གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྒྱ་གར་ལུ་ བི་རི་ཊེན་གྱི་གཞུང་ཚབ་ འབྲུག་རྒྱལ་ཁབ་ནང་ལྷོད་ཡོདཔ།

༢༦/༡༠/༢༠༡༢   ༉ ཁ་ཙ་ཉིན་མ་ རྒྱལ་ཡོངས་ཚོགས་ཁང་ནང་སྦེ་ རྒྱ་གར་ལུ་ བི་རི་ཊེན་གྱི་གཞུང་ཚབ་ སཱར་ ཇེམསི་ ཌེ་བིཌ་ བི་ཝཱན་གྱིས་ བསྟན་རྒྱས་བློན་པོ་ མཁའ་འགྲོ་དབང་ཕྱུག་མཆོག་དང་ མཇལ་ཕྲད་གནང་ཡོདཔ་ཨིན་པས།
གཞུང་ཚབ་ སཱར་ ཇེམསི་ ཌེ་བིཌ་ བི་ཝཱན་དང་ བསྟན་རྒྱས་བློན་པོ་ མཁའ་འགྲོ་དབང་ཕྱུག་མཆོག་ གསུང་གྲོས་གནང་གནང་པའི་བསྒང་།


བློན་པོ་མཁའ་འགྲོ་དབང་ཕྱུག་གིས་ དུས་ཅི་ སྤྱི་ཟླ་༤ པའི་ཚེས་༢ ལུ་ འཛམ་གླིང་སྤྱི་ཚོགས་ནང་སྦེ་ འབྲུག་གིས་ དགའ་སྐྱིད་ཀྱི་ གནད་དོན་ཐོག་ལུ་ ཆེ་རིམ་གྱི་ ཞལ་འཛོམས་ཅིག་ འགོ་འདྲེན་འཐབ་པའི་སྐབས་ བི་རི་ཊིཤ་གི་རྒྱལ་སྲས་ ཅཱལསི་གིས་ བི་ཌོ་ཐོག་ལས་ གསུང་འཕྲིན་གནངམ་མ་ཚད་ བི་རི་ཊིཤ་གི་ སྲིད་བློན་གྱིས་ ཁོ་རའི་ སྐུ་ཚབ་བཏང་མི་དེ་ལུ་ བཀའ་དྲིན་དགའ་ཚོར་ཡོད་ལུགས་ཚུ་ གསུངས་ཡོདཔ་ཨིན་པས།
སཱར་ ཇེམསི་ ཌེ་བིཌ་ བི་ཝཱན་གྱིས་ སླབ་མིའི་ནང་ འབྲུག་གིས་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་དོན་ལུ་ གལ་ཅན་གྱི་ འགན་ཁུར་འབག་དགོཔ་ཡོདཔ་མ་ཚད་ བི་རི་ཊིཤ་གི་ སྐུ་འཁོར་དང་ ཌེ་བིཌ་ ཀེ་མི་རཱུན་ཁོ་ར་ལས་ རྒྱབ་སྐྱོར་སྦོམ་ཡོད་ཟེར་ སླབ་ཅི་ཟེར་ཨིན་པས།
བི་རི་ཊེན་ལུ་ ང་བཅས་ཆ་ཁྱབ་ གྲུབ་མཐའ་བཟང་པོ་འདི་ ལག་ལེན་འཐབ་ནིའི་དོན་ལུ་ ཐབས་ལམ་ཚུ་ འཚོལ་དོ་ཟེར་ གཞུང་ཚབ་ཀྱིས་ བློན་པོ་མཁའ་འགྲོ་དབང་ཕྱུག་ལུ་ བཤདཔ་ཨིན་པས།
སཱར་ ཇེམསི་དང་ བློན་པོ་མཁའ་འགྲོ་དབང་ཕྱུག་གིས་ འབྲུག་གི་ དཔལ་འབྱོར་ཐོན་སྐྱེད་མགྱོགས་འགྲོས་དང་ གོང་འཕེལ་གྱི་ དམིགས་གཏད་དང་རེ་འདུན་ ཕྱི་ཁའི་མ་རྩ་ཐད་ཀར་བཙུགས་ནི་ དམངས་གཙོ་ དེ་ལས་ ཕན་ཚུན་གནད་དོན་གཞན་གྱི་ གསུང་གྲོས་ཚུ་གནང་ཡོདཔ་ཨིན་པས།
རེས་གཟའ་ལྷག་པའི་ཉིན་མར་ རྒྱལ་ཁབ་ནང་ལྷོད་མི་ སཱར་ ཇེམསི་ ཌེ་བིཌ་ བི་ཝཱན་གྱིས་ ཁ་ཙ་དྲོ་པ་ མུ་ཏིག་ཐང་གི་ ཕོ་བྲང་ནང་སྦེ་ འབྲུག་རྒྱལ་ཡོངས་ཁྲིམས་དོན་གཙུག་སྡེའི་གཙོ་འཛིན་ ཨ་ཞེ་བསོད་ནམས་བདེ་ཆེན་དབང་ཕྱུག་མཆོག་དང་ མཇལ་ཕྲད་ཞུ་ཡོད་པའི་གནས་ཚུལ།


རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment