གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཕོ་སྐྱེས་ཅིག་ལུ་ བཙོན་ཁྲིམས་ལོ་༩ བཀལ་ཡོདཔ།

༡/༡༢/༢༠༡༢   ༉ སྐྱེས་ལོ་༣༠ ལང་མི་ ཕོ་སྐྱེས་ཅིག་གིས་ ཁོ་རའི་གནས་ཚང་ལུ་ མིག་སེར་ལྟ་སྟེ་ དེད་གཡོགཔ་ཅིག་དང་ འཐབ་འཛིང་འབད་བའི་སྐབས་ སྒྲོ་གཟུགསམ་བླུགས་བྱིན་མི་ལུ་བརྟེན་ ཤི་རྐྱེན་བྱུང་ཡོདཔ་ལས་ ཆེ་མཐོ་ཁྲིམས་ཁྲི་༢ པ་གིས་ ཉེས་ཅན་ཕོ་སྐྱེས་དེ་ལུ་ བཙོན་ཁྲིམས་ལོ་༩ བཀལ་ཡོདཔ་ཨིན་པས།


དེ་ཡང་ སྤྱི་ཟླ་༢ པའི་ཚེས་༢༨ ལུ་ དབང་འདུས་རྫོང་ཁག་ ཕོ་སྦྱིས་ཁ་གཡུས་ཚན་ནང་ ཚེ་འདས་དེད་གཡོགཔ་ བསྟན་འཛིན་དེ་ རྩོད་ཟླ་འཆི་མེད་བསམ་གྲུབ་ཀྱི་ སྒོའི་ཕྱི་ཁར་ སྒུག་སྡོད་སར་མཐོངམ་ལས་ ཁོ་རའི་གནས་ཚང་ལུ་ མིག་སེར་ལྟ་སྟེ་ འཐབ་འཛིང་འབད་བའི་སྐབས་ བསྟན་འཛིན་གྱི་ཕོཝ་གུ་ སྒྲོ་གཟུགསམ་བླུགས་ཏེ་ རྨ་སྐྱོན་བཏོན་ཡོདཔ་ལས་ ཐིམ་ཕུ་འཇིགས་མེད་རྡོ་རྗེ་དབང་ཕྱུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ བསྐྱལ་བའི་ཤུལ་ལས་ ཤི་རྐྱེན་བྱུང་ཡོདཔ་ཨིན་པས།
རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ལས་ ཐོག་མའི་ ཁྲིམས་འདུན་གྱིས་བཏོན་མི་ འཁྲུན་ཆོད་ལུ་ བསམ་པ་མ་རྫོགས་པར་ མཐོ་གཏུགས་འབད་ཡོདཔ་ད་ དེ་ཡང་ ཐོག་མའི་ཁྲིམས་འདུན་ལས་ ཉེས་འཛུགས་ཅན་གྱིས་ ཉམས་རྒུད་པའི་ཕམ་དང་སྤུན་ཆ་ཚུ་ལུ་ འབྲུག་གི་ཉེས་འགེལ་ཁྲིམས་དེབ་ཀྱི་ འཕྲི་སྣོན་བཅའ་ཁྲིམས་༢༠༡༡ ཅན་མའི་ དགོངས་དོན་དང་འཁྲིལཝ་ད་ ཉེས་ལས་ལུ་བརྟེན་ ཤི་རྐྱེན་འབྱུང་པ་ཅིན་ ལོ་༡༠ གྱི་ ལས་མིའི་གླ་ཆ་སྤྲོད་དགོཔ་མ་ཚད་ ཚེ་འདས་ཀྱི་ རོ་བསྡུ་དགེ་རྩ་ཞག་གྲངས་༤༩ ཚུན་གྱི་ ཟད་འགྲོ་ཚུ་ བྱིན་དགོཔ་ཨིན་རུང་ མ་གནངམ་ལས་བརྟེན་ཨིན་པས།
ཁ་ཙ་ ཆེ་མཐོ་ཁྲིམས་ཁྲི་༢ པ་གིས་བཏོན་མི་ འཁྲུན་ཆོད་དང་འཁྲིལཝ་ད་ ཐོག་མའི་ཁྲིམས་འདུན་ལས་ ཉེས་འཛུགས་ཅན་གྱིས་ ཉམས་རྒུད་པའི་ཕམ་ལུ་ རྒུད་འཐུས་དངུལ་ཀྲམ་༡༦༠,༠༠༠ སྤྲོད་ཡོད་མི་དེ་ ཆ་ཤས་ཅིག་ བསྒྱུར་བཅོས་འབད་དེ་ གནང་ཡོདཔ་ཨིན་པས།
དེ་ཡང་ རྩོད་ཟླ་འཆི་མེད་བསམ་གྲུབ་ཀྱིས་ ཚེ་འདས་བསྟན་འཛིན་ལུ་ ཧེ་མ་ལས་ གནོད་སེམས་ཀྱི་ དམིགས་པ་མེད་རུང་ གློ་བུར་གདུང་སེམས་དྲག་ཤུགས་ཐོག་ལས་ འཐབ་འཛིང་འབདཝ་ད་ གྱི་གསོབ་བྱིན་པའི་གནད་ལས་ ཤི་རྐྱེན་བྱུང་ཡོདཔ་ལས་ དབྱེ་རིམ་༢ པའི་ཉེས་ཆེན་ཐོག་ བཙོན་ཁྲིམས་ལོ་༩ བཀལ་ནུག།
དེ་མ་ཚད་ རྩོད་ཟླ་འཆི་མེད་བསམ་གྲུབ་ཀྱིས་ ཉེས་ལས་ལུ་ ཤི་རྐྱེན་བྱུང་ཡོདཔ་ལས་ ལོ་༡༠ གྱི་ ལས་མིའི་གླ་ཆ་ དངུལ་ཀྲམ་༣༦༠,༠༠༠ ཐམ་པ་དང་ རོ་བསྡུ་དགེ་རྩ་ལུ་བརྟེན་པའི་ ཞག་གྲངས་༤༩ ཚུན་གྱི་ ཟད་འགྲོ་མི་གྲངས་༧ གྱི་རྩིས་ གྱོང་རྒུད་ཀྱི་འཐུས་ དངུལ་ཀྲམ་༣༤༣,༠༠༠ རྩིས་ཏེ་ བསྡོམས་དངུལ་ཀྲམ་༣༩༤,༣༠༠ འཁྲུན་ཆོད་བཏོན་པའི་ཉིན་མ་ལས་རྩིས་ཏེ་ ཟླཝ་༡ གི་ནང་འཁོད་ལུ་ སྤྲོད་དགོ་པའི་ འཁྲུན་ཆོད་བཏོན་གནང་ཡི།
དེ་བཟུམ་སྦེ་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ལས་ ངོ་ཚབ་ཀྱིས་ འཐབ་འཛིང་བྱུང་པའི་སྐབས་ ཚེ་འདས་ཀྱི་ལག་པ་ལུ་ དངུལ་ཀྲམ་༥༠,༠༠༠ ཡོད་མི་དེ་ཡང་ ཞིབ་དཔྱད་མཛད་དགོ་པའི་ ཞུ་བ་ཕུལ་ཡོད་རུང་ ཁྲིམས་སྲུང་འགག་པའི་སྙན་ཞུ་དང་འཁྲིལ་ ཚེ་འདས་ཀྱི་ལག་པར་ ཏི་རུ་ཡོད་པའི་སྐོར་ལས་ ཤེས་རྟོགས་མེདཔ་མ་ཚད་ རྩོད་ཟླ་འཆི་མེད་བསམ་གྲུབ་ལས་ ཏི་རུ་འབག་སོང་ཡོད་པའི་ རྒྱུ་མཚན་བཏོན་ནི་མེདཔ་ལས་ ཐོག་མའི་ ཁྲིམས་འདུན་གྱིས་བཏོན་མིའི་གུ་ བཞག་ཡོདཔ་ཨིན་པས།
ཤི་རྐྱེན་དེ་ དང་བླངས་རྟོགས་མེད་གདོང་ཐུག་གི་ཐོག་ལས་ བྱུང་ཡོདཔ་སྦེ་ འཁྲུན་ཆོད་ནང་ བཀོད་ཡོདཔ་བཞིན་དུ་ ཞག་གྲངས་༡༠ གྱི་ནང་ མཐོ་གཏུགས་འབད་ཆོགཔ་ཨིན་པའི་གནས་ཚུལ།



 
བཀྲིས་ཕུན་ཚོགས།

No comments:

Post a Comment