གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཕོབ་སྦྱིས་ཁ་ལུ་ ཁྲུང་ཁྲུང་སྐེ་ནག་ཚུ་ འཁྱམས་སྡོད་སའི་ས་ཁོངས་ ཉམས་ནིའི་ཉེན་ཁ།

༨/༡༢/༢༠༡༢   རྒྱལ་གཞུང་རང་བཞིན་སྲུང་སྐྱོབ་ཚེགས་སྡེ་གིས་ ལུང་གཤོང་ནང་ ཁྱིམ་རྐྱབ་ནི་ལས་ བཀག་ཐབས་འབད་ནིའི་
ཐབས་ལམ་ཚུ་བཏོན་ཡོད་རུང་ སྒེར་གྱི་ས་ཆ་འབད་ནི་དེ་གིས་ འབད་ཐབས་མིན་འདུག་ཟེར་ཨིན་པས།

༉ རྒྱལ་ཁབ་ནང་ བྱ་ཁྲུང་ཁྲུང་སྐེ་ནག་འཁྱམས་སའི་ ས་ཁོངས་སྦོམ་ཤོས་ཅིག་ཨིན་མི་ དབང་འདུས་ཕོབ་སྦྱིས་ཁའི་ ལུང་ཤོང་གི་རྒྱ་ཚད་དེ་ ཉམས་འགྱོ་དོ་ཡོདཔ་ལས་ བྱ་ཉམས་སྲུང་འགོ་དཔོན་ཚུ་དང་ རང་བཞིན་གནས་སྟངས་མཁས་མཆོག་ཚུ་ ཚ་གྱང་ལང་དོ་ཡོདཔ་ཨིན་པས།
ཁྲུང་ཁྲུང་སྐེ་ནག་ཚུ་ འཁྱམས་སྡོད་སའི་ ས་ཁོངས་ཉེ་འདབས་ལུ་རྐྱབ་མི་བཟའ་ཁང་།


