གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འགྲུལ་འཁོར་བཱསི་གི་གླ་ཆ་ ཡར་སེང་འབད་ནི།

༨/༡༢/༢༠༡༢   ༉ འཕྲལ་ཁམས་ཅིག་ཁར་ ས་སྣུམ་ཌི་ཟིལ་གྱི་གོང་ཚད་ ཡར་སེང་འབད་ཡོདཔ་བཞིན་དུ་ ལམ་འགྲུལ་ཉེན་སྲུང་དང་སྐྱེལ་འདྲེན་དབང་འཛིན་གྱིས་ རྒྱལ་ཁབ་ནང་འཁོད་ཀྱི་ མི་མང་སྐྱེལ་འདྲེན་གྱི་ འགྲུལ་པའི་གླ་ཆ་ཡང་ སྤྱི་ཟླ་༡༢ པའི་ཚེས་༡༠ ལས་ ཡར་སེང་འབད་ནི་ཨིན་པས།


ལམ་འགྲུལ་ཉེན་སྲུང་གི་ སྐྱེལ་འདྲེན་གཙོ་འཛིན་འགོ་དཔོན་འོགམ་ ཀརྨ་སྤེན་པ་གིས་སླབ་མིའི་ནང་ མི་མང་སྐྱེལ་འདྲེན་བཱསི་གི་ གླ་ཆ་ ཡར་སེང་འབདཝ་ད་ བཱསི་དང་འབྲེལ་བའི་ལག་ལེན་གཞན་གྱི་གོང་ཚད་ཚུ་ཡང་ ཡར་འཕར་འགྱོ་འོང་ཟེར་ཨིན་པས།
སྣུམ་འཁོར་གྱི་སྐྱིན་འགྲུལ་དང་ འདེད་གཡོགཔ་གི་དངུལ་ཕོགས་ སྣུམ་འཁོར་ཚུ་འགྲོ་འགྲུལ་འབདཝ་ད་ ཟད་འགྲོ་ཡོངས་བསྡོམས་ཀྱི་ གོང་ཚད་ཚུ་རྩིས་རྐྱབ་སྟེ་ཡར་སེང་འབད་ཡི་ཟེར་ ཁོ་གིས་སླབ་ཨིན་པས།
གླ་ཆ་ཡར་སེང་དེ་ཡང་ བརྡ་དོན་དང་བརྒྱུད་འབྲེལ་ལྷན་ཁག་གིས་ འཕྲི་སྣོན་མཛད་མི་ འགྲུལ་འཁོར་བཱསི་གི་གླ་ཆ་བསྐྱར་ཞིབ་ཀྱི་དཔེ་ཚད་ ལག་ལེན་འཐབ་སྟེ་ རྩིས་བཏོན་ཡོདཔ་ཨིན་པས།
གླ་ཆ་བརྒྱ་ཆ་༣.༤ ཡར་སེང་འབད་མི་གིས་ ལམ་འགྲུལ་འབད་མིའི་གླ་ཆ་ཚུ་ ཀི་ལོ་མི་ཊར་རེ་ལུ་ དངུལ་ཀྲམ་༠.༩༤ ལས་ དངུལ་ཀྲམ་༠.༩༧ གྱིས་ ཡར་སེང་འགྱོ་ནི་ཨིནམ་ད་ དཔེ་འབད་བ་ཅིན་ ཐིམ་ཕུ་ལས་ སྤ་རོ་ལུ་འབད་བ་ཅིན་ དངུལ་ཀྲམ་༡༢༩ ལས་༡༣༣ ལུ་ ཡར་སེང་འགྱོ་ནི་ཨིན་མ་ད་ ཕུན་ཚོགས་གླིང་ལས་ བསམ་རྩེ་ལུ་འགྱོ་མི་ བཱསི་ཚུ་གིས་ མི་རེའི་གླ་ཆ་དངུལ་ཀྲམ་༤༢ ལས་༤༤ ལུ་ ཡར་སེང་འགྱོ་ནི་ཨིན་པས།
གླ་ཆ་བསྐྱར་ཞིབ་འབད་བའི་ཚད་གཞི་དེ་ ལུང་ཕྱོགས་དང་ ས་གནས་ཀྱི་ཡིག་ཚང་ག་རའི་ནང་ བཀྲམ་སྤེལ་འབད་ནི་ཨིནམ་ལས་ ཡིག་ཚང་ཚུ་གིས་ བཱསི་ལག་ལེན་ཚུ་ལུ་ བཀྲམ་སྤེལ་འབད་དགོཔ་ཨིན་པས།
མི་མང་སྐྱེལ་འདྲེན་འབད་མི་ཚུ་གིས་ མི་མང་ལུ་ ཞབས་ཏོག་ལེགས་ཤོམ་བྱིན་ཐབས་ལུ་ གླ་ཆ་བསྐྱར་གསོ་འབད་ཡི་ཟེར་ཨིན་པས།
རྒྱལ་ཁབ་ནང་ ཁྲོམ་སྡེའི་འགྲུལ་འཁོར་བཱསི་༣༤ དང་ རྫོང་ཁག་ནང་འཁོད་ལུ་ བཱསི་༢༠༠ ལྷགཔ་ཅིག་ཡོདཔ་ད་ སྤྱི་ལོ་༢༠༡༡ ལས་ ད་ཚུན་གྱི་བར་ན་ འགྲུལ་པ་ཡོངས་བསྡོམས་༡,༠༡༠,༩༢༤ གིས་ འགྲོ་འགྲུལ་འབད་ཡོདཔ་མ་ཚད་ ཐིམ་ཕུ་ཁྲོམ་རྐྱངམ་གཅིག་ནང་ མི་༥༠༠ དེ་ཅིག་གིས་ བཱསི་ལག་ལེན་འཐབ་དོ་ཡོདཔ་ཨིན་པའི་གནས་ཚུལ།


 
རྩོམ་བྲིས་ལས་བྱེདཔ།

No comments:

Post a Comment