གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གཡུས་མི་ཚུ་གིས་ འགྲུལ་འཕྲིན་གྱི་མཐུན་རྐྱེན་ལུ་ དགའ་ཚོར་སྐྱེད་དོ་ཡོདཔ།

༢༢/༡༠/༢༠༡༢   ༉ ཀྲོང་གསར་བེམ་སྦྱིས་ལུ་ སོ་ནམ་ལཱ་འབད་མི་ རྡོ་རྗེ་དབང་འདུས་དེ་ ཁོ་རའི་ཞིང་ནང་ལཱ་འབད་སྡོད་པའི་བར་ན་ར་ ཁོ་གི་འགྲུལ་འཕྲིན་ནང་ལུ་ བརྒྱུད་འཕྲིན་ཅིག་ལྷོད་ཡོདཔ་ཨིན་པས།
འགྲུལ་འཕྲིན་བཏང་མི་དེ་ ཁོ་གི་ཁྱིམ་ཚང་གིས་ ཁོ་ལུ་ དྲོ་པའི་ཆུ་ཚོད་༨:༣༠ ལུ་ འཛོམས་འདུ་ནང་ཤོག་ཟེར་བའི་བརྡ་སླབ་མི་ཨིན་པས།



ཁོ་གིས་ བརྡ་སླབ་མི་དེ་གོ་བའི་ཤུལ་ལུ་ ལཱ་འབད་ནི་ཡང་བཀོག་བཞག་སྦེ་ ཁོ་རའི་ཁྱིམ་ནང་ ལྟོ་བཟའ་ གོ་ལ་ཚུ་གྱོན་ཏེ་ སོང་ཡོདཔ་ད་ འཛོམས་འདུ་རྐྱབ་ས་དེ་ ཁོ་གི་ཁྱིམ་ནང་ལས་ དུས་ཡུན་ཆུ་ཚོད་༡ དེ་ཅིག་ འགྱོ་དགོ་པའི་ས་གནས་འཁོར་ལམ་གྱི་སྦོ་ལོགས་ཁར་ཡོདཔ་ཨིན་པས།
ཁོ་ལུ་ཡོད་པའི་ ནོ་ཀི་ཡ་གི་འགྲུལ་འཕྲིན་རྙིངམ་དེ་ ཧ་ལམ་ལྟོ་རྫོགས་རན་ཁ་ལྷོད་དེ་འབད་རུང་ ཁོ་གི་ཆ་རོགས་ཚུ་ནང་ལས་ ཁོང་ཆ་ཁྱབ་ གཡུས་ཀྱི་འོག་ལུ་བསྒུགས་ཏེ་ཡོད་ཟེར་ འགྲུལ་འཕྲིན་རྫོགས་ནི་མེདཔ་ཅིག་ལྷོད་དོ་ཡོདཔ་ཨིན་པས།
སྐྱེས་ལོ་ ༣༥ ལང་མི་སོ་ནམ་ཞིང་ལཱ་འབད་མི་གིས་སླབ་མིའི་ནང་ འགྲུལ་འཕྲིན་གྱི་མཐུན་རྐྱེན་དེ་བཙུགས་ཞིནམ་ལས་ཚུར་ མི་ཚེའི་གནས་སྟངས་དེ་ སྒོ་ཡངས་དྲགས་སྦེ་ འདུག་ཟེར་ཨིན་པས།
འགྲུལ་འཕྲིན་དེ་གིས་ ལཱ་གནམ་མེད་ས་མེད་འབད་བཏུབ་པས་ ང་བཅས་ཚུ་གིས་ བརྡ་སླབ་ནིའི་དོན་ལུ་ ཅིག་གི་ཁྱིམ་ནང་ལས་ གཞན་མིའི་ཁྱིམ་ནང་ རྐང་བཙུགས་སྦེ་འགྱོ་དགོཔ་མིན་འདུག་ཟེར་ཨིན་པས།
འགྲུལ་འཕྲིན་གྱི་མཐུན་རྐྱེན་ལུ་བརྟེན་ ང་བཅས་ཀྱིས་ གསོ་བའི་ཞབས་ཏོག་གི་དོན་ལུ་ཡང་ སྨན་ཁང་གི་ འགྲུལ་འཁོར་ཚུ་ ཁྱིམ་ནང་ལས་འགྲུལ་འཕྲིན་བཏང་སྟེ་ དེ་འཕྲལ་ལས་ འབོ་ཚུགས་པས་ཟེར་ཨིན་པས།
གཡུས་ཚན་༩ ཡོད་པའི་ནུབ་ཆོས་སྟོད་གཡུས་ཚན་གྱི་མི་ཚུ་གིས་སླབ་མིའི་ནང་ འགྲུལ་འཕྲིན་གྱི་ཡོངས་འབྲེལ་དེ་གིས་ ང་བཅས་ཀྱི་གཡུས་སྒོའི་ནང་ དཀའ་སྡུག་སེལ་ཚུགས་ཅིག་ཟེར་ཨིན་པས།
