གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཨ་མི་རི་ཀའི་ ཕྱི་འབྲེལ་དྲུང་ཆེན་ལས་རོགསཔ་ ད་རིས་ ལོག་བྱོན་ནི།

༡༣/༡༢/༢༠༡༢   ༉ ཉིན་གྲངས་༢ ཀྱི་ ལྟ་སྐོར་དོན་ལུ་ ཁ་ཙ་ རྒྱལ་ཁབ་ནང་ལྷོད་མི་ ལྷོ་དབུས་ཨེ་ཤི་ཡའི་ ལས་དོན་ཚུ་གི་དོན་ལུ་ གཞུང་ཚབ་ཨིན་མི་ ཨ་མི་རི་ཀའི་ ཕྱི་འབྲེལ་དྲུང་ཆེན་ལས་རོགསཔ་ རོ་བརཊི་ བི་ལེག་གིས་ རྒྱལ་ཡོངས་ཚོགས་ཁང་ནང་སྦེ་ བློན་ཆེན་འཇིགས་མེད་འོད་ཟེར་འཕྲིན་ལས་མཆོག་དང་ མཇལ་ཕྲད་གནང་ཡི།
བློན་ཆེན་འཇིགས་མེད་འོད་ཟེར་འཕྲིན་ལས་མཆོག་དང་ ཨ་མི་རི་ཀའི་ ཕྱི་འབྲེལ་དྲུང་ཆེན་ལས་རོགསཔ་ མཇལ་ཕྲད་གནང་པའི་བསྒང་།


བློན་ཆེན་མཆོག་དང་ དྲུང་ཆེན་ལས་རོགཔ་གིས་ འབྲུག་གི་ གོང་འཕེལ་བྱ་རིམ་སྐོར་ལས་དང་ བློན་ཆེན་གྱིས་ འཕྲལ་ཁམས་ཅིག་ཁར་ རྒྱལ་ཁབ་ཀྱི་ མཐའ་ཟུར་ས་གནས་ཚུ་ནང་ གོང་འཕེལ་ལས་འགུལ་ཚུ་ བརྟག་ཞིབ་འབད་བར་ བྱོན་ཡོད་པའི་སྐོར་ལས་ གསུང་གྲོས་ཚུ་ གནང་ཡོདཔ་ཨིན་པས།
དེ་མ་ཚད་ གནད་དོན་གཞན་ བཟའ་འཐུང་གི་ཉེན་སྲུང་དང་ འབྲུག་གིས་ འབྲུ་སྣའི་རིགས་ཚུ་ ལངམ་སྦེ་བཟོ་ནིའི་དམིགས་གཏད་ དེ་ལས་ རྒྱལ་ཁབ་ནང་ སྲིད་དོན་གོང་འཕེལ་གྱི་སྐོར་ལས་ཡང་ གྲོས་བསྟུན་ཚུ་ འབད་ཡོདཔ་ཨིན་པས།
དྲུང་ཆེན་ལས་རོགསཔ་ རོ་བརཊི་ བི་ལེག་གིས་ བློན་ཆེན་དང་ གཞུང་གིས་ རྒྱལ་ཁབ་ཀྱི་མཐའ་དོན་ལུ་ གོང་འཕེལ་གྱི་བྱ་རིམ་དང་ འགན་འཁྲི་ཚུ་ ཚུལ་བཞིན་འབག་མི་དེ་ལུ་ དགའ་ཚོར་བསྐྱེད་ཡོདཔ་ཨིན་པས།
དྲུང་ཆེན་ལས་རོགསཔ་གིས་ རྒྱལ་ཁབ་༢ ཀྱི་བར་ན་ མཐུན་ལམ་རྒྱ་བསྐྱེད་གཏང་ནིའི་དོན་ལུ་ ཤེས་རིག་གི་གནད་དོན་ནང་ མཉམ་འབྲེལ་གང་དྲག་འབད་ནི་ཨིན་ཟེར་ཨིནམ་ད་ དེ་ཡང་ ཤེས་རིག་གྲོང་ཁྱེར་གྱི་དོན་ལུ་ ཨ་མི་རི་ཀ་ལས་ གཙུག་ལག་སློབ་སྡེ་ཚུ་ མང་སུ་སྦེ་ འབྲེལ་གཏོགས་འབད་བཅུག་ནི་དང་ འབྲུག་མི་ཚུ་ ཨ་མི་རི་ཀའི་ གཙུག་ལག་སློབ་སྡེ་ཚུ་ནང་ ཆེ་རིམ་ཤེས་ཡོན་སྦྱང་ནི་གི་ གོ་སྐབས་བྱིན་ནི་ཟེར་ཨིན་པས།
དྲུང་ཆེན་ལས་རོགསཔ་ རོ་བརཊི་ བི་ལེག་གིས་ སྤྱི་ལོ་༢༠༠༣ ལས་༢༠༠༦ ཚུན་ རྒྱ་གར་ ནིའུ་ལྡི་ལི་ལུ་ ཨ་མི་རི་ཀའི་ དོན་གཅོད་ཁང་ནང་ གཙོ་འཛིན་འོག་མ་སྦེ་ ཕྱག་ཞུ་ཡོདཔ་མ་ཚད་ སྤྱི་ལོ་༢༠༠༦ ལས་༢༠༠༩ གི་ ལོ་ཕྱེད་ཚུན་ ཤྲི་ལངྐ་དང་ མཱལ་དིབསི་ལུ་ གཞུང་ཚབ་ཀྱི་ གོ་གནས་ལེན་ཡོདཔ་ཨིན་པས།
སྤྱི་ལོ་༢༠༠༩ ལོའི་ ཟླཝ་༥ པ་ལས་ ད་ལྟོ་ཚུན་ ལྷོ་དབུས་ཨེ་ཤི་ཡའི་ ལས་དོན་ཚུ་གི་དོན་ལུ་ དྲུང་ཆེན་ལས་རོགསཔ་སྦེ་ ཕྱག་ཞུ་ཡོདཔ་ཨིན་པས།
དྲུང་ཆེན་ལས་རོགསཔ་ རོ་བརཊི་ བི་ལེག་དེ་ ད་རིས་ ལོག་བྱོན་ནི་ཨིན་པའི་གནས་ཚུལ།


རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment