གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ལོ་༥ འི་ཧེ་མར་ སྤྱང་ཀ་ཅིག་སྦེ་གནས་ཡོད་རུང་ ད་རེས་ གོང་འཕེལ་སོང་ཡོདཔ།

༢/༧/༢༠༡༣   ༉ དང་ཕུ་ འབྲུག་དང་བོད་ཀྱི་བར་ན་ ཚོང་འབྲེལ་འཐབ་སྡོད་པའི་ ནམ་དུས་ལུ་ རྒྱལ་ཁབ་ཀྱི་ རྫོང་ཁག་ཚུ་གི་གྲས་ལས་ ལྷུན་རྩེ་རྫོང་ཁག་དེ་ ཕྱུགཔོ་ཅིག་སྦེ་ སྡོད་ཡོདཔ་ཨིན་རུང་ དེ་གི་ཤུལ་ལས་ འདས་པའི་ལོ་༥ ཚུན་ལུ་ གཞན་མི་རྫོང་ཁག་ཚུ་ གོང་འཕེལ་སོང་རུང་ ལྷུན་རྩེ་དེ་ གོང་འཕེལ་གཏང་མ་ཚུགས་པར་ ལུས་ཡོདཔ་ཨིན་པས།
འབྲུག་ཕུན་སུམ་ཚོགས་པའི་གཙོ་འཛིན་ འཇིགས་མེད་འཕྲིན་ལས་ གདུང་དཀར་ལུ་ བསྐུལ་བསྒྲགས་འབད་བར་ འགྱོ་བའི་བསྒང་།

ཚོགས་པའི་གཙོ་འཛིན་༢ ཆ་ར་གིས་ ཅང་ཅེ་དང་ རྩི་རང་སྟོད་བར་ནའི་འཁོར་ལམ་ ལེགས་བཅོས་འབད་ནི་ལུ་ཁས་བླངས།

༢/༧/༢༠༡༣   ༉ རྩི་རང་རྫོང་ཁག་ ཅང་ཅེ་དང་ རྩི་རང་སྟོད་བར་ནའི་འཁོར་ལམ་ ལེགས་བཅོས་འབད་ནི་དེ་ བདུན་ཕྲག་ཧེ་མའི་ རེས་གཟའ་སྤེན་པ་ལུ་ ལྟ་སྐོར་འབད་མི་ མི་སེར་དམངས་གཙོ་ཚོགས་པའི་གཙོ་འཛིན་དང་ སྤྱི་ཟླ་༦ པའི་ཚེས་༢༡ ལུ་ ལྟ་སྐོར་འབད་མི་ འབྲུག་ཕུན་སུམ་ཚོགས་པའི་གཙོ་འཛིན་༢ ཆ་ར་གིས་ ཁས་བླངས་འབད་ཡོད་མི་ལུ་ མི་སེར་མང་ཤོས་ར་ སེམས་དགའ་ཡོདཔ་ཨིན་པས།
ཉེན་ཁ་ཅན་གྱི་གནས་སྟངས་ནང་ཡོད་པའི་ ཟམ་གྱི་མཐོང་སྣང་།

རྩོམ་སྒྲིགས་པའི་སྣང་འཆར།

༢/༧/༢༠༡༣   དཔལ་འབྱོར་གནས་སྟངས་ལུ་ ངོས་ལེན་འབད་དགོཔ།
༉ ད་ཚུན་གྱི་བར་ན་ རྒྱ་གར་གཞུང་གིས་ འབྲུག་ལུ་ མེ་རླུང་རྒྱ་རྫི་གེསི་དང་ ས་མར་ཁུའི་གོང་ཚད་ཕབ་ཆག་ཐོག་ ཐོབ་སྐལ་བྱིན་སྲོལ་ཡོད་མི་དེ་ ཁ་ཙ་ལས་ ཕྱིར་བཏོན་འབད་མི་ལུ་བརྟེན་ ད་རིས་དྲོ་པ་ལས་ གོང་ཚད་ལོག་ལྟབ་ཀྱིས་ ཡར་སེང་རྐྱབ་ནི་ཨིན་པའི་ གསལ་བསྒྲགས་གོཝ་ད་ མི་སེར་ཚུ་ རྣམ་རྟོག་ལང་ནུག།

