གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཨ་སམ་བརྒྱུད་དེ་ སྣུམ་འཁོར་འགྲོ་འགྲུལ་འབད་ནི་ཚུ་ བཀག་ཆ་འབད་ཡོདཔ།

༡༡/༡༢/༢༠༡༢   ༉ རྒྱ་གར་ཨ་སམ་མངའ་སྡེ་ལུ་ བྱ་སྟབས་མ་བདེ་བའི་ དཀའ་ངལ་བྱུང་མི་ལུ་བརྟེན་ བསམ་གྲུབ་ལྗོངས་མཁར་དང་ དགེ་ལེགས་ཕུག་ ཕུན་ཚོགས་གླིང་ དེ་ལས་ རྒྱ་འབྲུག་གཉིས་ཀྱི་ ས་མཚམས་བདའ་སྟེ་ འབྲུག་གི་སྣུམ་འཁོར་དང་ མི་ཚུ་ ཕར་ཚུར་འགྲོ་འགྲུལ་འབད་ནི་ཚུ་ ཁ་ཙ་ལས་ བཀག་ཆ་འབད་ཡོདཔ་ཨིན་པས།


དེ་ཡང་ ཨ་སམ་མངའ་སྡེའི་ ཁྲིམས་སྲུང་འགག་པ་གིས་ ཨཱོལ་ ཨ་དི་བ་ཤི་ སློབ་ཕྲུག་མཐུན་ཚོགས་ཀྱི་ སློབ་ཕྲུག་བུཚ་ཅིག་ དོ་དམ་ནང་ བཞག་མི་དེ་ གཏང་དགོཔ་སྦེ་སླབ་སྟེ་ ལཱ་བཤོལ་ངོ་རྒོལ་འགྲེམ་སྟོན་འབད་མི་ལུ་བརྟེན་ དུས་ཡུན་ཆུ་ཚོད་༣༦ གི་རིང་ ལམ་འགྲུལ་འབད་ནི་ཚུ་ བཀག་འཛིན་འབད་ཡོདཔ་ཨིན་པས།
ད་རུང་ ཨ་སམ་རྫོང་ཁག་ བཱག་ས་ལུ་ཡང་ དུས་ཡུན་ཆུ་ཚོད་༣༦ གི་རིང་ ངོ་རྒོལ་འགྲེམ་སྟོན་འགོ་བཙུགས་ཡོདཔ་ལས་ ནངས་པ་ཚུན་ཚོད་ རྒྱ་གར་གྱི་ ས་ཁོངས་ནང་ འགྲུལ་བསྐྱོད་བཀག་དམ་འབད་ཡོདཔ་ཨིན་པས།
མ་གཞི་ ཉིན་བསྟར་བཞིན་དུ་ ཨ་སམ་བརྒྱུད་དེ་ འབྲུག་པའི་སྐྱེལ་འདྲེན་བཱསི་༢ རེ་ བསམ་གྲུབ་ལྗོངས་མཁར་ལས་ ཕུན་ཚོགས་གླིང་དང་ དགེ་ལེགས་ཕུག་ དེ་ལས་ ཕུན་ཚོགས་གླིང་ལས་ བསམ་གྲུབ་ལྗོངས་མཁར་དང་ དགེ་ལེགས་ཕུག་ལུ་ ལམ་འགྲུལཔ་ཚུ་ སྐྱེལ་འདྲེན་འབད་དོ་ཡོདཔ་ཨིན་པས།
འགྲུལ་བསྐྱོད་བཀག་དམ་ལུ་བརྟེན་ བསམ་གྲུབ་ལྗོངས་མཁར་ཁྲོམ་ཁར་ ཐོགས་ལུས་མི་ མང་ཤོས་ར་ བདེ་བ་ཐང་བཟོ་རིག་སློབ་ཁང་གི་ སློབ་ཕྲུག་དང་ ཤེས་རབ་རྩེ་མཐོ་རིམ་སློབ་གྲྭའི་ སློབ་ཕྲུག་ཚུ་ཨིནམ་ད་ ཁོང་ཆ་ཁྱབ་ གནམ་དགུན་གྱི་ ངལ་གསོའི་དོན་ལུ་ རང་སོའི་ཁྱིམ་ནང་ འགྱོ་བའི་བསྒང་ཨིན་པས།
ནངས་པ་ལས་ སྣུམ་འཁོར་ཚུ་ གཏང་ནི་ཨིན་རུང་ འགྲོ་འགྲུལ་འབད་མི་ཚུ་གི་དོན་ལུ་ ཉེན་སྲུང་སྐྱེལ་མ་མེད་ཟེར་ ཨ་སམ་མངའ་སྡེའི་གོ་དཔོན་ཚུ་གིས་ སླབ་ཨིན་པའི་གནས་ཚུལ།

No comments:

Post a Comment