གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རིན་བསྡུར་ཚོགས་ཆུང་གི་ འཐུས་མི་ཚུ་ལུ་ བདག་སྐྱོང་དང་འབྲེལ་བའི་ ངོས་ལེན་འབད་དགོཔ།

༡༣/༡༢/༢༠༡༢   ཨིན་རུང་ ཡར་སྐྱེད་བཟོ་སྐྲུན་ལས་སྡེ་གིས་ བཟོ་སྐྲུན་ལཱ་མ་ཐོབ་པའི་ གྱོང་རྒུད་ཕོག་མི་ལུ་
རྒུད་འཐུས་དངུལ་ཀྲམ་ས་ཡ་༦༢ ཐོབ་བརྗོད་བཀོད་མི་དེ་ སྤྲོད་ཐབས་མེདཔ།


༉ ཁ་ཙ་ མངོན་མཐོ་ཁྲིམས་འདུན་གྱིས་ སྤྱི་ལོ་༢༠༠༧ ལུ་ མངོན་མཐོ་ཁྲིམས་འདུན་བཟོ་སྐྲུན་གྱི་ རིན་བསྡུར་ཚོགས་ཆུང་ནང་ འབྲེལ་གཏོགས་ཡོད་མི་ འགོ་དཔོན་ཚུ་ལུ་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ཞིབ་དཔྱད་སྙན་ཞུ་དང་འཁྲིལ་ བདག་སྐྱོང་དང་འབྲེལ་བའི་ དང་ལེན་འབད་དགོ་པའི་ ཁྲིམས་ཀྱི་བཀའ་རྒྱ་གནང་ཡི།
རྩོད་རྙོགས་ཐོན་པའི་ཤུལ་ལུ་ རིན་བསྡུར་བསྐྱར་འཛུགས་ཐོག་ ཁག་འབགཔ་གཞན་ལུ་སྤྲོད་དེ་ ད་ལྟོ་ ཧེ་འཇོ་ལུ་ བཟོ་སྐྲུན་འབད་བའི་བསྒང་ཡོད་མི་ མངོན་མཐོ་ཁྲིམས་འདུན།


དེ་ཡང་ ཞབས་ཏོག་ལྷན་ཁག་གི་ རིན་བསྡུར་ཚོགས་ཆུང་གིས་ མངོན་མཐོ་ཁྲིམས་འདུན་བཟོ་སྐྲུན་གྱི་ ཁག་འབག་ལཱ་དེ་ མཁོ་སྒྲུབ་བཅའ་ཡིག་དང་ རིན་བསྡུར་གན་ཡིག་ཚུ་ རྫུས་བཟོ་ཐོག་ ཉི་མ་བཟོ་སྐྲུན་ལས་སྡེ་ལུ་ སྤྲོད་ནི་གི་ ཐབས་ཤེས་བཏོན་མི་ལུ་བརྟེན ཨིན་པས།
མངོན་མཐོ་ཁྲིམས་འདུན་གྱི་ འཁྲུན་ཆོད་ནང་ བཀོད་པའི་ནང་གསལ་ མ་གཞི་ མངོན་མཐོ་ཁྲིམས་འདུན་བཟོ་སྐྲུན་གྱི་ ཁག་འབག་ལཱ་དེ་ ཉི་མ་བཟོ་སྐྲུན་ལས་སྡེ་གིས་ ཐོབ་ཐོབ་མེད་རུང་ རིན་བསྡུར་ཚོགས་ཆུང་གི་ འགོ་དཔོན་ཚུ་གིས་ ཁྲིམས་མཐུན་མེད་པའི་ ཡིག་ཆ་རྫུས་བཟོ་ཡོད་པའི་ སྒྲུབ་བྱེད་ཡོད་མི་ལུ་བརྟེན་ ངན་ལྷད་དང་འབྲེལ་བའི་ ཐབས་ལམ་བཏོན་མི་དེ་ ཁྲིམས་འགལ་གྲངས་སུ་ཚུདཔ་ལས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ འཁྲི་འགན་དང་བསྟུན་པའི་ ཞིབ་དཔྱད་སྙན་ཞུ་ནང་ བདག་སྐྱོང་དང་འབྲེལ་བའི་ དང་ལེན་འཐབ་དགོཔ་སྦེ་ བཀོད་མི་དེ་ ཁྲིམས་འདུན་ལས་ ངོས་ལེན་གྲུབ་ཅི་ཟེར་བཀོད་ནུག།
ཁ་ཙ་ མངོན་མཐོ་ཁྲིམས་འདུན་གྱིས་ འཁྲུན་ཆོད་གནངམ་དང་འབྲེལ་ ཆེ་མཐོ་ཁྲིམས་འདུན་ལུ་ བཀའ་ཤོག་གནང་མིའི་ནང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ བཀོད་བྱ་ལྟར་ འབྲེལ་ཡོད་ལྷན་ཁག་གི་ འགན་འཁྲི་དང་བསྟུན་ ཟླ་ངོ་༣ གྱི་ནང་འཁོད་ བདག་སྐྱོང་དང་འབྲེལ་བའི་ དང་ལེན་ཚུལ་མཐུན་འཐབ་ཞིནམ་ལས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་དང་ མངོན་མཐོ་ཁྲིམས་འདུན་ལུ་ སྙན་ཞུ་ཕུལ་དགོ་པའི་ བཀའ་རྒྱ་གནང་ནུག།
སྤྱི་ལོ་༢༠༠༧ ཟླཝ་༡༠ པའི་ཚེས་༡༦ ལུ་ ལྷན་ཁག་གནས་རིམ་གྱི་ རིན་བསྡུར་ཚོགས་ཆུང་གི་ ཞལ་འཛོམས་ནང་ གསུང་གྲོས་ཀྱི་ བཅུད་དོན་ལུ་ མིང་རྟགས་བཀོད་མི་ཚུ་གི་ ཐོ་དང་འཁྲིལ་བ་ཅིན་ རིན་བསྡུར་ཚོགས་ཆུང་གི་ ཁྲི་འཛིན་དེ་ ཞབས་ཏོག་བློན་པོ་བགྲེསཔ་ ཀུན་བཟང་རྡོ་རྗེ་ཨིནམ་ད་ འཐུས་མི་ཚུ་ཡང་ མངོན་མཐོ་ཁྲིམས་འདུན་བཟོ་སྐྲུན་ལས་འགུལ་གྱི་མདོ་ཆེན་ ཆེ་མཐོ་ཁྲིམས་འདུན་གྱི་ དྲང་དཔོན་བགྲེསཔ་ འཇིགས་མེད་བཟང་པོ་དང་ ཞབས་ཏོག་ལྷན་ཁག་ ཁྲོམ་སྡེ་གོང་འཕེལ་ལས་ཁུངས་ཀྱི་མདོ་ཆེན་ རིན་ཆེན་རྡོ་རྗེ་ གནས་ཚད་དང་ རྒྱུ་སྤུས་དམ་འཛིན་དབང་འཛིན་གྱི་མདོ་ཆེན་ རིག་འཛིན་རྣམ་རྒྱལ་ བཟོ་སྐྲུན་གོང་འཕེལ་བཀོད་ཚོགས་ཀྱི་ བཀོད་ཁྱབ་མདོ་ཆེན་ དབང་འདུས་རྒྱལ་མཚན་ བདག་སྐྱོང་དང་ དངུལ་རྩིས་སྡེ་ཚན་གྱི་ དངུལ་རྩིས་གཙོ་འཛོན་འགོ་དཔོན་འོག་མའི་ངོ་ཚབ་ བདེ་སྐྱིད་ཆོས་སྒྲོན་ ཁྲོམ་སྡེ་གོང་འཕེལ་ལས་ཁུངས་ཀྱི་ བཟོ་རིག་གཙོ་འཛིན་ ཨྱོན་ཚེ་དབང་ ལས་འགུལ་མདོ་ཆེན་ ཕུན་ཚོགས་རྒྱལ་མཚན་ དེ་ལས་ ཁྲོམ་སྡེ་ལས་ཁུངས་ཀྱི་ ལས་འགུལ་བཟོ་རིག་འགོ་དཔོན་དེ་ཨིནམ་ད་ ཚོགས་ཆུང་དེ་ནང་ ཞབས་ཏོག་ལྷན་ཁག་ལས་མིན་པའི་ ལྷན་ཁག་གཞན་གྱི་ངོ་ཚབ་འཐུས་མི་ དངུལ་རྩིས་ལྷན་ཁག་གི་ ཡོངས་ཁྱབ་མདོ་ཆེན་ བླམ་རྡོ་རྗེ་དང་ སོ་ནམ་ལྷན་ཁག་གི་ བདག་སྐྱོང་གཙོ་འཛིན་འགོ་དཔོན་ བསོད་ནམས་དབང་འདུས་འབདཝ་ད་ རིན་བསྡུར་ཚོགས་ཆུང་ནང་ འཐུས་མི་༡༠ ཡོདཔ་ཨིན་པས།
དེ་འབདཝ་ད་ ཡར་སྐྱེད་བཟོ་སྐྲུན་ལས་སྡེའི་ཇོ་བདག་ ཕུརཔ་བཟངམོ་གིས་ རིན་བསྡུར་ནང་ གོང་ཚད་དམའ་ཤོས་བཀོད་ཡོད་རུང་རིན་བསྡུར་ཚོགས་ཆུང་གི་ འགོ་དཔོན་ཚུ་གིས་ ཚུལ་མིན་ལག་ལེན་འཐབ་སྟེ་ ཉི་མ་བཟོ་སྐྲུན་ལུ་ ཁག་འབག་གི་ ལཱ་སྤྲོད་ནི་གི་ ཐབས་ཤེས་བསྒྲིགས་མི་ལུ་བརྟེན་ གྱོང་རྒུད་ཕོག་པའི་ རྒུད་འཐུས་ཐོབ་བརྗོད་བཀོད་མི་དེ་ མངོན་མཐོ་ཁྲིམས་འདུན་གྱིས་ ཕྱིར་འབུད་ཐོག་ ཆེ་མཐོ་ཁྲིམས་འདུན་གྱི་ གྲོས་ཆོད་ལུ་ ངོས་ལེན་མཛད་ནུག།
ཁྲིམས་ཀྱི་བཀའ་རྒྱ་དང་འཁྲིལ་བ་ཅིན་ མངོན་མཐོ་ཁྲིམས་འདུན་བཟོ་སྐྲུན་གྱི་དོན་ལུ་ རིན་བསྡུར་འབདཝ་ད་ ཡར་སྐྱེད་བཟོ་སྐྲུན་ལས་སྡེ་ལུ་ བློན་པོ་ཚུ་གི་ བཞུགས་གནས་བཟོ་སྐྲུན་གྱི་ལཱ་དེ་ རྣམ་གྲངས་གཅིག་མེན་པར་༤ འི་གྲངས་སུ་ ཚུད་མི་ལུ་བརྟེན་ མཐོ་གཏུགས་པའི་ ཐོབ་བརྗོད་བཀོད་མིའི་ གྱོང་འཐུས་ཐོབ་ལམ་མིན་འདུག་ཟེར་ཨིན་པས།
རྩོད་རྙོགས་དེ་ཡང་ སྤྱི་ལོ་༢༠༠༧ ཟླཝ་༡༠ པའི་ནང་ ཞབས་ཏོག་ལྷན་ཁག་གིས་ ཡར་སྐྱེད་ལུ་ ལཱ་ཁག་༥ འབད་བཞིན་དུ་ཡོད་མི་དེ་ ཆོག་ཚད་ལས་ མཐོ་ཤོས་ཨིན་མས་ཟེར་ མངོན་མཐོ་ཁྲིམས་འདུན་བཟོ་སྐྲུན་གྱི་ རིན་བསྡུར་ནང་ བཅའ་མར་གཏོགས་མི་ལས་ ཆ་མེད་བཏང་པའི་ཤུལ་ལུ་ བྱུང་ཡོདཔ་ཨིན་པས།
ཡར་སྐྱེད་ཀྱིས་ ཁྲིམས་འདུན་ལུ་ ཞུ་མིའི་ནང་ མངོན་མཐོ་ཁྲིམས་འདུན་རྐྱབ་ནིའི་དོན་ལུ་ གོང་ཚད་དངུལ་ཀྲམ་ས་ཡ་༥༨༠ བཀོད་མི་དེ་ ཉི་མ་བཟོ་སྐྲུན་གྱིས་ དངུལ་ཀྲམ་ས་ཡ་༦༤༠ བཀོད་མི་དང་ཕྱདཔ་ད་ དངུལ་ཀྲམ་ས་ཡ་༦༠ དེ་ཅིག་གིས་ དམའཝ་ཨིན་རུང་ རིན་བསྡུར་ཡིག་ཆ་བསྐྱར་ཞིབ་འབདཝ་ད་ ཉི་མ་བཟོ་སྐྲུན་དེ་ གོང་ཚད་དམའ་ཤོས་དང་ ཡར་སྐྱེད་དེ་ དམའ་ཤོས་བཀོད་མི་༢ པ་སྦེ་ བཟོ་ཡི་ཟེར་ཨིན་པས།
ཡར་སྐྱེད་ཀྱིས་ རིན་བསྡུར་ཡིག་ཆ་ཚུ་ནང་ ཚུལ་མིན་ལག་ལེན་འཐབ་པའི་ ཉོགས་བཤད་བཀོད་པའི་ཤུལ་ལུ་རྐྱངམ་གཅིག་ ཞབས་ཏོག་ལྷན་ཁག་གིས་ རིན་བསྡུར་བསྐྱར་འཛུགས་ཀྱི་ གསལ་བསྒྲགས་འབད་ཡོདཔ་ད་ ང་བཅས་ཀྱིས་ ཉོགས་བཤད་མ་བཀོད་པ་ཅིན་ བཟོ་སྐྲུན་གྱི་ ཁག་འབག་ལཱ་དེ་ ཉི་མ་ལུ་ སྤྲོད་སྤྲོདཔ་འོང་ཟེར་ ཕུརཔ་བཟངམོ་གིས་ སླབ་ཨིན་པས།
ཞབས་ཏོག་ལྷན་ཁག་གིས་ དེ་བཟུམ་མའི་ ཚུལ་མིན་ལག་ལེན་ལུ་བརྟེན་ ལས་སྡེ་ལུ་ དངུལ་ཀྲམ་ས་ཡ་༦༢ གྱོང་རྒུད་ཕོག་མི་དེ་ གཞུང་ལས་ རྒུད་འཐུས་ཐོབ་བརྗོད་བཀོད་ཡོདཔ་ཨིན་པས།
ན་ཧིང་ སྤྱི་ཟླ་༡༢ པའི་ནང་ མངོན་མཐོ་ཁྲིམས་འདུན་གྱིས་ རྩོད་དོན་ནང་ ངན་ལྷད་དང་འབྲེལ་ཡོདཔ་ལས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ཞིབ་དཔྱད་རྐྱབ་ཐོག་ལས་ སྙན་ཞུ་ལྷོད་པ་ཅིན་རྐྱངམ་གཅིག་ རྩོད་བཤེར་འབད་ནི་ཟེར་ བཀའ་རྒྱ་གནང་ཐོག་ལས་ ཕར་འགྱངས་སྦེ་ བཞག་ཡོད་པའི་གནས་ཚུལ།


རིག་འཛིན་དབང་ཕྱུག།

No comments:

Post a Comment