གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ལས་མི་བྱོག་འགྱོ་མི་གིས་ ཁག་འབགཔ་ལུ་ དཀའ་ངལ་ཐོན་དོ་ཡོདཔ།

༢༠/༡༠/༡༢། ༉ སྤྱི་ཟླ་༡༠ པའི་ཚེས་༡༤ ལུ་ རྡོ་གདན་ནང་ ནང་པའི་མཐོ་རིམ་སློབ་གྲྭ་རྐྱབ་སའི་ ལས་མི་༥༤ དང་ དེ་གི་འགོ་འཛིན་འཐབ་མི་ཁག་འབགཔ་ཚུ་ བྱོག་སོང་ཡོད་མི་ལུ་བརྟེན་ ཐིམ་ཕུའི་ཁག་འབགཔ་གིས་ རྒྱ་གར་གཞུང་ཚབ་ཡིག་ཚང་ནང་ གནད་དོན་དང་འབྲེལ་བའི་ གྲོགས་རམ་འཚོལ་ཡོདཔ་ཨིན་པས།
ཁག་འབགཔ་གིས་སླབ་དོ་བཟུམ་འབད་བ་ཅིན་ གཟའ་ཟླ་ཨ་རྟག་ར་ ལས་མི་ཚུ་ ཁྲོམ་ཁར་ཉོ་ཚོང་རྐྱབ་པར་འགྱོ་དོ་ཡོདཔ་ལས་ དེ་ཚེ་ཡང་ གཟའ་ཟླཝ་འབད་ནི་དེ་གིས་ ཁྲོམ་ཁར་ འགྱོ་འགྱོཝ་འོང་ནི་མས་ཟེར་སྡོད་ཡོདཔ་ཨིན་རུང་ རྒྱ་གར་གྱི་ལས་མི་ཁག་འབགཔ་དེ་གིས་ ས་ཁོངས་ཡིག་ཚང་ནང་སོང་ཞིནམ་ལས་ ཆོག་ཐམ་ཚུ་ག་ར་འབག་སྟེ་ བྱོག་ཡར་སོ་ནུག་ཟེར་ཨིན་པས།

