གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བྱ་དང་ཕགཔ་ ཉ་གསོ་སྐྱོང་ཁང་ལུ་བརྟེན་ འོང་འབབ་ལེགས་ཤོམ་བཟོ་ཚུགས་དོ་ཡོདཔ།

༡༠/༡༢/༢༠༡༢   ཉ་གསོ་སྐྱོང་ཁང་ཚུ་ སྒེར་ས་ནང་ གཞི་བཙུགས་འབད་ནི་དེ་གིས་ སྤོ་བཤུད་འབད་དགོཔ་སྦེ་ སླབ་མི་ལུ་བརྟེན་ ཚོགས་པའི་འཐུས་མི་ཚུ་ ཚ་གྱང་ལང་སྟེ་ ཡོདཔ་ཨིན་པས།
༉ གཞལམ་སྒང་རྫོང་ཁག་ ཀྲོང་རྒེད་འོག་གི་ བེར་ཏི་གཡུས་ཚན་ནང་ འདས་པའི་ལོ་དག་པ་ཅིག་གི་ཧེ་མར་ བེར་ཏི་མི་སྡེ་ཚོགས་པ་ གཞི་བཙུགས་འབད་བའི་ཤུལ་ལས་ ཚོགས་པ་གིས་ བྱ་དང་ཕགཔ་ དེ་ལས་ ཉ་གསོ་སྐྱོང་ཁང་ གཞི་བཙུགས་འབད་མི་ཚུ་གིས་ འོང་འབབ་ལེགས་ཤོམ་བཟོ་ཚུགས་ཏེ་ མཐར་འཁྱོལ་ཅན་སྦེ་ བྱུང་ཡོདཔ་ཨིན་རུང་ སྒེར་ས་ནང་འབད་ནི་དེ་གིས་ སྤོ་བཤུད་འབད་དགོཔ་སྦེ་ སླབ་མི་ལུ་བརྟེན་ ཚོགས་པའི་འཐུས་མི་ཚུ་ ཚ་གྱང་ལང་སྟེ་ཡོདཔ་ཨིན་པས།
སྒེར་ས་ནང་ གཞི་བཙུགས་འབད་མི་ ཉ་གསོ་སྐྱོང་ཁང་།
འོང་འབབ་ལེགས་ཤོམ་བཟོ་ཚུགས་མི་ ཕགཔ་ཚུ།


