གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཚོང་ཁང་ནང་ལས་ ཨར་རྐུན་འབད་མི་ བཟའ་ཚང་༢ འཛིན་བཟུང།

༡༩/༡༠/༢༠༡༢   ༉ སྤྱི་ཟླ་༡༠ པའི་ཚེས་༧ གྱི་ ཕྱི་རུའི་ཆུ་ཚོད་༧.༣༠ དེ་ཅིག་ཁར་ ཐིམ་ཕུ་ཁྲོམ་གྱི་ འབྲུག་ཤོ་པིང་ཀམ་པེ་ལེགསི་སྒྲིང་ཁྱིམ་གྱི་ འོག་ཐོག་ལས་ བཟའ་ཚང་༢ ཀྱིས་ ཚོང་ཆས་ཚུ་ ཨར་རྐུན་འབད་ཡོདཔ་ཨིན་པས།


ཁོང་བཟའ་ཚང་༢ ཀྱིས་ ཚོང་ཁང་དེ་ནང་ ཚོང་ཉོ་བར་འོང་ཡོདཔ་ཨིན་རུང་ དེ་བསྒང་ ཚོང་ཆས་ཚུ་ ལེགས་ཤོམ་སྦེ་ ལྟ་སྡོདཔ་མ་གཏོགས་ ཚོང་མ་ཉོ་བར་ ལོག་སོང་ཡོདཔ་ཨིན་པས།
ཚོང་ཁང་གི་ ཇོ་བདག་དེ་ ཚོང་ཁང་གཞན་ཅིག་ནང་ ཏི་རུ་རྩིས་རྐྱབ་པར་ སོང་བའི་སྐབས་ མོ་རའི་ཆ་རོགས་ལུ་ ཚོང་ཁང་བལྟ་གནང་ཟེར་ སླབ་སྟེ་སོང་ཡོདཔ་ཨིན་པས།
ཆ་རོགས་དེ་གིས་ ཚོང་ཆས་བཀྲམ་བཞག་མི་ཚུ་ བདེ་ཞིབ་རྐྱབ་སྡོད་པའི་སྐབས་ལུ་ ཏི་རུ་བཙུགས་སའི་ ལག་བེག་དེ་ གོ་ལ་དཔྱངས་སའི་རྒྱབ་ཁར་ དཔྱངས་བཞག་པའི་ཁར་ རིན་གོང་དངུལ་ཀྲམ་༦༠,༠༠༠ གནས་མི་ སྐུད་ཤུ་ཐགས་རས་དེ་ཡང་ སྡོད་ཁྲི་གུ་ བཞག་ཡོདཔ་ལས་ དོགས་ཅན་བཟའ་ཚང་༢ ཀྱིས་ ལོག་ཚོང་ཁང་དེ་ནང་ འོང་ཞིནམ་ལས་ རྒྱབ་ཁ་ལས་སྦེ་ ལག་བེག་དང་ དཀྱི་ར་བཙོང་ནིའི་དོན་ལུ་ བསྐྱལ་བཞག་མི་ཚུ་ འཐུ་འབག་སྟེ་ ཡར་སོཔ་ཨིན་པས།
དོགས་ཅན་༢ ཀྱིས་ བྱ་ངན་འབདཝ་ཨིན་པའི་ ཤེས་ཚོར་བྱུང་སྟེ་ མོ་རའི་ ཆ་རོགས་དེ་ འབོ་ཞིནམ་ལས་ རྟིང་ཤུལ་བདའ་འགྱོཝ་ད་ གནས་ཚང་དེ་ འཛིན་བཟུང་འབད་ཚུགས་རུང་ རྨགཔ་དེ་ བྱོག་ཡར་སོཔ་ཨིན་པས།
ཨམ་སྲུ་དེ་གི་ལགཔ་ལས་ སྐུད་ཤུ་ཐགས་རས་དང་ ནོརཐ་ཕེསི་ཇེ་ཀེཏ་ དེ་ལས་ དངུལ་ཁུག་ཅིག་ འཕྱོག་བཟུང་འབད་ཚུགས་རུང་ ཏི་རུ་བཙུགས་ཡོད་པའི་ ལག་བེག་དེ་ རྨགཔ་གི་ལག་པར་ ཚུད་ཡོདཔ་ཨིན་པས།
