གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འབྲུག་གི་ཁྱེགས་མཚོ་ཚུ་ ལོ་ངོ་བཅུ་ཕྲག་ནང་ བརྒྱ་ཆ་༡༠ མར་འབབ་འགྱོ་ནི།

 ཁྱེགས་མཚོ་བཞུ་སྟེ་ མར་བབས་འགྱོཝ་དང་གཅིག་ཁར་ འབྲུག་གི་གངས་རི་ཚུ་ལས་ བབས་མིའི་ཆུ་གི་ ཚད་གཞི་དེ་ཡང་ ལོ་ངོ་བཅུ་ཕྲག་ནང་ བརྒྱ་ཆ་༣༠ མར་འབབ་འགྱོ་ནི་ཨིནམ་སྦེ་ ཞིབ་འཚོལ་མཁས་དབང་ཅིག་གིས་ གསལ་བཀོད་འབདཝ་ཨིན་པས།
 ༣/༡༢/༡༢། ༉ གནམ་གཤིས་ འགྱུར་བགྲོད་ཀྱི་གནས་སྟངས་ ག་དེ་སྦེ་ར་ ཨིན་རུང་ ཧི་མ་ལ་ཡའི་གངས་རིའི་ནང་གི་ ཁྱེགས་མཚོ་ཚུ་ འཕྲོ་མཐུད་དེ་ར་ བཞུ་འགྱོ་ནི་ཨིནམ་ལས་ ཁྱེགས་མཚོའི་ཚད་གཞི་ལུ་ཡང་ མར་ཉམས་ཀྱི་གནས་སྟངས་ཐོག་ གནས་འོང་ཟེར་ བིར་མིང་ཧམ་ ས་ཁམས་རིག་པའི་གཙུག་ལག་སློབ་སྡེའི་ མཁས་མཆོག་ རུབ་པར་གྱིས་ འབྲུག་གི་ ཁྱེགས་མཚོའི་གནས་སྟངས་ ཞིབ་འཚོལ་སྙན་ཞུའི་ནང་ བཀོད་ནུག།

མོ་གིས་ཞིབ་འཚོལ་སྙན་ཞུའི་ནང་ བཀོད་དོ་བཟུམ་འབད་བ་ཅིན་ ད་ལྟོའི་གནམ་གཤིས་ འགྱུར་བའི་གནས་སྟངས་དང་འཁྲིལ་བ་ཅིན་ མ་འོངས་ ལོ་ངོ་བཅུ་ཕྲག་གཅིག་གི་ནང་འཁོད་ལུ་ ད་ལྟོའི་གནས་ཚད་ནང་ཡོད་པའི་ འབྲུག་གི་ཁྱེགས་མཚོ་བརྒྱ་ཆ་༡༠ དེ་ཅིག་ བཞུ་སྟེ་མར་འབབ་འགྱོ་འོང་ཟེར་ཨིནམ་ད་ སྙན་ཞུ་ནང་བཀོད་མི་ལྟར་དུ་འབད་བ་ཅིན་ ལོ་རེའི་ནང་ འབྲུག་གི་ཁྱེགས་མཚོ་བརྒྱ་ཆ་༡ དེ་རེ་ ཚ་དྲོད་ཡར་འཕར་ལུ་བརྟེན་ བཞུ་ནི་དེ་གིས་ ཨིན་མས་ཟེར་ཨིན་པས།

ད་རུང་མོ་གིས་སྙན་ཞུ་ཅིག་ནང་ ཚ་དྲོད་ལུ་བརྟེན་ ལོ་བསྟར་བཞིན་དུ་ ཁྱེགས་མཚོ་བཞུ་འགྱོ་མི་གིས་ མ་འོངས་ལོ་བཅུ་ཕྲག་ནང་ འབྲུག་གི་གངས་རི་ཚུ་ལས་བབས་མིའི་ གཙང་ཆུའི་ཚད་གཞི་དེ་ བརྒྱ་ཆ་༣༠ ལུ་ མར་འབབ་འགྱོ་ནི་ཨིནམ་སྦེ་བཀོད་ནུག།


མཁས་མཆོག་ རུབ་པར་གྱིས་ གསལ་བཀོད་འབད་མའི་ནང་ ཚ་དྲོད་ཡར་འཕར་འགྱོ་མི་དེ་ གནམ་གཤིས་འགྱུར་བགྲོད་ཀྱི་ ཆ་ཤས་ཅིག་ཨིནམ་ད་ གནམ་གཤིས་འགྱུར་བགྲོད་འགྱོ་མིའི་ རྒྱུ་རྐྱེན་གཞན་ཡང་ལེ་ཤ་ར་ ཡོད་ཟེར་ཨིན་པས།


གནམ་གཤིས་འགྱུར་བགྲོད་དེ་ ས་གནས་ཀྱི་ རླུང་མའི་གནས་སྟངས་དང་ རློན་གཤེར་གནས་སྟངས་ དེ་ལས་ སའི་རློན་ཆ་རླངསམ་ལུ་ འགྱུར་བའི་གནས་སྟངས་ཚུ་གིས་ཡང་ ཆ་དྲོད་ཡར་འཕར་གྱི་ ལྷན་གྲོགས་འབདཝ་ཨིན་ཟེར་ཨིན་པས།


མོ་གིས་འབད་བ་ཅིན་ འབྲུག་གི་ཁྱེགས་མཚོ་ཚུ་ འདས་པའི་ལོ་ངོ་བཅུ་ཕྲག་གི་ནང་ ཚ་དྲོད་ཀྱི་གནས་སྟངས་ ཤུགས་སྦེ་ར་བྱུང་ནུག་ཟེར་ཨིནམ་ད་ ཁྱེགས་མཚོ་ཚུ་ བཞུ་ནི་ལས་བཀག་ནིའི་ཐབས་ལམ་བཏོན་དགོ་པ་ཅིན་ གནམ་དགུན་ གངས་རི་ཚུ་ནང་ ཁཝ་རྐྱབ་ནིའི་དུས་ཡུན་ཚད་གཞི་དེ་ ལོག་ལྟབ་སྦེ་ཡར་སེང་འབད་དགོཔ་ཨིན་རུང་ ཚ་དྲོད་ཡར་འཕར་འགྱོཝ་དང་ ཆརཔ་མ་གཏོགས་ ཁཝ་མངམ་མི་རྐྱབ་ཟེར་ཨིན་པས།


ད་རུང་ ཁྱེགས་མཚོ་མང་སུ་བཞུ་འགྱོ་མི་གིས་ རང་བཞིན་རྐྱེན་ངན་གྱི་ཉེན་ཁ་ཡོདཔ་ད་ ཁྱེགས་མཚོ་བཞུ་འགྱོ་ནི་དང་ ཆརཔ་གི་ཆུ་བསྡོམས་པའི་བསྒང་ལས་ ལུང་གཤོང་ཚུ་ནང་ ཆུ་རུད་འཐོན་ནིའི་ཉེན་ཁ་སྦོམ་སྦེ་ར་ཡོད་ཟེར་ཨིན་པས།


འཛམ་གླིང་གི་མི་སྡེ་མང་ཤོས་ཅིག་ ལུང་གཤོང་ཚུ་ནང་ གཞིས་ཆགས་ཏེ་ཡོདཔ་ལས་ མི་རློབས་མང་ཤོས་ཅིག་ ས་གནས་ཚུ་ནང་སྡོད་དོ་ཡོདཔ་ལས་ ཆུ་རུད་ལུ་བརྟེན་ འབྲུག་གིས་མ་ཚད་ ལུང་གཤོང་ནང་ཡོད་པའི་ ཁྱིམ་ཚང་རྒྱལ་ཁབ་ཚུ་གི་ ལམ་སྲོལ་དང་ རྒྱལ་རབས་ཅན་གྱི་ས་གནས་ཚུ་ལུ་ ཉམས་ཉེན་འབྱུང་ནིའི་ གནོད་ཉེན་སྦོམ་ར་ ཡོད་ཟེར་ཨིན་པས།


ཞིབ་འཚོལ་གྲུབ་འབྲས་ནང་ ཚ་དྲོད་ཡར་འཕར་གནས་སྟངས་དེ་ ལོ་རེའི་ནང་ ཌི་གི་རི་༡ རེ་ ཡར་འཕར་འགྱོ་བ་ཅིན་ འབྲུག་གི་ཁྱེགས་མཚོ་ཚུ་ བརྒྱ་ཆ་༢༥ གི་ཚད་གཞི་ མར་འབབ་འགྱོ་འོང་ཟེར་ཨིནམ་ད་ ལོ་བསྟར་བཞིན་དུ་ ཁྱེགས་མཚོ་བཞུ་སྟེ་ཆུ་ལུ་འགྱུར་བའི་གནས་ཚད་དེ་ བརྒྱ་ཆ་༦༥ རེ་ མར་བབས་འགྱོ་ནི་གི་འོས་འབབ་འདུག་ཟེར་ཨིན་པས།


ཞིབ་འཚོལ་སྙན་ཞུ་དེ་ འབྲུག་ལུ་ཐེངས་དང་པ་ཨིནམ་ད་ ཁྱེགས་མཚོའི་གནས་སྟངས་ལུ་ ཆུ་རུད་རྐྱེན་ངན་འཛིན་སྐྱོང་གིས་ མ་འོངས་ཡུན་བརྟན་དང་ ཆུའི་ཐོན་སྐྱེད་ཀྱི་དོན་ལུ་ འཆར་གཞི་ཚུ་བཟོ་དོ་ཡོདཔ་ཨིན་པའི་གནས་ཚུལ། 

བསམ་གཏན་ཡེ་ཤེས།

No comments:

Post a Comment