གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྦྱོང་བརྡར་འབད་མི་ཚུ་ འདྲོག་འཇིགས་ཐོག་ལུ་སྡོད་ཡོདཔ།

༡༨/༡༠/༢༠༡༢   ཁུ་རུ་ཐང་ལག་ཤེས་སྤེལ་ཁང་གིས་ ཆུ་བྱག་རྐྱབ་ནིའི་དོན་ལུ་ མ་དངུལ་གྱི་ གྲོས་འཆར་བཙུགས་མི་ལུ་ ངོས་ལེན་མེདཔ།
༉ གནམ་བྱཱར་གྱི་ དུས་ཚོད་ནང་ སྤུ་ན་གཙང་ཆུའི་ མཐའ་མར་ཡོད་མི་ ཁུ་རུ་ཐང་ལག་ཤེས་སྦྱོང་བརྡར་སྤེལ་ཁང་གི་ སློབ་སྟོན་པ་དང་ ལས་བྱེདཔ་ སྦྱོར་བརྡར་འབད་མི་ཚུ་ སེམས་ཚ་གྱང་ཐོག་ལུ་ སྡོད་དོ་ཡོདཔ་ཨིན་པས།
ཁུ་རུ་ཐང་ལག་ཤེས་སྦྱོང་བརྡར་སྤེལ་ཁང་གི་འོག་ལུ་ ཆུ་བྱག་རྐྱབ་ཡོད་རུང་ ཡོངས་རྫོགས་སྦེ་ མ་རྐྱབ་པར་ཡོད་མིའི་མཐོང་སྣང་།


