གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འབྲུག་མི་༣ གྱི་རྩོད་གཞི་ ཁྲིམས་ཁང་གོང་མའི་ནང་ བཙུགས་ཡོདཔ།

༡༢/༡༢/༢༠༡༢   ༉ རྒྱ་གར་གྱི་ ཨ་སམ་མངའ་སྡེ་ནང་ ངོ་རྒོལ་འགྲེམ་སྟོན་ཚུ་ འཕྲོ་མཐུད་དེ་ར་ འབད་དོ་ཡོདཔ་ལས་ འདས་པའི་ཟླཝ་ནང་ ངང་ལམ་འབྲུག་ས་སྣུམ་བཀྲམ་སྤེལ་ལས་འཛིན་གྱི་ ལས་བྱེདཔ་༢ དང་ བཀྲིས་སྒང་ལས་ཨིན་མི་ དེད་གཡོགཔ་༡ གིས་ རྒྱ་གར་གྱི་ ཤོག་དངུལ་རྫུས་མ་ཚུ་ ལག་ལེན་འཐབ་ཡོད་པའི་ ཉེས་འཛུགས་ཕོག་མི་ རྩོད་གཞིའི་སྙན་གསན་དོན་ལུ་ ངང་ལམ་འབྲུག་ས་སྣུམ་བཀྲམ་སྤེལ་ལས་འཛིན་གྱི་ འགོ་དཔོན་ཚུ་ འགྱོ་མ་ཚུགསཔ་ཨིན་པས།


རྒྱ་གར་གྱི་ ཁྲིམས་སྲུང་འགག་པ་ཚུ་གིས་ འཛིན་བཟུང་འབད་མི་ འབྲུག་མི་ ཕོ་སྐྱེས་༣ གྱིས་ སྤྱི་ཟླ་༡༡ པའི་ཚེས་༡༩ ལུ་ ངང་ལམ་གྱི་ སྒོ་ར་ལས་ ཀི་ལོ་མི་ཊར་༡༠ དེ་ཅིག་ འགྱོ་དགོ་པའི་ ཨ་སམ་གྱི་ཁྲོམ་སྡེ་ ཌའུ་ཌར་ཁྲོམ་ཁར་ལུ་ རྒྱ་གར་གྱི་ཤོག་དངུལ་རྫུས་མ་ཚུ་ ལག་ལེན་འཐབ་པའི་ ཉེས་འཛུགས་ཕོག་ཡོདཔ་ཨིན་པས།
ཁོང་གིས་ལག་ལེན་འཐབ་མི་ རྒྱ་གར་གྱི་ ཏི་རུ་རྫུས་མ་༣,༠༠༠ འབད་མི་ཚུ་ ད་རེས་ཁམས་ གསརཔ་སྒོ་ཕྱེ་མི་ ངང་ལམ་གྱི་ ས་སྣུམ་བླུག་སར་ སྤྱི་ཟླ་༡༡ པའི་ཚེས་༡༨ ལུ་ སྣུམ་འཁོར་ནང་ མར་ཁུ་བླུག་པར་འོང་མི་ རྒྱ་གར་གྱི་ མི་ཁུངས་ཚུ་གིས་ སྤྲོད་ཡོདཔ་ཨིན་པས།
ཕོ་སྐྱེས་༣ ཆ་ར་ འགོ་དང་པ་ མངའ་སྡེའི་ མོ་ས་ལ་པུར་རྫོང་ཁག་གི་ ཁྲིམས་འདུན་ལུ་ བསྐྱལ་ཡོདཔ་བཞིན་དུ་ སྤྱི་ཟླ་༡༢ པའི་ཚེས་༤ ལུ་ སྙན་གསན་འགོ་བཙུགས་ནི་ལུ་ བསྒུགས་ཡོདཔ་ཨིན་རུང་ རྩོད་གཞི་དེ་ གུ་ཧ་ཊི་ ཁྲིམས་ཁང་གོང་མའི་ནང་ བཏང་ཡོདཔ་ཨིན་པས།
ངང་ལམ་འབྲུག་ས་སྣུམ་ལས་འཛིན་གྱི་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ ས་གནས་མོ་ས་ལ་པུར་ལུ་ ཁོང་དང་གཅིག་ཁར་ འབྲེལ་བ་འཐབ་ཚུགས་མི་ རྒྱབ་མི་ཅིག་ལས་ མེདཔ་ཨིན་རུང་ ཁོ་དང་ཡང་ འབྲེལ་བ་འཐབ་མ་ཚུགས་ནི་དེ་གིས་ ད་རེས་ གནད་དོན་དེ་གི་སྐོར་ལས་ ག་ཅི་ཡང་ ཤེས་མ་ཚུགས་ཟེར་ཨིན་པས།
འབྲུག་ས་སྣུམ་ལས་འཛིན་གྱི་ འགོ་དཔོན་ཅིག་གིས་ སླབ་མིའི་ནང་ མ་གཞི་ ཁོང་ཆ་ཁྱབ་ གུ་ཧ་ཊི་ཁྲིམས་ཁང་གོང་མའི་ནང་ སྙན་གསན་གྱི་དོན་ལུ་ འགྱོ་ནི་ཨིན་རུང་ ངོ་རྒོལ་འགྲེམ་སྟོན་ལུ་བརྟེན་ཏེ་ འགྱོ་མ་ཚུགས་ཟེར་ཨིནམ་ད་ རྩོད་གཞི་དེ་ ཁྲིམས་ཁང་གོང་མའི་ནང་ ག་ཅི་སྦེ་ བཙུགས་ཡོདཔ་ཨིན་ནའི་སྐོར་ལས་ ཧ་གོ་མ་ཚུགས་ཟེར་ཨིན་པས།
འགོ་དཔོན་དེ་གིས་འབད་བ་ཅིན་ ཁོང་གི་རྒྱབ་མི་ལས་ བརྡ་དོན་ཐོབ་དོ་བཟུམ་འབད་བ་ཅིན་ ཌའུ་ཌར་གྱི་ ཁྲིམས་སྲུང་འགག་པ་ཚུ་གིས་ གནད་དོན་དེ་གི་སྐོར་ལས་ ཁྲིམས་འདུན་ལུ་ སྙན་ཞུ་ལེགས་ཤོམ་སྦེ་ བཙུགས་ཡོད་མི་དང་འཁྲིལ་ ཁོང་༣ གྱི་དོན་ལུ་ འཕྲལ་མགྱོགས་ར་ ཉེས་མེད་ཀྱི་ བདེན་ཁུངས་བཟང་ཚུགས་ནི་བཟུམ་ཅིག་ཡོད་ཟེར་ སླབ་ཡོད་པའི་གནས་ཚུལ།



རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment