གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

དཀར་མེ་ཀོངམ་གསེར་སྒྲོན་མའི་ནང་ བ་མར་བཀང་ནི་ འགོ་བཙུགས་ཡོདཔ།

༡༦/༡༠/༢༠༡༢   ༉ སྤ་རོ་སྐྱིད་ཆུ་ལྷ་ཁང་གི་ ཇོ་བོའི་སྐུ་མདུན་ལུ་ཡོད་པའི་ དངུལ་གུ་གསེར་སྒྲོན་མིའི་ཀོངམ་བཀང་ནིའི་དོན་ལུ་ བ་མར་ཀེ་ཇི་༡༩ རེ་འཛུལ་དོ་ཡོདཔ་ཨིན་པས།
མར་ཀེ་ཇི་༡༩ ཤོང་མི་ གསེར་ཀོངམ་སྦོམ་ཅིག་ཡོད་མི་དེ་ནང་ ཟླཝ་༢ རེ་ལུ་ བ་མར་ ཚར་རེ་བཀང་དོ་ཡོད་པའི་ཁར་ དེ་ཡང་ གཙོ་བོ་ར་ཀོངམ་དེ་ འབྲུག་ཟླ་༧ པའི་ཚེས་༨ ལས་འགོ་བཙུགས་ ལོ་མ་རྫོགས་ཚུན་ ཉིནམ་ཅིག་ཡང་མ་ཆད་པར་ ཕུལ་དོ་ཡོདཔ་ཨིན་པས།

