གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྤ་རོ་ཁྲོམ་ཧིང་སངས་ས་བཞག་ནི་ཨིན་ན་ ཡང་ཅིན་ ཉེས་ཆད་སྤྲོད་ནི་ཨིན་ན?

༡༢/༡༢/༢༠༡༢   ཁྲིམས་ལུགས་ལུ་ མ་གནས་མི་དང་ སྡོད་ཁྱིམ་པ་ཚུ་ལུ་ སྤྱི་ཟླ་དང་པ་ལས་ ཉེས་ཆད་བཀལ་ནི་ཨིན་པས།

༉ འཕྲལ་ཁམས་ཅིག་ཁར་ སྤ་རོ་རྫོང་ཁག་གིས་ ཕྱགས་སྙིགས་བླུག་སའི་ཧོད་གསརཔ་དང་ ཕྱགས་སྙིགས་བཀོ་སའི་ ས་གོ་ཚུ་ནང་ སྤ་རོ་ཁྲོམ་དེ་ ཧིང་སངས་ས་སྦེ་བཞག་ཟེར་ བྲིས་ཏེ་ཡོད་མི་དང་འཁྲིལ་ དབང་འཛིན་འགོ་དཔོན་ཚུ་གིས་ སྤྱི་ལོ་༢༠༡༣ ཟླཝ་དང་པ་ལས་འགོ་བཙུགས་ ཕྱགས་སྙིགས་ག་ལྷོད་སར་ བཀོག་མི་དང་ སྡོད་ཁྱིམ་པ་ཚུ་གིས་ རང་སོའི་ས་ཁོངས་ནང་ ཕྱགས་སྙིགས་མ་འཐུ་བར་ མཐོང་གསལ་འབྱུང་པ་ཅིན་ ཉེས་ཆད་བཀལ་ནི་ཨིན་པས།


སྤ་རོ་ཁྲོམ་ཁར་ ཟླ་རིམ་བཞིན་དུ་ ཕྱགས་སྙིགས་བསྡུ་བསྒྱོམ་དང་ ཕྱགས་བདར་རྐྱབ་ནི་གི་ ལས་རིམ་འགོ་འདྲེན་འཐབ་མ་ཚད་ ཕྱགས་སྙིགས་བསྡུ་བསྒྱོམ་འབད་མི་ སྣུམ་འཁོར་ཡོད་རུང་ ཕྱགས་སྙིགས་རག་རོ་ཚུ་གིས་ ཚོང་འདུས་ཁྲོམ་དང་ གཡུར་བ་ཚུ་ བསུབ་ཡོདཔ་མ་ཚད་ ཁྲོམ་གྱི་ཉེ་འདབས་ལས་བབས་མི་ སྤ་ཆུའི་གུ་ རག་རོ་ཚུ་ལྡིང་སྟེ་ཡོདཔ་ མཐོང་གསལ་བྱུངམ་ཨིན་པས།
དེ་བཟུམ་མའི་ ཕྱགས་སྙིགས་ཀྱིས་ ཁྲོམ་ཁམས་ལོག་སི་སི་སྦེ་ མཐོང་གསལ་བྱུང་མི་དེ་ གཙོ་བོ་ར་ ཕྱགས་སྙིགས་འཛིན་སྐྱོང་ལམ་ལུགས་ཚུལ་ལྡན་མེད་མི་དང་ མི་སྡེའི་ནང་འཁོད་ལུ་ ཤེས་རྟོགས་མེད་ནི་དེ་གིས་ཨིན་མས་ཟེར་ ཁྲོམ་སྡེའི་ནང་ སྡོད་མི་ཚུ་གིས་ སླབ་ཨིན་པས།
ཚོང་འདུས་ཀྱི་ ཚོང་པ་ཨམ་སྲུ་ཅིག་གིས་ སླབ་མིའི་ནང་ ཁྲོམ་ཁར་འོང་མི་ གྲོང་གཡུས་མི་སེར་ཚུ་ལུ་ ཕྱགས་སྙིགས་ག་ལྷོད་སར་ བཀོ་མ་ཆོག་པའི་ གོ་རྟོགས་མེད་མི་དང་ ཁྲོམ་སྡེའི་ནང་ ལྟ་རྟོག་འབད་མི་ ལས་བྱེདཔ་ལངམ་མེད་མི་ལུ་བརྟེན་ དཀའ་ངལ་བྱུངམ་མས་ཟེར་ཨིནམ་ད་ ལ་ལུ་གིས་འབད་བ་ཅིན་ དེ་བཟུམ་མའི་ ཁྲིམས་ལུགས་ལུ་ ས་གནས་མི་ཚུ་ལུ་ ཉེས་ཆད་བཀལ་ནི་མེད་མི་ལུ་བརྟེན་ བྱུངམ་མས་ཟེར་ཨིན་པས།
ད་ཚུན་གྱི་བར་ན་ ང་བཅས་ཀྱིས་ ཉེས་ཆད་བཀལ་མ་ཚུགས་མི་དེ་ ཕྱགས་སྙིགས་བཀོ་སའི་ ས་གོ་ཚུལ་ལྡན་ཅིག་ མཁོ་སྤྲོད་འབད་ཚུགས་ནི་དེ་གིས་ཨིན་ཟེར་ སྤ་རོའི་རྫོང་བདག་ བཙན་སྐྱོགས་རྡོ་རྗེ་གིས་ སླབ་ཨིན་པས།
འཕྲལ་ཁམས་ཅིག་ཁར་ རྫོང་ཁག་གིས་ ཕྱགས་སྙིགས་བླུག་སའི་ཧོད་གསརཔ་༡༩ ཉོ་སྟེ་ ས་གནས་ཁག་སོ་སོའི་ནང་ བཞག་ཡོདཔ་མ་ཚད་ ཕྱགས་སྙིགས་འབག་སྐྱེལ་མི་ སྣུམ་འཁོར་ཆུང་བ་༢ ཉོ་བསྒྲུབས་འབད་ཡོད་པའི་གནས་ཚུལ།

No comments:

Post a Comment