གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ལྷན་རྒྱས་གཞུང་ཚོགས་ཀྱིས་ གནས་ཚུལ་གསར་སྟོན།

༣༠/༡༠/༢༠༡༢   ༉ ཁ་ཙ་ ཐིམ་ཕུ་ རེ་བེན་ཧ་འུསི་ནང་སྦེ་ ལྷན་རྒྱས་གཞུང་ཚོགས་ཀྱི་ ཞལ་འཛོམས་ཐེངས་༡༤༥ འཚོགས་པའི་སྐབས་ འཕྲལ་ཁམས་ཅིག་ཁར་ གོང་འཕེལ་སྲིད་བྱུས་ཀེ་རེ་ཌིཌ་(ཌི་པི་སི་-༢)དང་ མཐའ་ཟུར་གྲོང་གསེབ་གོང་འཕེལ་(ཨར་ཨར་སི་ཌི་)གི་དོན་ལུ་ འཛམ་གླིང་དངུལ་ཁང་གིས་ ཨའེ་ཌི་ཨེ་བསྐྱིན་འགྲུལ་ ཡུ་ཨེསི་ཌོ་ལར་ས་ཡ་༤༥ གནང་བ་གྲོལ་མི་དེ་ལུ་ ཆ་འཇོག་འབད་ཡོདཔ་ཨིན་པས།


དེ་ཡང་ འབྲུག་གི་དོན་ལུ་ རྒྱལ་ཁབ་མཉམ་འབྲེལ་ཐབས་བྱུས་(སི་པི་ཨེསི་)ཀྱི་ གཞི་རྟེན་ཐོག་ལུ་ ཞལ་འཆམ་བྱུང་ཡོདཔ་ཨིན་པས།
བསྐྱིན་འགྲུལ་ཡོངས་བསྡོམས་ལས་ ཡུ་ཨེསི་ཌོ་ལར་ས་ཡ་༣༦ འཆར་དངུལ་རྒྱབ་སྐྱོར་བསྐྱིན་འགྲུལ་ཨིན་མི་ ཌི་པི་སི་-༢ སྦེ་ བྱ་རིམ་འཐབ་ཡོདཔ་ལས་ དམིགས་བསལ་ལས་འགུལ་གང་རུང་ལུ་ སྦྱར་ཏེ་མེདཔ་ད་ དེ་ཡང་ རྩིས་ལོ་༢༠༡༢ དང་༢༠༡༣ གྱི་སྐབས་ལུ་ དངུལ་རྩིས་གནས་སྟངས་ ལེགས་བཅོས་འབད་ནིའི་དོན་ལུ་ཨིན་པས།
བསྐྱིན་འགྲུལ་འདི་ སྤྱི་ལོ་༢༠༡༢ ཀྱི་ ཟླཝ་༡༢ པའི་ནང་འཁོད་ལུ་ སྟབས་གཅིག་ཁར་ བགོ་བཀྲམ་འབད་ནི་ཨིནམ་ད་ ཡོངས་བསྡོམས་ལས་ ཡུ་ཨེསི་ཌོ་ལར་ས་ཡ་༣ འབྲུག་གོང་འཕེལ་དངུལ་ཁང་ཚད་འཛིན་ལུ་ ཚོང་ལས་ཆུང་རིམ་དང་ འབྲིང་རིམ་ཚུ་གི་ མ་དངུལ་དོན་ལས་ བསྐྱིན་འགྲུལ་བཟུམ་ཅིག་སྦེ་ བྱིན་ནི་ཨིན་པས།
ལྷག་ལུས་ ཡུ་ཨེསི་ཌོ་ལར་ས་ཡ་༩ པོ་དེ་ སྤྱི་ལོ་༢༠༡༢ ལས་༢༠༡༦ ཚུན་ སོ་ནམ་དང་ནགས་ཚལ་ལྷན་ཁག་གིས་ ལག་ལེན་འཐབ་ནི་ཨིན་པའི་ ཨར་ཨར་སི་ཌི་གི་དོན་ལུ་ཨིན་པས།