ཨིན་རུང་ གནས་ཚང་དེ་གི་ འགྲུལ་འཕྲིན་ཐོག་ལས་ བརྒྱུད་འཕྲིན་བཏང་ཞིནམ་ལས་ རྨགཔ་དེ་ཡང་ ཏཱཇི་ཟ་ཁང་གི་ གདོང་ཕྱོགས་ལས་ ནུབ་མོའི་ཆུ་ཚོད་༩ ལུ་འཛིན་བཟུང་འབད་ཡོདཔ་ཨིན་པས།
རྨགཔ་དེ་གིས་ བརྒྱུད་འཕྲིན་ནང་ སླབ་དོ་བཟུམ་འབད་བ་ཅིན་ ཁོང་བཟའ་ཚང་༢ ཀྱིས་ ཨར་རྐུན་འབད་མི་ ཅ་ཆས་ཚུ་ ལོག་བྱིན་ནི་ཨིན་རུང་ ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་མ་འབད་ཟེར་ གསོལཝ་བཏབ་མས་ཟེར་ ཚོང་དཔོན་དེ་གིས་ སླབ་ཨིན་པས།
ཏི་རུའི་ལག་བེག་ནང་ རུ་པི་༢༠,༠༠༠ དང་ དངུལ་ཀྲམ་༨༠,༠༠༠ དེ་ཅིག་ཡོད་ཟེར་ཨིནམ་ད་ མོ་གིས་ བཤད་དོ་བཟུམ་འབད་བ་ཅིན་ མོ་ར་ ནེ་པཱལ་ལུ་ ཚོང་བཏོན་པར་ འགྱོ་ནིའི་དོན་ལུ་ རུ་པི་སོར་བཞག་བཞགཔ་ཨིན་ཟེར་ཨིན་པས།
བྱང་སྟོར་ཤོར་མི་ ཚོང་ཆས་ཚུ་ ཁྲིམས་སྲུང་འགག་པ་གིས་ རྩིས་ལེན་ཏེ་ དོ་དམ་འོག་ལུ་ བཙུགས་བཞག་ཡོདཔ་ད་ དོགས་ཅན་༢ ཀྱིས་ བཟོད་གསོལ་འབད་མི་དང་བསྟུན་ ནང་འགྲིགས་འབད་ནིའི་ དཔའ་བཅམ་ཡོད་རུང་ ཁྲིམས་སྲུང་འགག་པ་གིས་ རྩོད་གཞི་དེ་ རྫོང་ཁག་ཁྲིམས་འདུན་ལུ་ གཏང་དགོ་པའི་ ལམ་ལུགས་ཡོད་ཟེར་སླབ་སྟེ་ ཁྲིམས་འདུན་ལུ་གཏང་ནི་སྦེ་ རྨགཔ་དེ་ དོ་དམ་འོག་ལུ་ བཞག་ཡོདཔ་ཨིན་པས།
རྩོད་གཞི་དེ་ རྫོང་ཁག་ཁྲིམས་འདུན་ལུ་ གཏང་ནི་ཨིན་རུང་ གནས་ཚུལ་ལས་ཁང་གིས་ དྲི་ཞིབ་འབད་མི་ལུ་ ད་ལྟོ་ ཁྲིམས་སྲུང་འགག་པའི་ཁ་ཐུག་ལས་ ཁ་གསལ་ཚུ་ ག་ནི་ཡང་ སླབ་མ་བཏུབ་ཨིན་པའི་གནས་ཚུལ།


སངས་རྒྱས་དཔལ་འབྱོར།

No comments:

Post a Comment