དེ་ཡང་ ད་རེས་ནངས་པ་ རྒྱལ་ཁབ་གོང་འཕེལ་འགྱོ་མི་དང་བསྟུན་ བྱ་ཁྲུང་ཁྲུང་འཁྱམས་སའི་ས་ཁོངས་ ཀི་ལོ་མི་ཊར་གྲུ་བཞི་༡༦༢ ཡོད་མིའི་ མཐའ་འཁོར་ཚུ་ནང་ ས་གནས་དེ་ཁའི་མི་དང་ སྒེར་སྡེ་ལ་ལུ་ཅིག་གིས་ ཁྱིམ་དང་བཟང་ཁང་ དེ་ལས་ ཚོང་ཁང་ལ་སོགས་པའི་ གཞི་རྟེན་མཁོ་ཆས་ཚུ་ རྐྱབ་ནི་དེ་གིས་ ལུང་གཤོང་གི་ཚད་གཞི་དེ་ ཉམས་དོ་ཡོདཔ་ཨིན་པས།
ལུང་གཤོང་ནང་ ད་རེས་ ཁྱིམ་གསརཔ་རྐྱབ་མི་ སྒང་སྟེང་དང་ ཕོབ་སྦྱིས་ཁ་རྒེད་འོག་༢ ལས་ རེ་རེ་ཡོདཔ་ད་ འདས་པའི་ལོ་༥ འི་ ནང་འཁོད་ལུ་འབད་བ་ཅིན་ སྒེང་སྟེང་རྒེད་འོག་རྐྱངམ་གཅིག་ནང་ར་ རང་ལུགས་ཀྱི་ཁྱིམ་༢༠ ལྷགཔ་ཅིག་དང་ བཟང་ཁང་༣ དེ་ཅིག་རྐྱབ་ཡོདཔ་ད་ དེ་བཟུམ་སྦེ་ ཕོབ་སྦྱིས་ཁ་ལུ་ཡང་ ཁྱིམ་རྐྱབ་མི་དག་པ་ཅིག་ ཐོན་ཡོདཔ་ཨིན་པས།
ཕོབ་སྦྱིས་ཁ་ལུ་ཡོད་པའི་ རྒྱལ་གཞུང་རང་བཞིན་སྲུང་སྐྱོབ་ཚོགས་སྡེ་གི་ ལས་འགུལ་འགོ་དཔོན་ འཇིགས་མེད་ཚེ་རིང་གིས་ སླབ་མིའི་ནང་ གཞི་རྟེན་མཁོ་ཆས་ཚུ་ བཟོ་སྐྲུན་འབད་བའི་སྐབས་ འཕྲུལ་ཆས་ལ་སོགས་པའི་སྐད་ཀྱིས་ བྱ་ཚུ་ལུ་ གནོད་སྐྱོན་རྐྱབ་པའི་ཁར་ སྒྲིང་ཁྱིམ་ཚུ་གིས་ བྱ་ཆགས་ནི་དང་ འཁྱམས་ནི་ལུ་ བར་ཆད་རྐྱབ་འོང་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ཕོབ་སྦྱིས་ཁ་དང་ སྒང་སྟེང་གི་ ལུང་གཤོང་དེ་ར་ བྱ་འཁྱམས་སའི་ས་ཁོངས་ཨིནམ་ལས་ དེ་ནང་གཞི་རྟེན་མཁོ་ཆས་ཚུ་རྐྱབ་པ་ཅིན་ ཨ་རྟག་ག་ཨིནམ་སྦེ་ ཁྲུང་ཁྲུང་སྐེ་ནག་ཚུ་ འཁྱམས་སྡོད་ནི་དང་ ལྟོ་འཚོལ་བཟའ་སའི་ ས་ཁོངས་མེདཔ་འགྱོ་བའི་སྐབས་ ས་གནས་དེ་ཁར་ ཁྲུང་ཁྲུང་འོང་མིའི་གྱངས་ཁ་དེ་ཡང་ རང་བཞིན་གྱིས་ མར་འབབ་འགྱོ་ནིའི་ ཉེན་ཁ་ཡོད་ཟེར་ཨིན་པས།
ད་རེས་ རྒྱལ་ཁབ་ནང་ ཁྲུང་ཁྲུང་སྐེ་ནག་ཚུ་ འཁྱམས་སྡོད་སའི་ས་ཁོངས་ བཀྲིས་གཡང་རྩེ་འབུམ་སྡེ་གླིང་དང་ དབང་འདུས་མཁོ་ཐང་ཁ་ དེ་ལས་ བུམ་ཐང་ཚུ་ནང་ ཁྲུང་ཁྲུང་འོང་མིའི་གྱངས་ཁ་དེ་ ལེ་ཤ་གིས་ མར་བབས་སོང་ཡོདཔ་ད་ དེ་ཡང་ གནས་སྡུད་དང་འཁྲིལ་བ་ཅིན་ རྒྱལ་ཁབ་ནང་ འགོ་དང་པ་ སྤྱི་ལོ་༡༩༨༦ དང་༡༩༨༧ ལུ་ ཁྲུང་ཁྲུང་སྐེ་ནག་གི་གྲངས་རྩིས་ རྐྱབ་ནི་འགོ་བཙུགས་པའི་སྐབས་ འབུམ་སྡེ་གླིང་ལུ་ ཁྲུང་ཁྲུང་སྐེ་ནག་༢༠༠ ཐོ་བཀོད་འབད་མི་ལས་ ན་ཧིང་༡༠༢ ལུ་ མར་བབས་སོང་ཡོདཔ་ད་ དེ་བཟུམ་སྦེ་ བུམ་ཐང་ལུ་༢༠ ཐོ་བཀོད་འབད་མི་དེ་༥ དང་ མཁོ་ཐང་ཁ་ལུ་༣༠ ལྷོད་མི་དེ་ ན་ཧིང་༥ ལས་མ་ལྷོད་མི་དེ་ཡང་ འཁྱམས་སའི་ས་ཁོངས་ མེདཔ་བཏང་ནི་དེ་གིས་ཨིན་པས།
འབུམ་སྡེ་གླིང་གི་ས་ཁོངས་དེ་ ཆུ་རུད་ཀྱིས་མེདཔ་བཏང་ཡོདཔ་ད་ མཁོ་ཐང་ཁ་དང་ བུམ་ཐང་ལུ་འབད་བ་ཅིན་ བཟོ་སྐྲུན་ལཱ་འབད་ནི་དེ་གིས་ཨིན་པས།
མ་གཞི་ རྒྱལ་གཞུང་རང་བཞིན་སྲུང་སྐྱོབ་ཚོགས་སྡེ་གིས་ ལུང་གཤོང་ནང་ ཁྱིམ་རྐྱབ་ནི་ལས་ བཀག་ཐབས་འབད་ནིའི་ ཐབས་ལམ་ཚུ་བཏོན་ཡོད་རུང་ སྒེར་གྱི་ས་ཆ་འབད་ནི་དེ་གིས་ འབད་ཐབས་མིན་འདུག་ཟེར་ཨིན་པས།
སྒང་སྟེང་རྒཔོ་ རྡོ་ཕུག་གིས་འབད་རུང་ ས་ཆ་དེ་ སྒེར་གྱི་འབདཝ་ལས་ གཞུང་གིས་མ་རྐྱབ་ཟེར་ སླབ་ཐབས་མིན་འདུག་ཟེར་ཨིནམ་ད་ ཨིན་རུང་ གཞུང་གིས་ཧོང་ལས་ ཐབས་ལམ་ཅིག་ ལུང་གཤོང་དེ་ནང་ ཁྱིམ་ཐོག་༢ ལས་བརྒལ་ རྐྱབ་མ་ཆོག་པའི་ཁར་ བཟོ་སྐྲུན་ཅ་ཆས་ཚུ་ ལྕགས་དང་ རྩི་ས་ལག་ལེན་འཐབ་པ་ཅིན་ རང་ལུགས་ཀྱི་ བཟོ་བཀོད་དགོ་པའི་ལམ་ལུགས་དེ་ དུས་ཅི་ རྫོང་ཁ་ཡར་རྒྱས་ཚོགས་འདུ་ནང་ གྲོས་ཐག་བཅད་ཅི་ཟེར་ ཨིན་པའི་གནས་ཚུལ།



 
ཕོབ་སྦྱིས་ཁ་ལས་ བསྟན་འཛིན་རྣམ་རྒྱལ།

No comments:

Post a Comment