ཟླཝ་༡ ནང་ རོ་ཁྱི་བསྡོམས་༤༠༠༠ དེ་ཅིག་ གཤག་བཅོས་དང་ སྨན་ཁབ་བཙུགས་ནིའི་འཆར་གཞི།

༢/༧/༢༠༡༣   ༉ ཐིམ་ཕུ་ཁྲོམ་སྡེ་ལས་འཛིན་དང་ སོ་ནམ་དང་ནགས་ཚལ་ལྷན་ཁག་འོག་གི་ གསར་སྦིས་ཐང་ལུ་ཡོད་མི་ རྒྱལ་ཡོངས་སྒོ་ནོར་གསོ་བའི་ལྟེ་བ་གིས་ འགོ་འདྲེན་འཐབ་པའི་བསྒང་ཡོད་མི་ རོ་ཁྱི་གཤག་བཅོས་ཀྱི་ལས་རིམ་དེ་ ཁ་ཙ་ལས་ འགོ་བཙུགས་ཡོདཔ་བཞིན་དུ་  ཉིནམ་༡ ནང་ར་ ཐིམ་ཕུ་ནང་འཁོད་ཀྱི་ རོ་ཁྱི་༦༧ གཤག་བཅོས་འབདཝ་མ་ཚད་ སྨན་ཁབ་བཙུགས་ཡོདཔ་ཨིན་པས།
གཤག་བཅོས་འབད་ནིའི་དོན་ལུ་ བཟུང་ཡོད་མི་རོ་ཁྱི་ཚུ།

སྲིད་ཚོགས་༢ ལས་ དབྱེ་བ་ ཕྱེ་དགོཔ་གལ་ཅན།

༢/༧/༢༠༡༣   ༉ ད་ལྟོའི་གནས་སྟངས་ནང་བཟུམ་ཅིག་འབད་བ་ཅིན་ རྒྱལ་ཁབ་ནང་ སྲིད་ཚོགས་༢ ཡོད་མིའི་སྐོར་ལས་ མི་སེར་ཚུ་གིས་ ལེགས་ཤོམ་སྦེ་ར་ ཧ་གོ་དགོཔ་ཡོདཔ་མ་ཚད་ མི་སེར་ཚུ་ལུ་ རང་བཞིན་གྱི་ ཡོན་ཏན་ཡོད་ནི་དེ་གིས་ ཧ་གོ་སྟེ་ དབྱེ་བ་ཕྱེ་ཚུགས་ཟེར་ཨིན་པས། 

འགྲེམ་ཐོག་ཚོགས་རྒྱན་ལོག་སྤྱོད་འབད་བའི་ ཁ་ཉེས་དང་ དོགས་སྣང་།

༡/༧/༢༠༡༣   ༉ འབྲུག་གི་བཙག་འཐུའི་ ལམ་ལུགས་ནང་ འགྲེམ་ཐོག་ཚོགས་རྒྱན་གྱི་ ཐོབ་ལམ་དེ་གིས་ རང་མོས་དང་ རྣམ་དག་གི་ བཙག་འཐུའི་ བྱ་རིམ་ཚུ་ལུ་ བར་ཆད་རྐྱབ་ནིའི་ ཉེན་ཁ་འདུག་ཟེར་ མི་མང་གིས་ བསམ་འཆར་བཀོདཔ་ཨིན་པས།

བཙན་ཁྲིད་འབད་མི་ འབྲུག་མི་གཉིས་ ག་ཏེ་བཞག་ཡོདཔ་ཨིན་ན་ ཤེས་རྟོགས་མེདཔ།

༡/༧/༢༠༡༣   ༉ སྤྱི་ཟླ་༦ པའི་ཚེས་༢༧ ལུ་ འབྲུག་པའི་ཕོ་སྐྱེས་༢ རྒྱ་གར་གྱི་ས་གནས་ ཤཱན་ཊི་པུར་ལས་ བཙན་ཁྲིད་འབད་མི་དེ་ ག་ཏེ་ལུ་ཡོདཔ་ཨིན་ན་ ད་ལྟོའི་བར་ན་ཡང་ ཤེས་རྟོགས་བྱུང་མ་ཚུགས་པར་ཡོད་རུང་ ཨ་སམ་མངའ་སྡེའི་རྫོང་ཁག་ ཀོཀ་ཧ་ཇར་དང་ ཅི་རང་གི་ ཁྲིམས་སྲུང་འགག་པ་ཚུ་གིས་ བཙན་ཁྲིད་འབད་བའི་ དོགས་པ་ཡོད་མི་ སྡེ་ཚན་དེ་ འཚོལ་ཞིབ་འབད་བསྒང་ཡོདཔ་ཨིན་པས།

ད་རིས་ལས་ སྣུམ་འཁོར་ཚུ་ སྡེ་ཚན་སྦེ་གཏང་ནི།

༡/༧/༢༠༡༣   ༉ ཁྲིམས་སྲུང་འགག་སྡེ་གིས་ གསལ་བསྒྲགས་འབད་མི་དང་འཁྲིལཝ་ད་ ད་རིས་ སྤྱི་ཟླ་༧ པའི་ཚེས་༡ ལས་འགོ་བཙུགས་ རྒྱ་གར་ཨ་སམ་བརྒྱུད་དེ་ འགྲུལ་བསྐྱོད་འབད་མི་ འབྲུག་གི་སྣུམ་འཁོར་ཚུ་ ཉིནམ་རེ་ལུ་ ཚར་གཉིས་རེ་སྦེ་ སྟབས་གཅིག་ཁར་ བཏང་ཐོག་ལས་ འགྲོ་འགྲུལ་འབད་བཅུག་ནི་ཨིན་པས།

གནས་ཚུལ་མདོར་བསྡུས།

༡/༧/༢༠༡༣
༉ ཐིམ་ཕུ་གཱོལཕ་རྩེད་ཐང་ནང་ ཉིན་གྲངས་༢ ཀྱི་རིང་ འགོ་འདྲེན་འཐབ་མི་ ལོ་བསྟར་གཱོལཕ་རྩེད་འགྲན་ནང་ རྡོ་རྗེ་རྣམ་རྒྱལ་རིན་ཆེན་གྱིས་ རྒྱལ་ཁ་ཐོབ་ཡོདཔ་མ་ཚད་ སྤྱི་དཔོན་མགོན་པོ་འབྲུག་པ་གིས་ ཨང་གཉིས་པ་ཐོན་ནུག།
ནོར་བུ་ཨེལ་ཚེ་རིང་དང་ སྤྱི་དཔོན་བགྲེསཔ་ བི་བི་གུ་རུང་གིས་ སྤྱིར་བསྡོམས་རྩེད་འགྲན་ནང་ལས་ རྒྱལ་ཁ་ཐོབ་ཡོདཔ་ད་ རྒྱལ་ཁ་ཐོབ་མི་ལུ་ གསོལ་རས་ཨེ་པཱལ་ཨའི་པེཌ་ཅིག་དང་ ཨང་གཉིས་པ་ཐོན་མི་ལུ་ སམ་སུང་ གེ་ལག་སི་ ཨེསི་༤ འབད་མི་བྱིན་ཡོདཔ་ཨིན་པས།
འབྲིང་རིམ་དབྱེ་སྡེའི་ནང་ བཙན་གྲགས་རྡོ་རྗེ་གིས་ རྒྱང་མཐོང་ཊི་བི་ཨིན་ཅི་༢༢ འབད་མི་ཅིག་ ཐོབ་ཡོདཔ་ཨིན་པས།
རྩེད་འགྲན་དེ་ནང་ གཱོལཕ་རྩེད་འགྲན་པ་ན་གཞོན་༦ དང་ ཉམས་མྱོང་ཅན་༩༠ གིས་ བཅའ་མར་གཏོགས་ཡོདཔ་ད་ ཁ་ཙ་ མཇུག་བསྡུ་མི་ གཱོལཕ་རྩེད་འགྲན་དེ་ དཔལ་ལྡན་རྩི་ས་དབང་འཛིན་གྱིས་ སྦྱིན་བདག་འབད་ཡོད་པའི་གནས་ཚུལ།