དངུལ་གུ་གསེར་སྒྲོན་མིའི་དཀར་མེ་ཀོངམ།


ཇོ་བོ་ལྷ་ཁང་གི་དཀོན་གཉེར་ ཚེ་རིང་གིས་སླབ་མིའི་ནང་ ལོ་ངོ་བཅུ་ཕྲག་གི་ཧེ་མ་ལས་ སྤ་རོ་འཁང་ཁུ་ལས་ ཨ་ཞེ་འཆི་མེད་དབངམོ་གིས་ འབྲུག་ཟླ་༧ པའི་ཚེས་༨ ལས་ དཀར་མེ་ཕུལ་ནི་ འགོ་བཙུགས་ཡོདཔ་ལས་ ད་ལྟོའི་བར་ན་ཡང་ རྒྱུན་མ་ཉམས་པར་ ཕུལ་སྲོལ་ཡོད་ཟེར་ཨིན་པས།
ཨིན་རུང་ ཧེ་མ་འབད་བ་ཅིན་ དངུལ་ཀོང་ཆུང་ཀུའི་ནང་ཕུལ་སྲོལ་ཡོད་མི་ལུ་བརྟེན་ ས་གནས་ཕྱོགས་ཕྱོགས་ཀྱི་དད་ཅན་མི་སེར་ཚུ་གིས་ ལོ་རྒྱུས་གོ་སྟེ་ དཀར་མེ་ཕུལ་བར་ འོང་ནི་ཡོད་ཟེར་ཨིནམ་ད་ ད་རེས་ནངས་པ་ཡང་ ཉིནམ་དེ་ཁར་ དད་མོས་ཅན་ཚུ་གིས་ དཀར་མེ་ཕུལ་བ་ འོངམ་མས་ཟེར་ ཚེ་རིང་གིས་བཤདཔ་ཨིན་པས།
ཚེ་རིང་གིས་སླབ་མིའི་ནང་ ལོ་བསྟར་དཀར་མེ་ཕུལ་སྲོལ་ཡོད་པའི་ ཉིནམ་དེ་ཁར་ མི་ཆ་མཉམ་གྱིས་ དཀར་མེ་མར་ ཀེ་ཇི་༡ དང་༢ རེ་འབག་འོང་ནི་འདུག་ཟེར་ཨིནམ་ད་ ཀོངམ་དེ་ ཟླ་༢ རེ་ལུ་ ཚར་རེ་བཀང་དགོ་ནི་དེ་གིས་ བཟའ་ཚང་དང་ ཡང་ཅིན་ མི་ཚུ་སྡེ་ཚན་བཟོ་སྟེ་ ཨ་རྟག་ར་ དཀར་མེ་ཕུལ་བར་ འོངམ་མས་ཟེར་ མོ་གིས་སླབ་ཨིན་པས།
ཟླཝ་༢ རེ་ལུ་ ཀོངམ་ནང་གི་དཀར་མེ་བཞེས་ཚརཝ་ད་ སྐྱིད་ཆུ་ལྷ་ཁང་གི་ དགེ་སློང་གཉིས་ཀྱིས་ ཀོངམ་དེ་ཕྱི་ཁར་འབག་སྟེ་ འཕྱགས་པའི་ཁར་ ཀོངམ་དེ་ཧིང་སངས་ས་སྦེ་ འཕྱགས་ཞིནམ་ལས་ སྡོང་རས་བརྡབས་ཏེ་ བ་མར་གྱིས་བཀང་སྟེ་ ཁབ་ཏོ་བཅད་སྦེ་ གཙང་སྦྲ་དང་ལྡན་ཏོག་ཏོ་སྦེ་ ཕུལ་དོ་ཡོདཔ་ཨིན་པས།
དཀར་མེའི་ཀོངམ་ལོག་བཀང་ནིའི་དོན་ལུ་ ཆུ་ཚོད་དག་པ་རེ་འགོརཝ་མས་ཟེར་ཨིནམ་ད་ དེ་ཡང་ མཆོད་པའི་ལཱ་ག་ཅི་ར་འབད་རུང་ ཧིང་སངས་ས་སྦེ་འབད་དགོཔ་དེ་གལ་ཆེ་ཟེར་ ཁོ་གིས་བཤདཔ་ཨིན་པས།
སྤྱིར་བཏང་ ཁྱིམ་ནང་དང་ ལྷ་ཁང་གཞན་ཚུ་ནང་ཕུལ་མི་ མར་དང་ མར་སྤྲིན་ མར་ཁུ་ཚུ་དང་འཕྱདཔ་ད་ བ་མར་དེ་ཕན་པ་སྦོམ་ཡོད་ཟེར་ སླབ་སྲོལ་ཡོདཔ་ལས་ ཀོངམ་དེ་ནང་ བ་མར་རྐྱངམ་གཅིག་ར་ཕུལཝ་ཨིན་ཟེར་ དཀོན་གཉེར་གྱིས་བཤདཔ་ཨིན་པས།
ད་རེས་ཡོད་པའི་གསེར་ཀོངམ་དེ་ ཟླཝ་གཉིས་དེ་ཅིག་གི་ཧེ་མ་ ཞལ་འདེབས་ཕུལ་ཕུལཝ་ཨིན་ཟེར་ དཀོན་གཉེར་གྱིས་བཤད་པའི་ཁར་ དེ་གི་ཧེ་མ་འབད་བ་ཅིན་ རྒྱལ་ཁབ་ཀྱི་ལྷ་ཁང་གཞན་ཚུ་ནང་བཟུམ་སྦེ་ རྒྱུ་ཟངས་ལས་སྒྲུབ་པའི་ ཁྲོ་ནང་བཀང་ཐོག་ལས་ ཕུལཝ་ཨིན་ཟེར་ ཁོ་གིས་སླབ་ཨིན་པས།
རིན་གོང་སྦོམ་གནས་པའི་ རྒྱུ་གསེར་དང་དངུལ་ལས་སྒྲུབ་པའི་ ཀོངམ་དེ་ནང་ དཀར་མེ་ཕུལ་བ་ཅིན་ ཕན་ཡོན་སྦོམ་ཡོདཔ་མ་ཚད་ རང་གི་ཚེ་དང་བསོད་ནམས་ ལོག་ལྟབ་ཀྱིས་ ཡར་འཕེལ་འགྱོཝ་ཨིན་ཟེར་ ཨིན་པས། 
སྐྱིད་ཆུ་ལྷ་ཁང་དེ་ རྒྱལ་ཁབ་ནང་ རྙིང་ཤོས་ཅིག་ཨིན་པའི་ཁར་ དུས་རབས་༧ པའི་ནང་ བོད་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོ་མཆོག་གིས་ བཞེངས་གནང་མི་ལྷ་ཁང་དང་ དགོན་སྡེ་༡༠༨ ཀྱི་གྲས་ལས་ གཅིག་ལྷ་ཁང་དེ་ཨིན་པས།
ཆོས་རྒྱལ་སྲོང་བཙན་སྒམ་པོ་གིས་ ཉིནམ་གཅིག་ནང་ ཧི་མ་ལ་ཡའི་གངས་ཅན་གྱི་ལྗོངས་ནང་ ལྷ་ཁང་༡༠༨ བཞེངས་ཡོད་པའི་ ལོ་རྒྱུས་བཤད་སྲོལ་ཡོད་མི་ལས་ སྐྱིད་ཆུ་ལྷ་ཁང་ནང་ ནང་རྟེན་གཙོ་བོ་ ཇོ་བོ་དང་གུ་རུའི་ སྐུ་འདྲ་མཇལ་ནི་ཡོདཔ་ཨིན་པའི་གནས་ཚུལ།


རྩོམ་བྲིས་ལས་བྱེདཔ།

No comments:

Post a Comment