ཁག་འབགཔ་དཀོན་མཆོག་རྡོ་རྗེ་གིས་ ལས་སྡེ་ལས་ དངུལ་ཀྲམ་༡༠,༠༠༠,༠༠ བསྐྱི་འབག་མི་དེ་ ད་ལྟོའི་བར་ན་ཡང་ སྐྱིན་ཚབ་མ་སྤྲོད་པའི་ཁར་ ཁོ་གིས་ ལས་མི་ཁྱིད་འོང་ནི་ཨིན་ཟེར་ སྔོན་བྱིན་གྱི་མ་དངུལ་ཚུ་ལེན་འབག་ཡོད་རུང་  བཟོ་སྐྲུན་གྱི་དགོས་མཁོ་དང་བསྟུན་པའི་ ལས་མི་ཁྱིད་མ་འོང་པས་ཟེར་ཨིན་པས།
བཟོ་སྐྲུན་ལཱ་གི་ས་ཁོངས་ནང་ལས་ ཕྱི་མི་ལས་མི་ཚུ་གིས་ དེ་སྦེ་བྱོག་འགྱོ་ནི་དེ་ ད་རིས་འགོ་དང་པ་མེན་ཟེར་ཨིནམ་ད་ སྤྱི་ཟླ་༥ པའི་ནང་ ལས་མི་༧༠ དེ་ཅིག་གིས་ བྱོག་སོང་ཡོདཔ་ད་ ད་རུང་ སྤྱི་ཟླ་༦ པའི་ནང་ཡང་ ལས་མི་༡༠ བྱོག་སོང་ཡོད་མི་ཚུ་ རྟ་ནག་ལུངམ་གི་ བགེགས་སྲུང་སྒོ་ར་ལས་ ཁྲིམས་སྲུང་འགག་པ་གིས་འཛིན་བཟུང་འབད་དེ་ ལོག་ཁྱིད་འོང་ཡོདཔ་ཨིན་པས།
ཧེ་མ་བྱོག་འགྱོ་བའི་སྐབས་ ལས་མི་ཚུ་གིས་ ཀུན་གསལ་ལུ་སླབ་མིའི་ནང་ ས་ཁོངས་དེ་ ཁྲོམ་ལས་ཐག་རིང་བའི་ཁར་ ལཱ་འབད་སའི་ས་ཁོངས་ནང་ ཚོང་ཁང་༢ ལས་བརྒལ་མི་ལུ་བརྟེན་ སྟབས་མ་བདེཝ་ གནམ་མེད་ས་མེད་ཐོན་ཡོདཔ་མ་ཚད་ གནམ་བྱཱར་དགུན་མེད་པར་ གྱང་ནི་དེ་གིས་འབད་མ་ཚུགས་པར་ བྱོག་འགྱོ་དགོཔ་ཐོན་ཡི་ཟེར་ཨིན་པས།
ན་ཧིང་སྤྱི་ཟླ་༤ པའི་ནང་ བཟོ་སྐྲུན་གྱི་ལཱ་ འགོ་བཙུགས་ཞིནམ་ལས་ ལས་མི་༧༠༠ དེ་ཅིག་གིས་ བྱོག་སོང་མི་ལུ་བརྟེན་ ཁོང་ཆ་ཁྱབ་ཀྱི་དོན་ལུ་ དངུལ་ཀྲམ་འབུམ་ལས་བཅད་དེ་ གྱོང་རྒུད་ཕོག་ཅི་ཟེར་ ཁག་འབགཔ་གིས་བཤདཔ་ཨིན་པས།
ལས་མི་ཁག་འབག་གི་ གོང་ཚད་ཡང་ ཧེ་མ་ ཕིཊ་གྲུ་བཞི་ལུ་དངུལ་ཀྲམ་༡༧༥ སྦེ་སྒྲིག་ཡོདཔ་ཨིན་རུང་ གྲྭ་ཚང་ཚོགས་པའི་གྲོས་འཆར་ལྟར་ ཚར་༢ ཡར་སེང་འབདཝ་ད་ དངུལ་ཀྲམ་༢༣༠ ལུ་ལྷོད་ཡོདཔ་ཨིན་རུང་ ལས་མི་ཚུ་གིས་ སྡོད་མི་བཏུབ་པས་ཟེར་ཨིན་པས།
ཀེ་ཌི་བཟོ་སྐྲུན་ལས་སྡེ་གིས་ བཟོ་སྐྲུན་འབད་དོ་ཡོད་མི་ རྟ་མགོ་ནང་པའི་མཐོ་རིམ་སློབ་གྲྭ་དེ་ ཟླཝ་༡༨ དང་༢༠ འི་ནང་འཁོད་ལུ་ རྐྱབ་ཚར་དགོཔ་སྦེ་བཟོ་ཡོདཔད་ བཟོ་སྐྲུན་ལཱ་གི་གནས་གོང་དེ་ དངུལ་ཀྲམ་འབུམ་༡༡༥ གནས་དོ་ཡོདཔ་ཨིན་པས།
བདག་སྐྱོང་གི་ཡིག་ཚང་རྐྱབ་ནི་དེ་ དགའ་སེབ་བཟོ་སྐྲུན་ལས་སྡེ་ལུ་བྱིན་ཡོདཔ་ད་ ཁོང་ལུ་ཡང་ ལས་མི་ཚུ་བྱོག་འགྱོ་བའི་ དཀའ་ངལ་ཐོན་རུང་ ཀེ་ཌེ་བཟོ་སྐྲུན་བཟུམ་གྱི་ ཐབས་སྐྱོ་དྲག་སྦེ་མ་ཐོམ་ཨིན་པས།
དགའ་སེབ་བཟོ་སྐྲུན་ལས་སྡེ་གིས་ བཟོ་སྐྲུན་གྱི་ལཱ་ཚུ་ སྤྱི་ལོ་༢༠༡༠ ཟླ་༩ པ་ལས་ འགོ་བཙུགས་ཏེ་ དུས་ཅི་ སྤྱི་ཟླ་༦ པ་ཚུན་ལུ་ ལས་མི་༡༠༠ དེ་ཅིག་ བྱོག་སོང་ཡོདཔ་སྦེ་ གནས་ཚུལ་ཅིག་ནང་ བཀོད་འདུག་པའི་གནས་ཚུལ།

ནོར་འཛིན་ལྷ་མོ།


No comments:

Post a Comment