གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བསྐྱིན་འགྲུལ་བྱིན་ནིའི་བཀག་ཆ་ ཆ་མེད་སོང་ཡོདཔ།

༨/༡༢/༢༠༡༢   ༉ འབྲུག་གི་དངུལ་ཁང་ལྟེ་བ་གིས་ སྤྱི་ལོ་༢༠༡༤ ནང་ལས་ རྒྱལ་གཞུང་ཉེན་བཅོལ་ལས་འཛིན་དང་ རྒྱལ་ཡོངས་དགོངས་ཞུ་དང་འཚོ་རྟེན་མ་དངུལ་ལས་སྡེ་གིས་ མི་སེར་ཚུ་ལུ་ བསྐྱིན་འགྲུལ་བྱིན་ནི་དེ་ བཀག་ཆ་འབད་ནི་སྦེ་ གྲོས་ཐག་བཅད་ཡོདཔ་ཨིན་རུང་ ཆ་མེད་སོང་ཡོདཔ་ཨིན་པས།



དེ་ཡང་ རྒྱལ་གཞུང་ཉེན་བཅོལ་ལས་འཛིན་དང་ འབྲུག་ཉེན་བཅོལ་ཚད་འཛིན་ དེ་ལས་ རྒྱལ་ཡོངས་དགོངས་ཞུ་དང་འཚོ་རྟེན་མ་དངུལ་ལས་སྡེའི་ འགོ་དཔོན་ཚུ་གིས་ མི་སེར་ཚུ་ལུ་ བསྐྱིན་འགྲུལ་བྱིན་ནི་ལས་ བཀག་ཆ་འབད་བ་ཅིན་ དེ་གིས་ ལས་སྡེ་ཚུ་ནང་ གནོད་སྐྱོན་ག་བཟུམ་ར་ འབྱུང་ནི་ཨིན་ན་ ལོག་དབྱེ་ཞིབ་འབད་དགོ་པའི་སྐོར་ལས་ ཞུ་བ་འབད་མི་དང་འཁྲིལ་ཏེ་ཨིན་པས།
རྒྱལ་གཞུང་ཉེན་བཅོལ་ལས་འཛིན་གྱི་ བཀོད་ཁྱབ་མདོ་ཆེན་ བསོད་ནམས་རྡོ་རྗེ་གིས་ བཤད་དོ་བཟུམ་འབད་བ་ཅིན་ བསྐྱིན་འགྲུལ་ཚུ་ ཚར་གཅིག་གུ་མིན་པར་ འགྲོས་ཀྱིས་འབད་ རིམ་པ་བཞིན་དུ་ བཀག་ཆ་འབད་ནི་ཨིན་ཟེར་ཨིན་པས།
འཕྲལ་ཁམས་ཅིག་ཁར་ ལས་སྡེ་༣ ནང་ལས་ ཐབས་རིག་ཚོགས་ཆུང་ཅིག་ཡང་ འཚོགས་ཡོདཔ་ད་ ཚོགས་ཆུང་དེ་གིས་ བསྐྱིན་འགྲུལ་ལས་རིམ་བཀག་ཆ་འབད་ནིའི་དོན་ལུ་ དུས་ཐུང་དང་ ཡུན་རིང་གི་ ཐབས་ལམ་རིམ་པ་ཚུ་ བཟོ་དགོཔ་སྦེ་ དངུལ་ཁང་ལྟེ་བ་གིས་ སླབ་ཡོདཔ་ཨིན་པས།
བསོད་ནམས་རྡོ་རྗེ་གིས་འབད་བ་ཅིན་ རྒྱལ་གཞུང་ཉེན་བཅོལ་ལས་འཛིན་གྱིས་ མི་སྡེ་ཉེན་སྲུང་ལམ་ལུགས་ཀྱི་འོག་ལུ་ཚུད་མི་ ཚེ་སྲོག་ཉེན་བཅོལ་དང་ གྲོང་གསེབ་ཁྱིམ་གྱི་ཉེན་བཅོལ་ སྒེར་སྡེའི་དགོངས་ཞུ་དང་འཚོ་རྟེན་མ་དངུལ་ཚུ་དང་ འབྲེལ་བ་འཐབ་དོ་ཟེར་ཨིན་པས།
དེ་འབདཝ་ལས་ ག་དེམ་ཅིག་སྦེ་ ལས་འཛིན་ལུ་ ཁེ་ཕན་ཡོད་པའི་ལས་རིམ་ཚུ་ བཀག་ཆ་འབད་དཔ་འདྲཝ་ཅིག་འབད་བ་ཅིན་ ཚེ་སྲོག་ཉེན་བཅོལ་ལས་རིམ་ཡོད་མི་ཚུ་གིས་ ཟླ་རིམ་གྱི་ ཉེན་དངུལ་རིམ་སྤྲོད་དེ་ ཡར་སེང་འགྱོ་འོང་ཟེར་ བཀོད་ཁྱབ་མདོ་ཆེན་ བསོད་ནམས་རྡོ་རྗེ་གིས་ བཤདཔ་ཨིན་པས།
ཁོ་གིས་འབད་བ་ཅིན་ ཚེ་སྲོག་ཉེན་བཅོལ་ལས་རིམ་ནང་ལས་ བསྡུ་ལེན་འབད་མི་ ཉེན་བཅོལ་རིམ་སྤྲོད་དེ་གིས་ ཁེ་སང་མེན་པར་ གྱོང་རྒུད་ཕོག་སྟེ་ ཡོད་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ད་ལྟོའི་ རིམ་སྤྲོད་དེ་ བསྐྱིན་འགྲུལ་སྦེ་ མ་བྱིན་པ་ཅིན་ ལམ་ལུགས་དེ་གི་ཐོག་ལས་ ཡུན་བརྟན་འབད་ཚུགས་ནི་ལུ་ ལཱ་ཁག་རྐྱབ་ནི་མས་ཟེར་ སླབ་མ་ཚད་ ཉེན་དངུལ་རིམ་སྤྲོད་ཚུ་ཡང་ ལོག་ལྟབ་ཀྱིས་ ཡར་སེང་འབད་དགོཔ་ འཐོན་འོང་ཟེར་ སླབ་ཨིན་པས།
བསོད་ནམས་རྡོ་རྗེ་གིས་འབད་བ་ཅིན་ དངུལ་ཁང་ལྟེ་བ་གིས་ རྒྱལ་ཁབ་ནང་ ཏི་རུ་མ་ལང་པའི་དཀའ་ངལ་ཚུ་ ལེགས་བསྒྱུར་མ་འགྱོ་ཚུན་ བསྐྱིན་འགྲུལ་ཚུ་ འཕྲོ་མཐུད་དེ་ར་ བྱིན་ཆོགཔ་སྦེ་སླབ་མི་དེ་ ངོས་ལེན་ལེགས་ཤོམ་ཅིག་ ཨིན་མས་ཟེར་ སླབ་ཨིན་པས།
འབྲུག་ཉེན་བཅོལ་ཚད་འཛིན་གྱི་ བཀོད་ཁྱབ་གཙོ་འཛིན་འགོ་དཔོན་ ཚེ་རིང་རྒྱལ་མཚན་གྱིས་འབད་བ་ཅིན་ དངུལ་ཁང་ལྟེ་བ་གིས་ གནད་དོན་དེ་ལུ་ བསྐྱར་ཞིབ་འབད་མི་དེ་ ལེགས་ཤོམ་ཅིག་ཨིན་མས་ཟེར་ སླབ་ཨིན་པས།
དངུལ་ཁང་ལྟེ་བ་གིས་ སྣུམ་འཁོར་ནང་འདྲེན་འབད་ནི་དང་ བཟོ་སྐྲུན་གྱི་ བསྐྱིན་འགྲུལ་བཀག་ཆ་འབད་མི་ལུ་བརྟེན་ ཉེན་བཅོལ་གྱི་ཚོང་འབྲེལ་ལུ་ གནོད་སྐྱོན་བྱུང་མིའི་གུ་ ད་རུང་ ལས་སྡེ་ཚུ་གིས་ བསྐྱིན་འགྲུལ་བྱིན་མ་ཆོགཔ་སྦེ་ སླབ་མི་དེ་གིས་ ཧེང་བཀལ་ར་ གནོད་སྐྱོན་འབྱུང་ནི་ཨིནམ་ལས་ ད་རེས་ གྲོས་ཐག་བཅད་མི་དེ་ལུ་ སེམས་དགའ་ཡི་ཟེར་ཨིན་པས།
རྒྱལ་གཞུང་དངུལ་ལས་དབང་འཛིན་གྱིས་འབད་བ་ཅིན་ དངུལ་ཁང་མིན་པའི་ དངུལ་འབྲེལ་ལས་སྡེ་ཚུ་གིས་ བསྐྱིན་འགྲུལ་བྱིན་ནི་གི་ ལམ་ལུགས་དེ་ འཛམ་གླིང་རྒྱལ་ཁབ་ག་ཏེ་ལུ་ཡང་མེདཔ་ལས་ བཀག་ཆ་འབད་ནི་སྦེ་ ཐག་བཅད་མི་དེ་ཡང་ གནད་དོན་འདི་ལུ་བརྟེན་ཏེ་ཨིན་ཟེར་ བཤདཔ་ཨིན་པའི་གནས་ཚུལ།



 
ཡེ་ཤེས་སྒྲོལ་མ།

No comments:

Post a Comment