ཚོགས་པའི་ཁྲི་འཛིན་ རྡོ་རྗེ་དབང་ཕྱུག་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཚོགས་པའི་ལཱ་ཚུ་ ལེགས་ཤོམ་འགྱོ་དོ་ཡོདཔ་ཨིན་རུང་ གསོ་སྐྱོང་ཁང་ཚུ་ག་ར་ སྒེར་ས་ནང་ཨིན་པའི་ཁར་ ས་ཆ་སྤྱོད་ནི་གི་ དུས་ཡུན་དེ་ སང་ཕོད་ལས་ ཚང་ནི་ཨིནམ་ལས་ ཐབས་ལམ་ག་ཅི་བཏོན་ནི་ཨིན་ན་ མ་ཤེས་པར་ཡོད་ཟེར་ཨིན་པས།
ཚོགས་པ་གིས་ སྤྱི་ལོ་༢༠༠༨ ལུ་ འགོ་དང་པ་ གསོ་སྐྱོང་ཁང་ གཞི་བཙུགས་འབད་ནིའི་དོན་ལུ་ གཞུང་ས་འཚོལ་ཡོདཔ་ཨིན་རུང་ རི་དྭགས་སྲུང་སྐྱོབ་ས་ཁོངས་ནང་ཚུད་ནི་དེ་གིས་ ས་ཆ་མ་ཐོབ་པར་ སྒེར་ས་གླ་ཁར་ལེན་ཏེ་ ལོ་༥ འི་རིང་ ལོ་བསྟར་བཞིན་དུ་ སའི་སྤྱོད་འཐུས་ དངུལ་ཀྲམ་༤,༠༠༠ རེ་ སྤྲོད་ནི་གི་ གན་རྒྱ་བཟོ་སྟེ་ཡོད་ཟེར་ཨིན་པས།
ཨིན་རུང་ སའི་ཇོ་བདག་གིས་ སང་ཕོད་ལས་ སའི་སྤྱོད་འཐུས་ དངུལ་ཀྲམ་༡༠,༠༠༠ ལས་༢༠,༠༠༠ གི་བར་ན་ སྤྲོད་དགོཔ་སྦེ་སླབ་སྟེ་ཡོད་ཟེར་ཨིནམ་ད་ འགོ་དང་པ་ གན་རྒྱ་བཟོཝ་ད་ ཚོགས་པའི་ཚོང་འབྲེལ་གྱི་ གནས་སྟངས་ལུ་ལྟ་སྟེ་ སའི་སྤྱོད་འཐུས་བསྒྱུར་བཅོས་འབད་ནི་སྦེ་ བཟོ་སྟེ་ཡོད་ཟེར་ཨིནམ་ད་ ཨིན་རུང་ ཇོ་བདག་གིས་ སླབ་མི་རིན་གོང་དེ་ མཐོ་དྲགས་པས་ཟེར་ཨིན་པས།
གནད་དོན་དེ་གི་སྐོར་ལས་ ཚོགས་པ་གིས་ འབྲེལ་ཡོད་དབང་འཛིན་ལུ་ ཞུ་བ་འབད་ཡོད་རུང་ གཞུང་ས་ནང་འཚོལ་དགོཔ་སྦེ་ སླབ་ཡོདཔ་ལས་ ས་ཆ་ཐོབ་སྟེ་འབད་རུང་ ལཱ་ཚུ་ག་ར་ ལོག་རྩ་བ་ལས་ འགོ་བཙུགས་དགོཔ་ལས་ དོན་དག་ཅིག་ མིན་འདུག་ཟེར་ཨིནམ་ད་ དེ་ཡང་ ཚོགས་པ་གསོ་སྐྱོང་ཁང་ཚུ་ གཞི་ལེགས་ཤོམ་སྦེ་ ཚུད་དེ་ཡོད་ནི་དེ་གིས་ཨིན་པས།
ཚོགས་པ་གིས་ སྤྱི་ལོ་༢༠༠༨ ལུ་ ཉ་གསོ་སྐྱོང་ཁང་ནང་ ཉ་ཕྱུག་གུ་རིགས་༣ འབད་མི་༡༦,༠༠༠ བཙུགས་ཡོདཔ་ད་ ད་ཚུན་གྱི་རིང་ ལེན་ཐེངས་༢ ཀེ་ཇི་བསྡོམས་༡,༢༠༠ དེ་ཅིག་ བཙོང་མི་དེ་གིས་ དངུལ་ཀྲམ་འབུམ་༡ དེ་ཅིག་ཐོབ་ཡོདཔ་ད་ ཕགཔ་༧༠ དེ་ཅིག་ བསད་དེ་བཙོང་མི་དེ་གིས་ དངུལ་ཀྲམ་འབུམ་༧ དེ་ཅིག་ ཐོབ་ཡོད་རུང་ ཕགཔ་ཚུ་ལུ་ ལྟོ་ ཀརྨ་ཕིཊ་བྱིན་དོ་ཡོདཔ་ལས་ ཁེ་སང་མེད་པའི་ཁར་ རྒུད་ཡང་མིན་འདུག་ཟེར་ཨིན་པས།
རྡོ་རྗེ་དབང་ཕྱུག་གིས་ ལྟོ་གི་དོན་ལུ་ ཟད་འགྲོ་སྦོམ་གནས་དོ་ཡོདཔ་ལས་ ཕགཔ་གསོ་མི་གིས་ ཁེ་སང་སྦོམ་ཅིག་ མིན་འདུག་ཟེར་ཨིནམ་ད་ ཨིན་རུང་ ཉེ་འདབས་ཀྱི་ ས་གནས་ཚུ་ནང་ མཁོ་འདོད་བསྐྱེད་མི་ཚུ་གི་དོན་ལུ་ ལཱ་འབད་དགོ་པས་ཟེར་ཨིན་པས།
བྱ་གསོ་སྐྱོང་ཁང་ལས་ ཉིན་བསྟར་བཞིན་དུ་ སྒོང་རྡོག་༣༠༠ ལྷགཔ་རེ་ བཙོང་དོ་ཡོདཔ་ཨིན་རུང་ གསོ་སྐྱོང་ཁང་ནང་བཞག་མི་བྱམོ་ཚུ་ ལོ་ཕྱེད་དང་༢ ལས་ ཤ་སྦེ་བཙོང་དོ་ཡོདཔ་ད་ དེ་ཡང་ ཞན་འཁོགས་འགྱོ་ནི་དེ་གིས་ ཤ་ལེགས་ཤོམ་མེད་པའི་ཁར་ རུ་ཏོ་མང་སུ་འོང་མི་ལུ་བརྟེན་ ཉོ་མི་ལེ་ཤ་ མི་ཐོན་པས་ཟེར་ཨིན་པས།
ཨིན་རུང་ སྤྱིར་བཏང་ལུ་ ཚོགས་པའི་ཚོང་འབྲེལ་ཚུ་ ལེགས་ཤོམ་འགྱོ་དོ་ཟེར་ཨིནམ་ད་ འོང་འབབ་མ་དངུལ་ཐོབ་མིའི་ཐོག་ལས་ འཐུས་མི་ཚུ་གི་ ཉེ་ཚན་ནང་འཁོད་ལུ་ ཤི་རྐྱེན་འབྱུང་པའི་སྐབས་ མ་དངུལ་གྱི་རྒྱབ་སྐྱོར་ཚུ་ འབད་ནི་ཡོད་ཟེར་ཨིན་པས།
ཚོགས་པ་དེ་ནང་ འཐུས་མི་༡༥ ཡོད་པའི་གྲས་ལས་ འཐུས་མི་༣ གྱིས་ ཆ་རོགས་གཞན་ཚུ་གིས་ མ་ཤེསཔ་སྦེ་ ཉ་བཟུང་སྟེ་ བཙོང་མི་ལུ་བརྟེན་ ཚོགས་པ་ནང་ལས་ བཏོན་བཏང་ཡོད་པའི་གནས་ཚུལ།



གཞལམ་སྒང་ལས་ བཀྲ་ཤིས་བསྟན་འཛིན།

No comments:

Post a Comment