མ་གཞི་ གཞུང་གིས་ ཉེན་སྐྱོབ་ཀྱི་དོན་ལུ་ སློབ་སྦྱོང་སྤེལ་ཁང་གི་འོག་ལུ་ གཙང་ཆུ་མཐའམ་བདའ་སྟེ་ རྒྱ་ཚད་མི་ཊར་ཕྱེད་དང་༢ དེ་ཅིག་དང་ མཐོ་ཚད་མི་ཊར་༣ ལྷགཔ་ཅིག་འབད་མི་ དེ་ལས་ ཕར་ཚུར་རིང་ཚད་མི་ཊར་༡༠༠ ལྷགཔ་ཅིག་འབད་མི་ གྱང་རྩིག་རྐྱབ་ཡོད་རུང་ བར་ན་ལས་ མི་ཊར་༡༠༠ དེ་ཅིག་ ས་སྟོང་སྦེ་ བཞག་མི་ལུ་བརྟེན་ ཚ་གྱང་ལངམ་མས་ཟེར་ སློབ་སྦྱོང་སྤེལ་ཁང་གི་ འགོ་དཔོན་ཚུ་གིས་ བཤདཔ་ཨིན་པས།
སྤྱི་ལོ་༢༠༠༩ ལུ་ གནམ་བྱཱར་གྱི་ ཆར་ཤུགས་ལུ་བརྟེན་ སྤུ་ན་གཙང་ཆུ་བྲེས་ཏེ་ ལག་གཡོག་སྦྱོང་བརྡར་སྤེལ་ཁང་གི་ ས་ཁོངས་དེ་ ཆུ་གིས་ གང་པའི་ཤུལ་ལས་ ཆུ་བྱག་རྐྱབ་ཡོདཔ་ཨིན་པས།
སློབ་སྦྱོང་སྤེལ་ཁང་གི་དབུ་འཛིན་ ཀུན་ལེགས་དཔལ་འབྱོར་གྱིས་ སླབ་མིའི་ནང་ གནམ་བྱཱར་གྱི་སྐབས་ལུ་ ཆུ་རུད་འཐོན་ནི་གི་ ཉེན་ཁ་སྦོམ་ཡོད་མི་ལུ་བརྟེན་ ལས་གཡོག་ལྷན་ཁག་གིས་ སྤྱི་ལོ་༢༠༠༩ ལུ་ གྱང་རྩིག་རྐྱབ་ཡོད་རུང་ བར་ན་མི་ཊར་༡༠༠ དེ་ཅིག་ ས་སྟོང་སྦེ་ལུས་ནི་དེ་གིས་ དུམ་གྲ་རེ་ ཚ་གྱང་ལངམ་མས་ཟེར་ཨིན་པས།
སྤེལ་ཁང་གིས་ ས་སྟོང་ལུས་མིའི་ནང་ གྱང་རྩིག་རྐྱབ་ནིའི་དོན་ལུ་ སྤྱི་ལོ་༢༠༡༢-༢༠༡༣ གྱི་ རྩིས་ལོ་ནང་ མ་དངུལ་དགོ་པའི་ གྲོས་འཆར་བཙུགས་ཡོད་མི་དེ་ ཆ་འཇོག་མ་འབད་བས་ཟེར་ དབུ་འཛིན་གྱིས་ བཤདཔ་ཨིན་པས།
སློབ་སྦྱོང་སྤེལ་ཁང་གི་ སློབ་ཕྲུག་ཅིག་གིས་ སླབ་མིའི་ནང་ གནམ་བྱཱར་གྱི་སྐབས་ སྤེལ་ཁང་ནང་ སེམས་སྐྱིད་ཏོང་ཏོ་སྦེ་ སྡོད་མི་ཚུགས་པས་ཟེར་ཨིན་པས།
སློབ་སྦྱོང་སྤེལ་ཁང་གི་ ས་ཁོངས་དེ་ ས་གཏེར་ལས་ཁུངས་ཀྱིས་ ཁྱེགས་མཚོ་རྦད་འོངམ་ད་ གནོད་ཉེན་ཅིག་ཨིནམ་སྦེ་ ངོས་འཛིན་འབད་མིའི་གྲངས་སུ་ ཚུད་ཡོད་མི་དེ་ཡང་ ལུང་ནག་ནང་ལས་ ཁུ་རུ་ཐང་ཚུན་ཚོད་དང་ ཁུ་རུ་ཐང་ལས་ དར་དཀར་ནང་རྫོང་ཁག་ ལྷ་མོའི་རྫིང་ཁ་ཚུན་ སྤུ་ན་གཙང་ཆུའི་མཐའམ་བདའ་སྟེ་ ཀི་ལོ་མི་ཊར་༡༤༧ གྱི་ནང་ ཉེན་ཁ་ཅན་གྱི་ མི་སྡེ་༢༡ ཡོད་པའི་ ངོས་འཛིན་འབད་ནི་དེ་གིས་ཨིན་པས།
སྤེལ་ཁང་གི་ དབུ་འཛིན་གྱིས་འབད་བ་ཅིན་ མ་གཞི་ གྱང་རྩིག་དེ་གིས་ ཁྱེགས་མཚོ་རྦད་དེ་ ཆུ་རུད་ཐོན་པ་ཅིན་ ཉེན་སྐྱོབ་འབད་ཚུགས་པར་ ལཱ་ཁག་འོང་ནི་ཨིན་རུང་ གཙང་ཆུ་བྲེས་མིའི་ ཉེན་ཁ་ལས་ བཀག་ཚུགས་པའི་ ནུས་པ་ཡོད་ཟེར་ཨིན་པས
རྐྱེན་ངན་འཛིན་སྐྱོང་འགོ་དཔོན་ཚུ་གིས་ སླབ་མིའི་ནང་ སྤུ་ན་གཙང་ཆུ་མཐའམ་བདའ་སྟེ་ སྡོད་མི་ཚུ་ལུ་ ཉེན་ཁ་སྦོམ་ཡོདཔ་ལས་ ཉེན་སྲུང་གི་དོན་ལུ་ ཉེན་བརྡའི་བརྡ་སྐད་༡༧ དེ་ཅིག་ གཞི་བཙུགས་འབད་ཡོདཔ་མ་ཚད་ ཉེན་སྐྱོབ་ཀྱི་དོན་ལུ་ ས་ཁོངས་ཚུ་ གྲ་སྒྲིག་སྦེ་ ངོས་འཛིན་འབད་དེ་ཡོད་པའི་ཁར་ མི་མང་ལུ་ གོ་བརྡ་ཚུ་ཡང་ སྤྲོད་དེ་ཡོད་ཟེར་ཨིན་པས།
ཨིན་རུང་ ཉེན་བརྡའི་ལམ་ལུགས་ གཞི་བཙུགས་འབད་ཡོད་པའི་སྐོར་ མི་མང་ཤོས་ཅིག་གིས་ མི་ཤེས་དོ་ཡོདཔ་ཨིན་པའི་གནས་ཚུལ།


ཚེ་རིང་རྣམ་རྒྱལ།

No comments:

Post a Comment