གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཕོ་སྐྱེས་ཅིག་བསད་ཡོདཔ།

༩/༡༠/༡༢། ༉ ཁ་ཙ་དྲོ་པ་ ལུང་བསྟན་ཕུག་ལུ་སྡོད་མི་ སྐྱེས་ལོ་༣༨ དེ་ཅིག་ལང་མི་ ཕོ་སྐྱེས་ཅིག་ ཁོ་རའི་བུ་ སྐྱེས་ལོ་༡༥ ལང་མི་དེ་གིས་ ཀྲོབ་མདའ་པེསི་ཏཱོལ་རྐྱབ་སྟེ་ བསད་ཡོདཔ་ཨིན་པས།
ཁྲིམས་སྲུང་འགག་པ་དང་ ཚེ་འདས་ཀྱི་བཟའ་ཚང་ཚུ་ ག་གིས་ཡང་ བྱུང་རྐྱེན་དེ་གི་སྐོར་ལས་ གསར་ཤོག་འདི་ལུ་ ལོ་རྒྱུས་ཚུ་ སླབ་མ་བཏུབ།

དེ་ཡང་ བཟའ་ཚང་གི་ བདག་དབང་ལུ་ཡོད་པའི་ པེསི་ཏཱོལ་དེ་ རྟ་ཤོར་སོཔ་ཨིན་ན་ ཡང་ཅིན་ གནད་དོན་གཞན་ལུ་བརྟེན་ རང་གི་ཉེན་སྲུང་དོན་ལུ་ ལག་ལེན་འཐབ་ཡོདཔ་ཨིན་ན་ གཏན་འཁེལ་མ་ཤེསཔ་ཨིན་པས།


གཞན་ལས་ ལོ་རྒྱུས་གོ་མི་དང་འཁྲིལཝ་ད་ བྱུང་རྐྱེན་དེ་ དྲོ་པའི་ཆུ་ཚོད་༥ དེ་ཅིག་ལུ་ བྱུང་ནུག་ཟེར་ཨིནམ་ད་ དེ་ཡང་ བུཚ་དེ་གི་ཨ་པ་ ལྷུན་གྲུབ་རྡོ་རྗེ་གིས་ ཁོ་རའི་ ཨམ་སྲུ་དང་ ཨ་ལུ་༢ ལུ་ འཇིགས་བསྐུལ་འབད་མི་ལུ་བརྟེན་ བུ་དེ་གིས་ པེསི་ཏཱོལ་ལག་ལེན་འཐབ་སྟེ་ ཨ་པ་བསད་ནུག་ཟེར་ ཨིན་པའི་གནས་ཚུལ།

No comments:

Post a Comment