གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མོང་སྒར་ལུ་ སྟ་གོན་སྙན་གསན་ ད་རིས་ལས་ འགོ་བཙུགས་དོ་ཡོདཔ།

༡༠/༡༢/༢༠༡༢   ༉ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ རྒྱལ་པོའི་ཞིང་གི་ ཁྲོམ་ས་བགོ་བཀྲམ་དང་ ས་ཐོབ་མི་ཚུ་ནང་ འབྲེལ་བ་ཡོད་མི་ རྒྱལ་ཡོངས་ཚོགས་འདུའི་ ཚོགས་དཔོན་དང་ ནང་སྲིད་བློན་པོ་ དེ་ལས་ མོང་སྒར་ཁྲོམ་སྡེ་ཚོགས་ཆུང་གི་ འཐུས་མི་བགྲེསཔ་༣ གྱི་ ཉེས་རྩོད་རྩིས་ཏེ་ ཞི་རྩོད་༧༥ མོང་སྒར་རྫོང་ཁག་ཁྲིམས་འདུན་ལུ་ ཐོ་བཀོད་འབད་དེ་ བདུན་ཕྲག་༤ དེ་ཅིག་ ལང་པའི་ཤུལ་ལུ་ སྟ་གོན་སྙན་གསན་དེ་ ད་རིས་ འབད་ནི་ཨིན་པས།


རྫོང་ཁག་ཁྲིམས་འདུན་གྱི་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ སྟ་གོན་སྙན་གསན་དེ་ཡང་ ཉེས་རྩོད་ལས་སྦེ་ འགོ་བཙུགས་ནི་ཨིན་རུང་ རྩོད་དོན་དེ་ནང་ ཉེས་འཛུགས་འབད་མི་ཚུ་ ཁོང་རང་ ངོ་རྐྱང་སྦེ་དང་ ཡང་ཅིན་ ངོ་ཚབ་ཀྱིས་ འབྲེལ་གཏོགས་འབད་ནི་ཨིན་ན་ ད་ལྟོ་ ཏན་ཏན་སྦེ་ སླབ་མི་ཚུགས་པས་ཟེར་ཨིན་པས།
ངན་ལྷན་བཀག་སྡོམ་ལྷན་ཚོགས་ཀྱིས་ ཚོགས་དཔོན་འཇིགས་མེད་ཚུལ་ཁྲིམས་དང་ ནང་སྲིད་བློན་པོ་ མི་འགྱུར་རྡོ་རྗེ་ དེ་ལས་ ཁྲོམ་སྡེ་ཚོགས་ཆུང་གི་ འཐུས་མི་བགྲེསཔ་ བདེ་ཆེན་སེངྒེ་གསུམ་ལུ་ ཁྲིམས་འགལ་གྱི་ ཉེས་འཛུགས་དང་ ཁེ་ཕན་ཐོབ་མི་ཚུ་ལུ་ ཞི་རྩོད་ཀྱི་ ཉེས་འཛུགས་འབད་དེ་ སྤྱི་ཟླ་༡༡ པའི་ཚེས་༡༣ ལུ་ རྫོང་ཁག་ཁྲིམས་ཀྱི་འདུན་སར་ ཐོ་བཀོད་འབད་ཡོདཔ་ཨིན་པས།
ཀུན་གསལ་གྱིས་གོ་མི་ ལོ་རྒྱུས་དང་འཁྲིལཝ་ད་ ཚོགས་དཔོན་དང་ ནང་སྲིད་བློན་པོ་༢ ད་ལྟོ་ མོང་སྒར་ལུ་ བཞུགས་ནུག་ཟེར་ཨིནམ་ད་ སྟ་གོན་སྙན་གསན་སྐབས་ ཉེས་འཛུགས་འབད་མི་ཚུ་ རྩོད་བཤེར་འབད་ནི་གི་ འོས་འབབ་ཡོད་མེད་ ཐག་བཏོག་ནི་ཨིན་པས།
རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ཞིབ་དཔྱད་སྙན་ཞུ་ལུ་ བསྐྱར་ཞིབ་འབད་དེ་ རྩོད་བཤེར་འབད་ནི་གི་ ཁྲིམས་ཀྱི་གཞི་གནད་མིན་འདུག་ཟེར་ ཕྱིར་འབུད་བཏང་པའི་ཤུལ་ལས་ ལྷན་ཚོགས་ཀྱིས་ ངན་ལྷན་བཀག་སྡོམ་བཅའ་ཁྲིམས་དང་འཁྲིལ་ ཉེས་བཤེར་འབད་དོ་ཡོདཔ་ཨིན་པས།
ལྷན་ཚོགས་ཀྱིས་ སྤྱི་ལོ་༡༩༩༩ དང་༢༠༠༣ གྱི་བར་ན་ མོང་སྒར་གྱི་ རྫོག་བདག་སྦེ་བཞུགས་མི་ ད་ལྟོའི་ཚོགས་དཔོན་ལུ་ ཡིག་ཆ་རྫུས་བཟོ་དང་ ཁྲོམ་སྡེ་ཚོགས་ཆུང་གི་ ཁྲི་འཛིན་གྱི་ འགན་འཁྲིའི་ཐོག་ལུ་ དབང་ཚད་ལོག་སྤྱོད་དང་ ཁྲོམ་ས་ཚུལ་མིན་ཐོག་ བགོ་བཀྲམ་འབད་ཡོད་པའི་ ཉེས་འཛུགས་འབད་མི་དེ་ཡང་ དེ་བསྒང་ ལག་ལེན་འཐབ་བཞིན་དུ་ཡོད་མི་ ཁྲིམས་གཞུང་ཆེན་མོ་དང་ སའི་བཅའ་ཁྲིམས་༡༩༧༩ ཅན་མ་དང་འཁྲིལ་ཨིན་པས།
དེ་བཟུམ་སྦེ་ སྤྱི་ལོ་༢༠༠༥ དང་༢༠༠༦ ལུ་ ཁྲོམ་སྡེ་ཚོགས་ཆུང་གི་ ཁྲི་འཛིན་ཨིན་མི་ ནང་སྲིད་བློན་པོ་ མི་འགྱུར་རྡོ་རྗེ་ལུ་ མི་ངོ་༣ དང་ ཆོས་སྡེ་༢ ལུ་ ཚུལ་མིན་གྱི་སྒོ་ལས་ གཞུང་ས་བཙོང་སྟེ་ ཁྲམ་སྤོ་སོར་དང་ དབང་ཚད་ལོག་སྤྱོད་འབད་བའི་ ཉེས་འཛུགས་འབད་ཡོདཔ་ཨིན་པས།
ཁྲོམ་སྡེའི་འགོ་དཔོན་ བདེ་ཆེན་སེངྒེ་ལུ་ མགུ་སྐོར་ལག་ལེན་དང་ གཞུང་ས་ཚུལ་མིན་སྒོ་ལས་བཙོང་སྟེ་ དབང་ཚད་ལོག་སྤྱོད་འབད་བའི་ ཉེས་འཛུས་འབད་ཡོདཔ་བཞིན་དུ་ རྒྱལ་པོའི་ཞིང་གི་ ཁྲོམ་ས་ཉོ་མི་ཚུ་ལུ་ སའི་བཅའ་ཁྲིམས་༡༩༧༩ ཅན་མའི་ནང་ གཞུང་ས་ཉོ་བཙོང་འཐབ་མི་གཉིས་ཆ་ར་ ཉེས་ཁྲིམས་ཕོག་ཟེར་ འཁོད་ཡོད་མི་དང་འཁྲིལ་ ཉེས་འཛུགས་འབད་ཡོདཔ་ཨིན་པས།
ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ལོ་ངོ་༡ གི་རིང་ ཞིབ་དཔྱད་འབད་བའི་ གྲུབ་འབྲས་དང་འཁྲིལཝ་ད་ རྒྱལ་པོའི་ཞིང་ལུ་ ཁྲོམ་དང་ སྡོད་གནས་ས་ཁོངས་གཉིས་ཆ་ར་ལས་ ས་ཚན་༩༩ བགོ་སྤྲོད་འབད་མི་ལས་༦༧ འབདཝ་ད་ ས་ཆ་ཨེ་ཀར་༡༤.༡༢ ཚུལ་མིན་ཐོག་ བགོ་བཀྲམ་འབད་ཡོད་པའི་ མངོན་གསལ་བྱུང་ཡོད་པའི་གནས་ཚུལ།



 
རིག་འཛིན་དབང་ཕྱུག།

No comments:

Post a Comment