གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

དགོངས་ཕོག་བཀའ་རྒྱ་བཏོན་མི་དེ་ ཁྲིམས་མཐུན་མེདཔ།

༡/༡༢/༢༠༡༢   ཚོགས་དཔོན་དང་ ནང་སྲིད་བློན་པོ་དགོངས་ཕོག་བཏོན་མ་ཆོག་པའི་ཁར་ ཁོང་གཉིས་ཀྱི་ རྩོད་བཤེར་སྐབས་ གཞུང་གི་ཁ་ཐུག་ལས་ ངོ་ཚབ་ཡང་འབད་མི་ཆོག་ནི།
༉ ཁ་ཙ་ ཆེ་མཐོ་ཁྲིམས་འདུན་གྱིས་ རྒྱལ་ཡོངས་ཚོགས་འདུའི་ ཚོགས་དཔོན་དང་ ནང་སྲིད་དང་ སྲོལ་འཛིན་བློན་པོ་༢ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ གསོལ་ཞུ་ཕུལ་དོ་བཟུམ་སྦེ་ར་ དགོངས་ཕོག་བཀའ་རྒྱ་ བསྟར་སྤྱོད་འབད་མ་དགོ་པའི་ བཀའ་རྒྱ་གནང་ཡི།


རྩོད་གཞིའི་ཐད་ཁར་ལྷོདཔ་ད་ གཞུང་མིན་པར་ ངོ་རྐྱང་གི་ རྩོད་གཞི་ཨིནམ་ལས་ ཁྲིམས་ཀྱི་འདུན་སར་ ཚོགས་དཔོན་དང་ ནང་སྲིད་བློན་པོ་ལུ་ ཉེས་འཛུགས་འབད་མི་ལུ་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ ངོ་ཚབ་སྦེ་ འབྲེལ་གཏོགས་འབད་མ་ཆོགཔ་སྦེ་ བཀའ་རྒྱ་གནང་མི་དེ་ཡང་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་དེ་ རྒྱལ་ཁམས་ཀྱི་ མཐའ་དོན་ཉེན་སྐྱོབ་འབད་ནིའི་དོན་ལུ་ གཞུང་གི་ངོ་ཚབ་འབད་ནིའི་ འགན་དབང་ཡོད་མི་ལུ་བརྟེན་ཨིན་པས།
ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ རྒྱལ་པོའི་ཞིང་ས་ཆ་བགོ་བཀྲམ་དང་འབྲེལ་བའི་ ཉེས་འཛུགས་ཐོག་ རྒྱལ་ཡོངས་ཚོགས་འདུའི་ ཚོགས་དཔོན་དང་ ནང་སྲིད་བློན་པོ་ མི་འགྱུར་རྡོ་རྗེ་གཉིས་ལུ་ ངན་ལྷད་བཀག་སྡོམ་བཅའ་ཁྲིམས་དང་འཁྲིལ་ སྤྱི་ཟླ་༡༡ པའི་ཚེས་༡༥ ལུ་ དགོངས་ཕོག་བཀའ་རྒྱ་བཏོན་ཡོདཔ་ཨིན་པས།
སྤྱི་ཟླ་༡༡ པའི་ཚེས་༡༩ ལུ་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ དགོངས་ཕོག་བཀའ་རྒྱ་དེ་ ཁྲིམས་མཐུན་མིན་པས་ཟེར་ གདོང་རྒོལ་འབད་ཐོག་ལས་ ཆེ་མཐོ་ཁྲིམས་འདུན་ལུ་ ཆ་མེད་དང་ ཡང་ཅིན་ གནས་སྐབས་ཅིག་ ཆ་མེད་མེདཔ་བཟོ་གནང་དགོ་པའི་ ཞུ་ཡིག་བཙུགས་ཡོདཔ་བཞིན་དུ་ རྩ་ཕན་གཉིས་ཆ་ར་ལུ་ དགོངས་ཕོག་བཏོན་དགོཔ་དང་ མ་དགོ་པའི་ བདེན་ཁུངས་ཚུ་ བཟང་བཅུག་ཡོདཔ་ཨིན་པས།
ཆེ་མཐོ་ཁྲིམས་འདུན་གྱི་ བཀའ་རྒྱ་དང་འཁྲིལ་བ་ཅིན་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ཚོགས་དཔོན་དང་ ནང་སྲིད་བློན་པོ་གཉིས་ལུ་ ད་ལྟོའི་གོ་གནས་ནང་ ཧེ་མའི་འགན་འཁྲི་སྐབས་ཀྱི་ ཉེས་འཛུགས་འབད་མི་དེ་ ངན་ལྷད་བཀག་སྡོམ་བཅའ་ཁྲིམས་༢༠༡༡ ཅན་མའི་ དོན་ཚན་༡༦༧(༢) པ་དང་ རྒྱལ་ཡོངས་ཚོགས་འདུའི་ཚོགས་དཔོན་བཅའ་ཁྲིམས་༢༠༠༤ གི་དགོངས་དོན་ཚུ་ནང་  མི་འགབ་དོ་ཡོདཔ་ལས་ འཁྲུན་ཆོད་མ་བཏོན་ཚུན་ཚོད་ ཆེ་མཐོ་ཁྲིམས་འདུན་གྱིས་ སྤྱི་ཟླ་༡༡ པའི་ཚེས་༡༩ ལུ་ དགོངས་ཕོག་བཀའ་རྒྱ་དེ་ སྐབས་ཐོག་མཚམས་འཇོག་འབད་དགོ་པའི་ བཀའ་རྒྱ་གནང་མི་ལུ་ གཞི་འཛིན་འབདཝ་ཨིན་ཟེར་བཀོད་ནུག།
ཁྲིམས་ཀྱི་བཀའ་རྒྱ་དང་འཁྲིལཝ་ད་ ངན་ལྷད་བཀག་སྡོམ་བཅའ་ཁྲིམས་དེ་ སྤྱི་ལོ་༢༠༡༡ ཟླཝ་༢ པའི་ནང་ ཆ་འཇོག་གྲུབ་ཡོད་རུང་ བཅའ་ཁྲིམས་འདི་ གནད་དོན་ག་ཅི་ནང་ཨིན་རུང་ རྒྱབ་ལོག་ཐོག་ བསྟར་སྤྱོད་འབད་ཆོག་ཟེར་ བཀོད་ཡོདན་མ་གཏོགས་ ད་རིས་བཟུམ་མའི་ རྩོད་དོན་གྱི་ཐད་ལུ་ བསྟར་སྤྱོད་འབད་ནི་གི་ འོས་འབབ་མིན་འདུག་ཟེར་ཨིན་པས།
དེ་ལས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ཉེས་རྩོད་གསུམ་རྩིས་ཏེ་ ཞི་རྩོད་༧༥ སྤྱི་ཟླ་༡༡ པའི་ཚེས་༡༣ ལུ་ མོང་སྒར་རྫོང་ཁག་ཁྲིམས་ཀྱི་འདུན་སར་ ཐོ་བཀོད་འབད་ཡོདཔ་བཞིན་དུ་ རྩོད་བཤེར་གྱི་ བྱ་རིམ་ཚུ་ ཤུལ་མའི་བདུན་ཕྲག་ནང་ འགོ་བཙུགས་ཚུགས་པའི་ རེ་བ་ཡོད་ཟེར་ མོང་སྒང་དྲང་དཔོན་ མགོན་པོ་རྡོ་རྗེ་གིས་ བཤདཔ་ཨིན་པའི་གནས་ཚུལ།



རིག་འཛིན་དབང་ཕྱུག།

No comments:

Post a Comment