གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

དགེ་ལེགས་ཕུག་ལུ་ རྫས་བམ་གས་པའི་ཤུལ་ལུ་ སྲུང་སྐྱོབ་སྒྲིང་སྒྲིང་བཙུགས་ཡོདཔ།

༢༥/༡༠/༢༠༡༢   ༉ སྤྱི་ཟླ་༡༠ པའི་ཚེས་༢༣ གྱི་ནུབ་ཕྱེད་ཆུ་ཚོད་༡༢ ལུ་ དགེ་ལེགས་ཕུག་ནང་འཁོད་གནམ་ཐང་གི་ སྦོ་ལོགས་ཁར་ གས་རྫས་ཅིག་ གས་པའི་ཤུལ་ལུ་ དགེ་ལེགས་ཕུག་ལུ་ སྲུང་སྐྱོབ་སྒྲིང་སྒྲིང་བཙུགས་ཡོདཔ་ཨིན་པས།


དེ་ཡང་ གནམ་གྲུ་ཐང་ལས་ མི་ཊར་༢༠༠ གི་མཇུག་ལུ་ དགེ་ལེགས་ཕུག་དང་ གསར་སྤང་གི་ གཞུང་ལམ་ཁར་ བཀལ་བཞག་མི་ གས་རྫས་དེ་ གས་རྐྱེན་བྱུངམ་ད་ གས་སྐད་ཤུགས་སྦེ་ རྐྱབ་ཡོད་རུང་ གནོད་སྐྱོན་ག་ནི་ཡང་ མ་བྱུང་པས། རྫས་བམ་གས་མིའི་ ས་ཁོངས་ནང་ལས་ གློག་ཐག་ཚུ་མ་གཏོགས་ གཞན་ག་ནི་ཡང་ མ་ཐོབ་ཨིན་པས།
དགེ་ལེགས་ཕུག་གི་ ཁྲིམས་སྲུང་འགག་པ་གིས་ སླབ་མིའི་ནང་ ཕར་ཚུར་འགྱོ་མི་ སྣུམ་འཁོར་ཚུ་ བཀག་འཛིན་ཐོག་ ཞིབ་དཔྱད་རྐྱབ་ནི་ཨིནམ་མ་ཚད་ ནུབ་མོར་ཉེན་སྲུང་ལྟ་རྟོག་འབད་ནི་ཚུ་ ཡར་སེང་རྐྱབ་ནི་ཟེར་ ཨིན་པའི་གནས་ཚུལ།

No comments:

Post a Comment