གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

དོན་བརྒྱུད་དཔལ་ལྡན་འབྲུག་པའི་ ཚོགས་ཆེན་ཐེངས་༤ པ་ འགོ་འབྱེད་འབད་ཡོདཔ།

༣༠/༡༠/༢༠༡༢   ༉ སྤྱི་ཟླ་༡༠ པའི་ཚེས་༢༨ ལུ་ རྒྱ་གར་གྱི་མངའ་སྡེ་ ལ་དྭགས་ལུ་ཡོད་པའི་ ཧེ་མེསི་དགོན་པ་ལུ་ རྒྱལ་དབང་འབྲུག་པ་དང་ ནང་སྲིད་བློན་པོ་ མི་འགྱུར་རྡོ་རྗེ་༢ ཀྱིས་ དོན་བརྒྱུད་དཔལ་ལྡན་འབྲུག་པའི་ ཚོགས་ཆེན་ཐེངས་༤ པ་ འགོ་འབྱེད་གནང་ཡི།
ཚོགས་ཆེན་འགོ་འབྱེད་སྐབས་ ནང་སྲིད་བློན་པོ་མི་འགྱུར་རྡོ་རྗེ་གིས་ གསུང་བཤད་གནང་པའི་བསྒང་།


འགོ་འབྱེད་སྐབས་ ཚོགས་ཆེན་ནང་ བཅའ་མར་གཏོགས་མི་ཚུ་གིས་མ་ཚད་ གཞན་ཡང་ ས་གནས་ཀྱི་མི་སེར་ བརྒྱ་ཕྲག་ལས་བཅད་མི་ཚུ་གིས་ བཅའ་མར་གཏོགས་ཡི།
ནང་སྲིད་བློན་པོ་ མི་འགྱུར་རྡོ་རྗེ་གིས་ སླབ་མིའི་ནང་ འབྲུག་དང་ ལ་དྭགས་༢ ཀྱི་བར་ནའི་ མཐུན་ལམ་དེ་ དུས་རབས་༡༦ པའི་ནང་ ཞབས་དྲུང་ངག་དབང་རྣམ་རྒྱལ་དང་ ལ་དྭགས་ཀྱི་རྒྱལཔོ་ སེངྒེ་རྣམ་རྒྱལ་༢ ཀྱི་སྐབས་ལས་ འགོ་བཙུགས་ནུག་ཟེར་ཨིན་པས།
བློན་པོ་གིས་འབད་བ་ཅིན་ ལ་དྭགས་ཀྱི་རྒྱལཔོ་ སེངྒེ་རྣམ་རྒྱལ་དེ་ ཞབས་དྲུང་གི་ མཐུན་བཤེས་རྐྱངམ་གཅིག་མེན་པར་ ཁོ་གིས་ འབྲུག་མི་ཚུ་ལུ་ ཆོས་དང་ གཞན་ཡང་ ཕན་ཐོགས་ཅན་གྱི་ ལས་སྣ་ལེ་ཤ་ཅིག་ར་ འབད་ནུག་ཟེར་ཨིན་པས།
དེ་བསྒང་ རྒྱལཔོ་སེངྒེ་རྣམ་རྒྱལ་གྱིས་ ཞབས་དྲུང་རིན་པོ་ཆེ་མཆོག་ལུ་ ལ་དྭགས་ལས་ ལྷ་ཁང་དང་ དགོན་སྡེ་ ལེ་ཤ་ཅིག་ར་ ཕུལ་ནུག་ཟེར་ བློན་པོ་གིས་ བཤདཔ་ཨིན་པས།
དེ་མ་ཚད་ ལ་དྭགས་ཀྱི་རྒྱལ་སྲས་ བསྟན་འཛིན་གྱིས་ ཞབས་དྲུང་ངག་དབང་རྣམ་རྒྱལ་གྱི་འོག་ལུ་ ཕྱག་ཞུ་ཡོདཔ་ད་ ཤུལ་ལས་ དབང་འདུས་ཕོ་བྲང་རྫོང་དཔོན་གྱི་ ཕྱག་འགན་ཡང་ བཞེས་ནུག་ཟེར་ཨིན་པས།
རྒྱལ་སྲས་ཆུང་ཤོས་ བསྟན་འཛིན་གྲུབ་བ་གིས་ཡང་ ཞབས་དྲུང་གི་ གྲྭ་ཚང་ཅིག་ནང་ མཚན་འཛིན་བཀོད་དེ་ སྤ་རོ་དཔོན་སློབ་ཀྱི་ གོ་གནས་བཞེས་ཡོདཔ་མ་ཚད་ རྗེ་མཁན་ཁྲི་རབས་༨ པ་ཡང་ མཛད་ནུག་ཟེར་ བཅའ་མར་གཏོགས་མི་ཚུ་ལུ་ བློན་པོ་གིས་ གསལ་བཤད་འབདཝ་ཨིན་པས།
ལ་དྭགས་རང་སྐྱོང་གངས་རི་གོང་འཕེལ་ཚོགས་སྡེའི་ བཀོད་ཁྱབ་གྲོས་སྟོན་པ་ རིན་འཛིན་དཔལ་འབར་གྱིས་ སླབ་མིའི་ནང་ འདས་པའི་ལོ་ཚུ་ནང་ ལ་དྭགས་དང་ འབྲུག་༢ གི་བར་ནའི་ མཐུན་འབྲེལ་དེ་ ཉམས་སུ་ཅིག་སྦེ་ ལུས་ཡོདཔ་ཨིན་རུང་ ད་ལས་ཕར་ ལོག་སྟེ་ར་ ལེགས་ཤོམ་བཟོ་ཚུགས་པའི་ རེ་བ་ཡོད་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ན་ཧིང་གི་ལོ་ནང་ ལ་དྭགས་ལས་ མི་གྲངས་༩༠༠ དེ་ཅིག་གིས་ འབྲུག་ལུ་ གནས་སྐོར་སོང་ཡི་ཟེར་ སླབ་ཨིན་པས།
ད་རེས་ ཚོགས་པའི་བསྒང་ཡོད་མི་ ཚོགས་ཆེན་གྱི་ཁྲི་འཛིན་ ཐུགས་སྲས་རིན་པོ་ཆེ་མཆོག་གིས་ གསུངས་དོ་བཟུམ་འབད་བ་ཅིན་ དེ་བཟུམ་མའི་ ཚོགས་ཆེན་འཚོགས་དགོ་མི་དེ་ཡང་ གཙོ་བོ་ར་ འབྲུག་པ་བཀའ་བརྒྱུད་པའི་ ཟབ་ཆོས་ཚུ་ གཅིག་མཐུན་བཟོ་ནིའི་དོན་ལུ་ ཨིན་ཟེར་ཨིན་པས།
འདས་པའི་ཚོགས་ཐེངས་ཚུ་གི་ ཁྲི་འཛིན་འབད་མི་ ཁམས་སྤྲུལ་རིན་པོ་ཆེ་གིས་ སླབ་མིའི་ནང་ འཛམ་གླིང་ནང་ ད་ལྟོ་ཚུན་ འབྲུག་པ་བཀའ་བརྒྱུད་པའི་ཆོས་ བརྒྱ་ཆ་༤༠ དེ་ཅིག་ ཉམས་སོ་ནུག་ཟེར་ཨིནམ་ད་ དེ་བཟུམ་མའི་ གནས་སྟངས་ལུ་ལྟཝ་ད་ ཞལ་འཛོམས་ཚུ་ རིམ་པ་བཞིན་དུ་སྦེ་ འཚོགས་དགོཔ་དེ་ གལ་ཆེ་བས་ཟེར་ཨིན་པས།
ཁ་ཙ་ ཚོགས་ཆེན་ནང་ བཅའ་མར་གཏོགས་མི་ བླ་སྤྲུལ་དང་ དགེ་སློང་ དེ་ལས་ གཡུས་མི་ཚུ་གིས་ ཤིང་གི་ལྕངམ་༡༠༠,༠༠༠ འཛུགས་སྐྱོང་འབད་ཡོདཔ་ ཨིན་པའི་གནས་ཚུལ།

ལ་དྭགས་ལས་ ཉི་མ་དབང་འདུས།

No comments:

Post a Comment