ང་བཅས་ཀྱིས་ ནོར་སེམས་ཅན་རེ་ ཚལ་མ་ནང་བྱང་སྟེ་འབད་རུང་ འདི་ཚུ་འཚོལ་ནི་ལུ་ ཕན་ཐོགས་འདུག་ཟེར་ སྐྱེས་ལོ་ ༤༠ ལང་མི་དབང་ཕྱུག་གིས་བཤད་མི་དེ་ཡང་ ཁོང་ཆ་ཁྱབ་ཀྱིས་ སྡེ་ཚན་སྦེ་སོང་ཞིནམ་ལས་ ནོར་འཚོལ་ཐོབ་ཡོད་མེད་ཀྱི་དོན་ལུ་ ཆ་རོགས་ཚུ་དང་ འབྲེལ་བ་འཐབ་ཚུགས་པས་ཟེར་ཨིན་པས།
ནགས་ཚལ་ནང་ གཅན་གཟན་ཚུ་གིས་ སྒོ་ནོར་སེམས་ཅན་ལུ་གནོདཔ་བཀལ་དོ་ཡོདཔ་ཨིན་རུང་ དེ་རེས་ཀྱི་ཞབས་ཏོག་དེ་གིས་ བྱ་སྟབས་བདེ་དྲགས་འདུག་ཟེར་ཨིན་པས།
སྐྱེས་ལོ་༣༥ ལང་མི་ཚེ་རིང་སྒྲོལ་མ་གིས་འབད་བ་ཅིན་ མོ་སྡོད་ས་དེ་ ནགས་ཚལ་གྱི་སྦུག་མཚམས་ལུ་ཨིན་པའི་ཁར་ སྦོ་ལོགས་ལས་ཕར་ཁྱིམ་ཚང་ཡང་མེདཔ་ལས་ ཧེ་མ་འབད་བ་ཅིན་ ཚབས་ཆེན་གྱི་གནད་རེ་ཐོན་པའི་སྐབས་སུ་ དཀའ་ངལ་ཚུ་བྱུངམ་ཨིན་རུང་ ད་རེས་ རྒྱལ་ཁབ་གོང་འཕེལ་གྱི་གྱུར་བ་ལུ་བརྟེན་ དཀའ་ངལ་དེ་ མར་ཕབ་འབད་ཚུགས་ཅིག་ཟེར་ཨིན་པས།
གཡུས་མི་ཚུ་གིས་འབད་བ་ཅིན་ མཐུན་རྐྱེན་དེ་ཡོད་པའི་བསྒང་ལས་ ཁོང་གིས་ མི་ན་མི་རེ་ཐོནམ་ད་ མོ་བཏབ་ནིའི་དོན་ལུ་ རྩིསཔ་ཚུ་ལུ་ཡང་ རྐང་བཙུགས་སྦེ་འགྱོ་མ་དགོ་པར་ འགྲུལ་འཕྲིན་ཐོག་ལས་ འབད་ཚུགས་མི་དེ་ལུ་ ངལ་རངས་སྦོམ་ར་ཡོད་ཟེར་ཨིན་པས།
གཡུས་ཚན་༩ འི་ནང་ཡོད་པའི་ གཡུས་མི་མང་ཤོས་ཅིག་གིས་ བཀྲིས་སེལ་དེ་ལག་ལེན་འཐབ་དོ་ཡོདཔ་ད་ ལ་ལུ་ཅིག་གིས་ བི་མོ་བཱ་ཡེལ་ཡང་ལག་ལེན་འཐབ་དོ་ཡོདཔ་ཨིན་རུང་ ས་གནས་མཐའ་ཟུར་ནང་ བི་མོ་བཱ་ཡེལ་གྱི་བརྒྱུད་ལམ་དེ་ སྐྱོ་སུ་ཅིག་སྦེ་ཡོདཔ་ཨིན་པས།
ཀྲོང་གསར་ལུ་ཡོད་པའི་ འབྲུག་བརྒྱུད་འཕྲིན་གྱི་འཛིན་སྐྱོང་པ་ ལི་ལ་དར་ཨུཔ་རི་ཏི་གིས་བཤད་མིའི་ནང་ ཁོང་གི་འགྲུལ་འཕྲིན་གྱི་ཡོངས་འབྲེལ་ཀ་ཆེན་དེ་ ཀི་ལོ་མི་ཊར་༤༠ འི་ས་གནས་ ཚང་ཁ་ལུ་བཙུགས་ཡོད་ནི་དེ་གིས་ ཐག་རིང་མི་ལུ་བརྟེན་ཨིན་མས་ཟེར་ཨིན་པས།
ཨིན་རུང་ སང་ཕོད་ལས་ ཡོངས་འབྲེལ་ཀ་ཆེན་དེ་ ས་གནས་ དགའ་གར་ལུ་བཙུགས་ནི་ཨིན་ཟེར་ཨིན་པས།
ས་གནས་དེ་ཁར་ ཡོངས་འབྲེལ་ཀ་ཆེན་དེ་བཙུགས་པའི་བསྒང་ལས་ དེ་གིས་ བི་མོ་བཱ་ཡེལ་ལེགས་ཤོམ་སྦེ་བདའ་མ་ཟུན་པའི་ས་གནས་ཚུ་ན་ཡང་ རྒྱ་བསྐྱེད་འབད་ཚུགས་ནི་ཨིན་ལས་ ད་ལྟོའི་དཀའ་ངལ་དེ་ བསལ་ཚུགས་ཟེར་ཨིན་པའི་གནས་ཚུལ།


རྩོམ་བྲིས་ལས་བྱེདཔ།

No comments:

Post a Comment