གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ད་རུང་ ཞལ་འདེབས་ཁ་སྐོང་ ཡུ་ཨེསི་ཌོ་ལར་༡༠,༠༠༠ ཕུལ་ཡོདཔ།

༢༣/༡༠/༢༠༡༢    ༉ ཁ་ཙ་ རྒྱལ་ཡོངས་ཚོགས་ཁང་ནང་སྦེ་ ཇ་པཱན་ལུ་ ཡོ་ཀོ་ཧ་མ་དང་ འབྲུག་མཐུན་འབྲེལ་ཚོགས་པའི་ ཁྲི་འཛིན་འོག་མ་ ཨམ་ཡུ་ཀོ་ཀི་ མི་ཡ་ཛ་ཝ་གིས་ བློན་ཆེན་གྱི་འགན་འཛིན་པ་ ཞབས་ཏོག་བློན་པོ་ ཡེ་ཤེས་སྦྱིན་པ་ལུ་ དབང་འདུས་ཕོ་བྲང་རྫོང་ བསྐྱར་བཞེངས་ཀྱི་དོན་ལུ་ ཞལ་འདེབས་ཁ་སྐོང་ ཡུ་ཨེསི་ཌོ་ལར་༡༠,༠༠༠ ཕུལ་ཡོདཔ་ཨིན་པས།
ཨམ་ཡུ་ཀོ་ཀི་ མི་ཡ་ཛ་ཝ་གིས་ བློན་ཆེན་གྱི་འགན་འཛིན་པ་ ཞབས་ཏོག་བློན་པོ་ ཡེ་ཤེས་སྦྱིན་པ་ལུ་ དབང་རྫོང་བསྐྱར་བཞེངས་ཀྱི་ ཞལ་འདེབས་ཁ་སྐོང་ ཕུལ་བའི་བསྒང་།


ཡོ་ཀོ་ཧ་མ་དང་ འབྲུག་མཐུན་འབྲེལ་ཚོགས་པ་གིས་ དུས་ཅི་ སྤྱི་ཟླ་༧ པའི་ནང་ཡང་ དབང་རྫོང་བསྐྱར་བཞེངས་ཀྱི་ ཞལ་འདེབས་དོན་ལུ་ ཨ་ཞེ་སྐལ་བཟང་དབང་མོ་དབང་ཕྱུག་བརྒྱུད་དེ་ ཡུ་ཨེསི་ཌོ་ལར་༡༠,༠༠༠ ཕུལ་ཡོདཔ་ཨིན་པས།
ཨམ་ཡུ་ཀོ་ཀི་ མི་ཡ་ཛ་ཝ་གིས་ སླབ་མིའི་ནང་ ཇ་པཱན་ལུ་ རང་བཞིན་གྱི་ རྐྱེན་ངན་ཚུ་ལུ་བརྟེན་ ལཱ་ཁག་རྐྱབ་པའི་དུས་ཚོད་ལུ་ འབྲུག་གི་ མི་སེར་ཚུ་གིས་ ལེགས་སྨོན་དང་ རྒྱབ་སྐྱོར་ཚུ་ འབད་ཡོདཔ་ལས་ ད་རེས་ ཁོང་གི་ཁ་ཐུག་ལས་ཡང་ ཅོག་འཐདཔ་སྦེ་ར་ ལེགས་སྨོན་དང་ རྒྱབ་སྐྱོར་ཚུ་ ཧིང་གི་གདིང་ལས་ར་ ཡོད་ཟེར་ཨིན་པས།
བློན་པོ་ཡེ་ཤེས་སྦྱིན་པ་གིས་ འབྲུག་གཞུང་དང་ མི་སེར་ཚུ་གི་ཁ་ཐུག་ལས་ འདི་བཟུམ་མའི་ ཞལ་འདེབས་གནང་མི་དེ་ལུ་ བཀའ་དྲིན་དགའ་ཚོར་ཡོད་ལུགས་ཚུ་ བཤད་ཡོདཔ་མ་ཚད་ ཇ་པཱན་གྱིས་ ཨ་རྟག་ར་ གྲོགས་རམ་དང་ མཉམ་འབྲེལ་འབད་མི་ཚུ་གི་དོན་ལུ་ཡང་ དགའ་ཚོར་སྦོམ་ཡོད་ཟེར་ཨིན་པས།
དེ་མ་ཚད་ རྒྱལ་རབས་དང་ལྡན་པའི་ ཡ་མཚན་ཅན་གྱི་ རྙིང་ཤུལ་ཅིག་ བྱང་མི་དེ་ལུ་ འབྲུག་རྐྱངམ་གཅིག་མིན་པར་ འཛམ་གླིང་རྒྱལ་ཁབ་ཆ་མཉམ་ལུ་ ཚ་གྱང་དང་ ལེགས་སྨོན་གནང་སྟེ་ཡོད་ཟེར་ཨིནམ་ད་ ཚོགས་པ་གིས་ འདི་བཟུམ་མའི་ བརྩེ་གདུང་ཅན་གྱི་ རྒྱབ་སྐྱོར་འབད་མི་དེ་ལུ་ ལྷག་པར་དུ་ བཀའ་དྲིན་དགའ་ཚོར་ཡོད་ཟེར་ ཨིན་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment