གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

དྲུང་འཚོ་མཁས་མཆོག་ཅིག་གིས་ མཁལ་རྡོག་གི་ནདཔ་བསྐྱར་ཞིབ་འབད་བར་ འོང་ཡོདཔ།

༡༨/༡༠/༢༠༡༢   ༉ རྒྱ་གར་ བེ་ལོར་གྱི་ཀི་རིཤ་ཊེན་ གསོ་རིག་མཐོ་རིམ་སློབ་གྲྭ་ནང་གི་ དྲུང་འཚོ་མཁས་མཆོག་ཅིག་ ཐིམ་ཕུ་རྒྱལ་ས་ལྟེ་བ་ལུ་ མཁལ་རྡོག་གི་ནདཔ་ཚུ་ བསྐྱར་ཞིབ་འབད་བར་འོང་ཡོདཔ་ད་ ནདཔ་ཚུ་ དུས་རྒྱུན་གྱི་ཁྲག་སེལ་འབད་མི་དང་ མཁལ་རྡོག་སོར་དགོ་མི་ཚུ་གི་དོན་ལུ་ཨིན་པས།


ཀི་རིཤ་ཊེན་ གསོ་རིག་མཐོ་རིམ་སློབ་གྲྭའི་ ནི་རོ་ལོ་ཇི་ལས་ཁུངས་ཀྱི་འགོ་དཔོན་ ཌོག་ཊར་ ཝི་ཏ་མི་ལ་ར་སི་གིས་ སླབ་དོ་བཟུམ་འབད་བ་ཅིན་ ནདཔ་ཚུ་ མཁལ་རྡོག་ཚབ་བཙུགས་ཞིནམ་ལས་ ལོག་སྟེ་བསྐྱར་ཞིབ་འབད་བར་ འོང་དགོཔ་ཨིན་རུང་ ལ་ལུ་ཅིག་གིས་ མ་འོང་པར་སྡོད་མི་དེ་ཡང་ ཟད་འགྲོ་ལེ་ཤ་གནས་མི་ལུ་བརྟེན་ ཨིནམ་འོང་ཟེར་ཨིན་པས།
ནདཔ་ཚུ་མང་ཤོས་ར་ ཀི་རིཤ་ཊེན་གསོ་རིག་མཐོ་རིམ་སློབ་གྲྭ་ནང་ལུ་ སྨན་བཅོས་འབད་བར་ འོང་དོ་ཡོད་མི་ལུ་བརྟེན་ ནདཔ་ཚུ་གི་དོན་ལུ་ ཟད་འགྲོ་མར་ཕབ་འབད་ཚུགས་ཐབས་ལུ་དམིགས་ཏེ་ ད་རེས་ ཌོག་ཊར་དེ་གིས་ འབྲུག་ལུ་འོང་ཡི་ཟེར་ཨིན་པས།
སྤྱི་ལོ་༢༠༠༣ ལུ་ འཆི་མེད་ཀྱི་ མཁལ་རྡོག་ཚབ་བཙུགས་ཞིནམ་ལས་ ཁོ་གིས་ཚར་༢ བསྐྱར་ཞིབ་འབད་བ་སོང་ཡི་ཟེར་ཨིནམ་ད་ ཁོ་གིས་འབད་བ་ཅིན་ ཁོ་ར་མཁལ་རྡོག་བསྐྱར་ཞིབ་འབད་ནིའི་ རེ་བ་ཡོད་དེ་འབད་རུང་ གཞུང་གིས་རྒྱབ་སྐྱོར་གནང་ན་མ་གཏོགས་ རང་གིས་ ཟད་འགྲོ་བཏང་འགྱོ་ནི་ལུ་ལཱ་ཁག་འདུག་ཟེར་བཤདཔ་ཨིན་པས།
བེ་ལོར་ལུ་ཚར་རེ་ མཁལ་རྡོག་བསྐྱར་ཞིབ་ཀྱི་དོན་ལུ་འགྱོཝ་ད་ ཟད་འགྲོ་ཉུང་ཤོས་ དངུལ་ཀྲམ་སྟོང་ཕྲག་༨༠,༠༠༠ དེ་ཅིག་གནསཔ་མས་ཟེར་ཨིན་པས།
ཌོག་ཊར་ ཝི་ཏ་མི་ལ་ར་སི་དེ་ འབྲུག་མཁལ་རྡོག་གཞི་ཚོགས་ཀྱིས་ ཞུ་བ་འབདཝ་བཞིན་དུ་ ཁ་ཉིནམ་ནདཔ་༤༥ དེ་ཅིག་ལུ་ བསྐྱར་ཞིབ་འབད་ཡོདཔ་ད་ འབྲུག་མཁལ་རྡོག་གཞི་ཚོགས་ གཞི་བཙུགས་འབད་དགོ་མིའི་དམིགས་དོན་དེ་ཡང་ གཙོ་བོ་ར་ རྒྱལ་ཁབ་ནང་ལུ་ མཁལ་རྡོག་གི་ནདཔ་ཚུ་ལུ་ གྲོགས་རམ་འབད་ནིའི་དོན་ལུ་ མི་མང་ ཁེ་ཕན་ཅན་གྱི་ ལས་ཚོགས་ཅིག་ཨིན་ཟེར་ཨིན་པས།
ད་ཚུན་ བསྐྱར་ཞིབ་འབད་མིའི་ནང་ལས་ ནདཔ་༡༡ དེ་ མཁལ་རྡོག་ཚབ་བཙུགས་མི་ཨིནམ་ད་ དེའི་ལྷག་ལུས་དང་ གཞན་མི་ནདཔ་༥ མཁལ་རྡོག་གི་དཀའ་ངལ་ཡོད་མི་ཚུ་ ཁྲག་སེལ་འབད་ཡོདཔ་ཨིན་པས།
དེ་བཟུམ་གྱི་ མཁལ་རྡོག་མེདཔ་ཐལ་མི་དེ་ གཙོ་བོ་ར་ གུ་རམ་ནད་ཀྱིས་སྦེ་ མཁལ་མ་མེདཔ་ཤོར་མི་དང་ ཁྲག་ཤུགས་མཐོ་དྲགས་ཡོད་མི་ དེ་ལས་ གཟུགས་ཁའི་རློན་ཆ་བསྐམ་མི་ལུ་བརྟེན་ ཨིན་ཟེར་ཨིན་པས།
ཐིམ་ཕུ་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ལུ་ ཁྲག་སེལ་འབད་ནིའི་འཕྲུལ་ཆས་༨ ཡོདཔ་ད་ ཁྲག་སེལ་གྱི་འོག་ལུ་ སྨན་བཅོས་འབད་དགོ་པའི་ མཁལ་རྡོག་གི་ནདཔ་༧༥ ཡོད་པའི་ཁར་ མོང་སྒར་ལུང་ཕྱོགས་གཙོ་བསྟེན་སྨན་ཁང་ནང་ལུ་འབད་བ་ཅིན་ ནདཔ་༡༨ ཀྱི་དོན་ལུ་ འཕྲུལ་ཆས་༢ རྐྱངམ་གཅིག་གཞི་བཙུགས་འབད་ཡོདཔ་ཨིན་པས།
གཞུང་གིས་ ནདཔ་ཚུ་ བེ་ལོར་སྨན་ཁང་ནང་བཏང་མི་གིས་མ་དོ་བར་ ཀོལ་ཀ་ཊ་སྨན་ཁང་ནང་ལུ་ཡང་ བཏང་དོ་ཡོདཔ་ད་ མཁལ་རྡོག་མེདཔ་ཐལ་མི་ སྐྱེས་ལོ་༡༨ ལང་མི་ རྟ་མགྲིན་དབང་མོ་དེ་ མཁལ་རྡོག་ཚབ་བཙུགས་པར་ ཀོལ་ཀ་ཊའི་སྨན་ཁང་ནང་ འགྱོ་ནི་ཨིན་པས།
རྟ་མགྲིན་དབང་མོའི་ ཨ་པ་གིས་སླབ་དོ་བཟུམ་འབད་བ་ཅིན་ ཡིག་ཆའི་ལཱ་ཚུ་ག་ར་འབད་ཚརཝ་ཅིག་ སྨན་བཅོས་ཀྱི་དོན་ལུ་ ཀོལ་ཀ་ཊ་ལུ་ འགྱོ་ནི་ཟེར་ཨིནམ་ད་ ཨིན་རུང་ ཁོང་རའི་ཁ་ཐུག་ལས་ སྨན་བཅོས་ཀྱི་ཟད་འགྲོ་ཚུ་ གཏང་མི་ཚུགས་ནི་ཨིན་མས་ཟེར་ བཤད་ཡོད་པའི་གནས་ཚུལ།


རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment