གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བློན་ཆེན་གྱིས་ རྒྱལ་སྤྱི་མཁའ་འགྲུལ་ཚོགས་སྡེའི་ཡོངས་ཁྱབ་དྲུང་ཆེན་དང་ མཇལ་ཕྲད་གནང་ཡོདཔ།

༡༦/༡༠/༢༠༡༢   ༉ བློན་ཆེན་འཇིགས་མེད་འོད་ཟེར་འཕྲིན་ལས་མཆོག་གིས་ ཁ་ཙ་ རྒྱལ་ཡོངས་ཚོགས་ཁང་ནང་ལུ་སྦེ་ རྒྱལ་སྤྱི་མཁའ་འགྲུལ་ཚོགས་སྡེའི་ ཡོངས་ཁྱབ་དྲུང་ཆེན་ རེ་མཱོན་བེན་ཇ་མིན་དང་གཅིག་ཁར་ མཇལ་ཕྲད་གནང་ཡི།
ཡོངས་ཁྱབ་དྲུང་ཆེན་ རེ་མཱོན་བེན་ཇ་མིན་དང་ བློན་ཆེན་འཇིགས་མེད་འོད་ཟེར་འཕྲིན་ལས་མཆོག།


བློན་ཆེན་མཆོག་གིས་གསུངས་མིའི་ནང་ འབྲུག་གཞུང་དང་ འབྲུག་པའི་མི་སེར་ཚུ་གིས་ རྒྱལ་སྤྱི་མཁའ་འགྲུལ་ཚོགས་སྡེའི་ མཉམ་འབྲེལ་དང་ རྒྱབ་སྐྱོར་ཚུ་ཐོབ་ཡོདཔ་མ་ཚད་ ཡོངས་ཁྱབ་དྲུང་ཆེན་ རྒྱལ་ཁབ་ནང་བྱོན་མི་ལུ་དགའ་ཚོར་ཡོད་ཟེར་ཨིནམ་ད་ ཞི་བའི་མཁའ་འགྲུལ་དེ་ ཆུང་ཀུ་ཅིག་ཨིན་པའི་ཁར་ དེ་གིས་ དཔལ་འབྱོར་གྱི་ཁྱད་པར་བཟོ་ཚུགསཔ་མ་ཚད་ སྲིད་དོན་གྱི་ཁྱད་པར་ཡང་ སྦོམ་སྦེ་ར་ཡོད་ཟེར་ཨིན་པས།
འབྲུག་གི་ལྟ་བཤལ་ཚོགས་སྡེ་འདི་ གོང་འཕེལ་རྒྱ་ཆེཝ་སྦེ་ར་འགྱོ་དོ་ཡོདཔ་ལས་ གཞུང་གིས་ སྤུས་ཚད་དང་ ཉེན་སྲུང་གི་གནས་ཚད་དང་ལྡན་པའི་ཐོག་ལས་ གོང་འཕེལ་གཏང་ནིའི་དམིགས་གཏད་ བསྐྱེད་དོ་ཟེར་ བློན་ཆེན་གྱིས་གསུངས་ཡི།
ཡོངས་ཁྱབ་དྲུང་ཆེན་ རེ་མཱོན་བེན་ཇ་མིན་དང་གཅིག་ཁར་ བེང་ཀོག་ལུ་ཡོད་པའི་ རྒྱལ་སྤྱི་མཁའ་འགྲུལ་ཚོགས་སྡེའི་ ལུང་ཕྱོགས་མདོ་ཆེན་ མོག་ཏར་ཨ་ཝཱན་གྱིས་འབད་བ་ཅིན་ གལ་གནད་ཅན་གྱི་གསུངས་གྲོས་ཚུ་ བརྡ་དོན་དང་བརྒྱུད་འབྲེལ་ལྷན་ཁག་དང་ ཞི་བའི་མཁའ་འགྲུལ་ལས་ཁུངས་དང་གཅིག་ཁར་ འཚོགས་དགོཔ་ ཡོད་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་  འབྲུག་གི་མཁའ་འགྲུལ་ལས་ཁུངས་ནང་ ཡུན་བརྟན་བདག་སྐྱོང་དེ་ གལ༌ཆེ་ཤོས་ཅིག་ཨིན་ཟེར་ཨིནམ་ད་ ལྟ་སྐོར་གྱི་དམིགས་དོན་ཅིགཔ་དེ་ འབྲུག་ལུ་ ད་ལྟོའི་གནས་སྟངས་ཚུ་གི་སྐོར་ལས་ ཧ་གོ་ཞིནམ་ལས་ ཡུན་རིང་དང་ ཡུན་ཐུང་གི་ གྲོགས་རམ་ཚུ་འབད་ནི་ཨིན་ཟེར་ཨིན་པས།
གངས་རི་ལྡན་པའི་རྒྱལ་ཁབ་ནང་ འཕུར་འགྲུལ་གྱི་གནས་སྟངས་ལུ་ དོ་འགྲན་ཅན་ཅིག་ཨིན་ཟེར་ཨིནམ་ད་ ཡོངས་ཁྱབ་དྲུང་ཆེན་གྱིས་འབད་བ་ཅིན་ ལས་བྱེདཔ་ཚུ་ གསརཔ་བཙུགས་ནི་དང་ སྦྱོང་བརྡར་བྱིན་ནིའི་སྐོར་ལས་ གྲོས་བསྟུན་ཚུ་འབད་དགོཔ་ ཡོད་ཟེར་ཨིན་པས།
ཁོང་གིས་ བརྡ་དོན་དང་ བརྒྱུད་འབྲེལ་ལྷན་ཁག་དང་ ཞི་བའི་མཁའ་འགྲུལ་ལས་ཁུངས་དང་གཅིག་ཁར་ མཉམ་འབྲེལ་ཐོག་ལས་ རྒྱབ་སྐྱོར་གྱི་ལཱ་ཚུ་ འབད་ནི་ཨིན་ཟེར་ཨིན་པས།
བློན་ཆེན་མཆོག་གིས་ རྒྱལ་སྤྱི་མཁའ་འགྲུལ་ཚོགས་སྡེའི་ རྒྱབ་སྐྱོར་དང་ མཉམ་འབྲེལ་འབད་ནི་ཨིན་མི་ལུ་ ངལ་རངས་ཡོད་ཟེར་ གསུངས་ཡོད་པའི་གནས་ཚུལ།

རྩོམ་བྲིས་ལས་བྱེདཔ།

No comments:

Post a Comment