ལས་འགུལ་དེ་གི་ དམིགས་ཡུལ་གཙོ་བོ་ར་ བསམ་རྩེ་དང་ ཧཱ་ ཆུ་ཁ་ ཀྲོང་གསར་ དར་དཀར་ནང་ དེ་ལས་ དབང་འདུས་ཕོ་བྲང་རྫོང་ཁག་ཚུ་གི་ མཐའ་ཟུར་གཡུས་ཚན་ཚུ་ནང་ ཚོང་ལམ་དང་ སོ་ནམ་གྱི་ཐབས་རིག་ དེ་ལས་ ཆུ་གཡུར་བཟུམ་མའི་ གཞི་རྟེན་མཐུན་རྐྱེན་ཚུ་ ལེགས་བཅོས་འབད་ནིའི་དོན་ལུ་ཨིན་པས།
དེ་བཟུམ་སྦེ་ ལྷན་རྒྱས་གཞུང་ཚོགས་ཀྱིས་ ལམ་ཡིག་ལག་དེབ་༢༠༠༦ ཅན་མ་དེ་ཡང་ ཆ་འཇོག་འབད་ཡོདཔ་ཨིན་པས།
ལག་དེབ་ཀྱི་ དོན་ཚན་༩.༤ པའི་ནང་ འཕྲུལ་ཆས་ཀྱིས་ལྷག་མི་ ལམ་ཡིག་དང་ ཡང་ཅིན་ འགྲུལ་སྐྱོད་ཡིག་ཆ་ཚུ་ བསྐྱར་གསོ་འབད་མ་ཆོགཔ་ཨིནམ་ད་ ལམ་ཡིག་གསརཔ་དང་ ཡང་ཅིན་ འགྲུལ་སྐྱོདཡིག་ཆ་ཚུ་ དུས་ཚོད་རྫོགསཔ་ད་ ཞུ་ཡིག་བཙུགས་དགོཔ་སྦེ་ བཀོད་ཡོདཔ་ཨིན་པས།
དེ་མ་ཚད་ ལམ་ཡིག་གསརཔ་དང་ ཡང་ཅིན་ འགྲུལ་སྐྱོད་ཡིག་ཆ་ཚུ་ དུས་ཚོད་རྫོགས་ནི་ལུ་ ཟླཝ་༦ མ་ལངམ་ཅིག་ལས་ ཞུ་ཡིག་བཙུགས་ཆོགཔ་ཨིནམ་ད་ ཡང་ཅིན་ དབང་འཛིན་གྱིས་བཀོད་མི་ འོས་ལྡན་གནད་དོན་ཐོག་ དགོས་མཁོ་ཡོད་པའི་ ངོས་འཛིན་འབྱུང་པ་ཅིན་ གསརཔ་སྤྲོད་ཆོགཔ་ཨིན་པས།
ཕྱི་འབྲེལ་ལྷན་ཁག་དང་ ལྷན་རྒྱས་གཞུང་ཚོགས་ཀྱིས་ རྒྱལ་ཁབ་ཕྱི་ཁར་ དུས་ཡུན་རིངམོ་སྦེ་ དཔེ་ཆ་ལྟ་སྡོད་མི་ སློབ་ཕྲུག་ཚུ་གི་ ཡུན་རིང་ནང་སྐྱོད་ཆོག་ཐམ་དང་བསྟུན་ ལམ་ཡིག་གི་ དུས་རྫོགས་དེ་ཡང་ གནད་དོན་ལ་ལུ་ཅིག་ནང་ ལམ་ཡིག་གསརཔ་དང་ ཡང་ཅིན་ འགྲུལ་སྐྱོད་ཡིག་ཆ་ཚུ་ དུས་ཚོད་རྫོགས་ནི་ལུ་ ཟླཝ་༦ ལས་ལྷགཔ་སྦེ་ཡོད་རུང་ བྱིན་དགོ་པའི་ ངོས་འཛིན་བྱུང་ཡོདཔ་ཨིན་པས།
ཕྱི་འབྲེལ་ལྷན་ཁག་གིས་ གྲོས་འཆར་བཀོད་མི་དང་བསྟུན་ དྲུང་ཆེན་ཚོགས་ཆུང་གི་ ཞལ་འཛོམས་ཐེངས་༤༧ པ་གིས་ རྒྱབ་སྣོན་ཐོག་ལས་ ལྷན་རྒྱས་གཞུང་ཚོགས་ཀྱིས་ མཉམ་འབྲེལ་དྲུང་ཆེན་ཚུ་ གཞུང་འབྲེལ་གྱི་ ལྟ་སྐོར་དོན་ལུ་རྐྱངམ་གཅིག་ དོན་གཅོད་ལམ་ཡིག་གི་ ཐོབ་ལམ་ཡོདཔ་སྦེ་ ཆ་འཇོག་གྲུབ་ཡོདཔ་ཨིན་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment