གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གནས་ཚུལ་མདོར་བསྡུས།

 ༣/༡༢/༡༢། མོང་སྒར་རྫོང་ཁག་ དགྲ་མེད་རྩེ་ཐེག་མཆོག་རྣམ་གྲོལ་ཨྱོན་ཆོས་གླིང་གི་ ལོ་བསྟར་བསྐང་གསོ་ཆེན་མོ་དེ་ རཀཥ་དམངས་འཆམ་དང་བཅསཔ་སྦེ་ སྤྱི་ཟླ་༡༡ པའི་ཚེས་༢༨ ལུ་ གྲོལ་ཡོདཔ་ད་ ཉིན་གྲངས་༣ འབད་མི་ ཚེས་བཅུ་དེ་ སྤྱི་ཟླ་༡༡ པའི་ཚེས་༢༥ གི་ནུབ་མོར་ དྲག་པོའི་སྦྱིན་སྲེག་ཐོག་ལས་ འགོ་བཙུགས་ཡོདཔ་བཞིན་དུ་ དགྲ་མེད་རྩེའི་ ཚེས་བཅུ་དེ་ མི་ལོ་༤༠༠ ལྷགཔ་ཅིག་གི་ཧེ་མར་ དགྲ་མེད་རྩེ་རྔ་འཆམ་འགོ་བཙུགས་གནང་མི་ མཁས་གྲུབ་ཀུན་དགའ་དབང་ཕྱུག་དང་ གདན་ས་ཕྱག་བཏབ་གནང་མི་ ཨ་ནེ་མཆོད་རྟེན་བཟང་མོ་གཉིས་ཀྱིས་ སྲོལ་བཙུགས་གནང་ཡོད་པའི་གནས་ཚུལ།

No comments:

Post a Comment