག་གསུམ་དེ་ཅིག་ ཡར་སོ་རུང་ མི་སེར་ཚུ་ སེམས་སྡུག་ཐོག་ལུ་ སྡོད་དོ་ཡོདཔ་ཨིན་པས།
གཅན་གཟན་སྟག་ལས་སྲུང་ནིའི་དོན་ལུ་ གཞུང་ལམ་བདའ་སྟེ་ནོར་འཚོ་སྡོད་མི།


རྡོ་གཞོང་དགོན་པའི་ཚོགས་པ་ དབང་ཕྱུག་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཁོ་རའི་སྤྱི་འོག་གི་ མི་སེར་ཚུ་གིས་ ཞག་གསུམ་དེ་ཅིག་གི་ཧེ་མར་ ནོར་སེམས་ཅན་ཚུ་ ཀྲོང་གསར་རྫོང་གི་ཉེ་འདབས་ལུ་ཡོད་མིའི་ ཨ་རིང་ནང་བཞག་ཡོད་རུང་ དེ་གི་ཧེ་མ་ཡང་ སྟག་གིས་ སྒོ་ནོར་སེམས་ཅན་ཚུ་ལུ་ གནོདཔ་བཀལ་བའི་ ལོ་རྒྱུས་མ་ཐོན་ཟེར་ཨིན་པས།
ཁོ་གིས་ ཀྲོང་གསར་ལས་ བུམ་ཐང་ཁ་ཐུག་ ཀི་ལོ་མི་ཊར་༩ དེ་ཅིག་གི་ས་ཁར་ཡོད་པའི་ ནའུ་ཀི་ལོ་ཟེར་ས་ སྤྱི་ཟླ་༩ པའི་ཚེས་༢༣ ལུ་ ཧིང་བཀལ་བཞག་མི་དེ་ ད་ལྟོའི་བར་ན་ཡང་ དེ་སྦེ་ར་འདུག་ཟེར་ཨིནམ་ད་ ས་ཁོངས་དེ་གི་ ཉེ་འདབས་ལས་ཕར་ སྟག་གིས་ ཚར་ཅིག་ཡང་མ་འོང་པས་ཟེར་ཨིན་པས།
ཐིམ་ཕུ་ལས་འོང་མི་ ནགས་ཚལ་སྡེ་ཚན་དེ་ ལོག་སོང་ཡོད་རུང་ ཁོ་གིས་ ཧིང་བཀལ་བཞག་མི་དེ་བལྟ་དགོཔ་སྦེ་ སླབ་མི་ལུ་བརྟེན་ ཉིནམ་གསུམ་དང་བཞི་གི་བར་ན་ ཚར་རེ་བལྟ་བར་འགྱོ་དོ་ཡོདཔ་ཨིན་རུང་ སེམས་ཅན་འོང་པའི་ རྟགས་མཚན་རང་མིན་འདུག་ཟེར་ཨིན་པས།
སེམས་ཅན་དེ་གིས་ སྤྱི་ཟླ་༩ པའི་ཚེས་༡༦ ལུ་ རྡོ་གཞོང་དགོན་པ་ལུ་ རྟ་ཅིག་བསད་དེ་ ཞག་དག་པ་ཅིག་གི་ཤུལ་ལས་ ནའུ་ཀི་ལོ་ལུ་ གླང་ཅིག་ལུ་གནོདཔ་བཀལ་ཡོདཔ་ད་ དེ་གི་ཤུལ་ལས་ ཀྲོང་གསར་ལས་ གཞལམ་སྒང་འགྱོ་སའི་གཞུང་ལམ་ཁར་ཡོད་པའི་ ཆུ་ཞི་སྤང་ཟེར་ས་ལུ་ ནོར་བསད་ཡོད་པའི་ ལོ་རྒྱུས་གོ་ཡོད་རུང་ ཚོགས་པ་ལུ་ དེ་གི་སྐོར་ལས་ སྙན་ཞུ་ཚུ་ག་ནི་ཡང་ མ་ལྷོད་ཟེར་ཨིན་པས།
སེམས་ཅན་གྱིས་ ནམ་འབད་རུང་ གནོདཔ་བཀལ་བའི་ ཚ་གྱང་གིས་ གཡུས་མི་ཚུ་གིས་ འདས་པའི་ཟླཝ་དག་པ་ཅིག་གི་རིང་ ནོར་སེམས་ཅན་ཚུ་ ཕྱི་རུ་ཁམས་ཅིག་ལས་ རང་སོའི་ཁྱིམ་གྱི་ ཉེ་འདབས་ལས་ཕར་ བཏགས་བཞག་དོ་ཡོདཔ་ད་ ལ་ལུ་ཅིག་གིས་ ཉིམ་མ་འཛུལཝ་ལས་ ནོར་ཚུ་གཞུང་ལམ་དང་ རང་སྡོད་སའི་ སྦོ་ལོགས་ཁར་ བཏགས་བཞག་སྟེ་ རྩྭ་ཚུ་བྱིན་བཞགཔ་ཨིན་པས།
དེ་མ་ཚད་ ནོར་ཚུ་ འཁོར་ལམ་བདའ་སྟེ་བཞག་མི་ཚུ་གིས་ ཕྱི་རུ་ སྟག་གིས་ གནོདཔ་མི་བཀལ་ནི་གི་ཐབས་ལུ་ ནོར་བཞག་ས་གི་མཐའ་སྐོར་ལུ་ གོ་ལ་ར་རྡུགས་ཚུ་གིས་ མི་གི་གཟུགས་བརྙན་ཚུ་བཟོ་སྟེ་ བཞག་དོ་ཡོདཔ་ད་ བོའུ་ཅུང་བཞག་ས་གི་ཁྱིམ་ཚུ་ཡང་ སྦ་ལེབ་ཚུ་གིས་སྐྱོར་ཏེ་ སེམས་ཅན་ཚུ་ ནང་ན་མ་ཐལཝ་སྦེ་ བཟོ་བཞག་དོ་ཡོདཔ་ཨིན་པས།
འཕྲལ་ཁམས་ཅིག་ཁར་ རྫོང་གི་ཉེ་འདབས་ལུ་བཞག་སྟེ་འབད་རུང་ ནོར་གྱི་ཇོ་བདག་ཚུ་གིས་ ཕྱི་རུ་སྲུང་སྡོད་དོ་ཡོདཔ་ད་ སྤྱི་ཚེས་༢༥ ལུ་ ཐིམ་ཕུ་ལས་ ནགས་ཚལ་འགོ་དཔོན་སྡེ་ཚན་ཚུ་ རྡོ་གཞོང་དགོན་པ་ལུ་འོང་དོ་ཡོདཔ་ལས་ དཀའ་ངལ་དེ་ཚུ་གི་སྐོར་ལས་ གསལ་ཞུ་འབད་ནི་གི་ རེ་བ་ཡོད་ཟེར་ གཡུས་ཁའི་མི་ཚུ་གིས་ བཤད་ཡོད་པའི་གནས་ཚུལ།


བུམ་ཐང་ལས་ བཀྲ་ཤིས་བསྟན་འཛིན།

No comments:

Post a Comment