རོ་ཁྱི་གཤག་བཅོས་ཀྱི་ལས་རིམ་ འགོ་འདྲེན་འཐབ་ནི།

༡/༧/༢༠༡༣   ༉ ཁྲོམ་སྡེ་ནང་འཁོད་ལུ་ རོ་ཁྱི་སྤྱང་ཁྱི་གི་གྱངས་ཁ་ མར་ཕབ་འབད་ནིའི་དོན་ལུ་ ད་རུང་ ཐིམ་ཕུ་ཁྲོམ་སྡེ་ལས་འཛིན་གྱིས་ འཕྲལ་མགྱོགས་ར་ གཤག་བཅོས་ཀྱི་ལས་རིམ་ཅིག་ འགོ་འདྲེན་འཐབ་ནི་ཨིན་པས།
དེ་ཡང་ ཐིམ་ཕུ་ཁྲོམ་སྡེ་ལས་འཛིན་གྱི་ བཟོ་རིག་འགོ་དཔོན་འོགམ་ བཀྲ་ཤིས་ཚེ་རིང་གིས་ བཤད་དོ་བཟུམ་འབད་བ་ཅིན་ ལས་རིམ་དེ་ གཙོ་བོ་ར་ སྤྱང་ཁྱི་གི་གྱངས་ཁ་ མར་ཕབ་འབད་ནིའི་དོན་ལུ་ ཨིནམ་བཞིན་དུ་ ལས་འཛིན་གྱིས་ ལས་རིམ་གྱི་དོན་ལུ་ རོ་ཁྱི་བཟུང་མི་ ཕོ་སྐྱེས་༩ གནས་སྐབས་ཀྱི་ལཱ་གཡོག་ནང་ བཙུགས་ཏེ་ཡོད་ཟེར་ཨིན་པས།


སྤྱི་ལོ་༢༠༡༣ གྱི་རྒྱལ་རྟགས་ཁ་རྗེ་ ག་ལུ་ཡོདཔ་ཨིན་ན་ ད་རིས་ ཤེས་ཚུགས་ནི།

༡/༧/༢༠༡༣   ༉ ཁ་ཙ་ ཁྲི་ལོ་༢༥ འཁོར་བའི་ ཕྱི་རྒྱལ་མདའ་གཞུའི་ཐོག་ལས་ རྒྱལ་ཡོངས་མདའ་རྩེད་འགྲན་བསྡུར་གྱི་ མཐའ་བཅད་རྩེད་འགྲན་ནང་ ལྟདམོ་ལྟ་མི་བརྒྱ་ཕྲག་ལས་བཅད་འཛོམས་ཡོད་རུང་ དམ་ཆེན་དང་ ཡར་སྐྱེད་སྡེ་ཚན་༢ ཀྱི་ རྒྱལ་ཕམ་དེ་ ད་རིས་ཕྱེ་ནི་ཨིན་པས།
དེ་ཡང་ ཡར་སྐྱེད་སྡེ་ཚན་གྱིས་ སྐོར་ཐེངས་༥ པའི་ནང་ སྐུགས་༡༥ ཐོབ་པའི་སྐབས་ བྱང་ཕྱད་སྡེ་ཚན་གྱིས་ སྐུགས་༡༦ ཐོབ་ཅི།

ཞབས་ཁྲ་རྐྱབ་མི་ཨམ་སྲུ་ཚུ་གིས་ དམ་ཅན་གྱི་མདའ་རྩེདཔ་ཅིག་ལུ་ མདའ་ཁ་སློག་པའི་བསྒང་།

རྒྱལ་པོའི་ཞིང་ ངང་ལམ་གྱི་གཞུང་ལམ་ སྤྱི་ལོ་༢༠༡༣ ལོ་མཇུག་ལུ་ བསལ་ཚར་ནི།

བྱག་སྐེདཔ་བཏོགས་ཏེ་ གཞུང་ལམ་བཏོན་མིའི་མཐོང་སྣང་།
༡/༧/༢༠༡༣   ༉ རིང་ཚད་ ཀི་ལོ་མི་ཊར་༧༥ ཅིག་འབད་མི་ རྒྱལ་པོའི་ཞིང་ ངང་ལམ་གྱི་གཞུང་ལམ་དེ་ དུས་ཅི་ སྤྱི་ལོ་༢༠༡༣ ལོ་མཇུག་བསྡུ་ཁམས་ལུ་ སེལ་ཚར་ནི་ཨིནམ་ལས་ ཤར་ཕྱོགས་ལུང་ཕྱོགས་ཀྱི་མི་སེར་ཚུ་ལུ་ ཕན་ཐོགས་སྦོམ་སྦེ་ར་ འབྱུང་ནི་ཨིན་པས།

དགེ་ལེགས་ཕུག་དྲུང་ཁག་ ཆུ་གཟར་སྒང་ལུ་ སྤོ་བཤུད་འབད་ནིའི་ཁས་བླངས།

༡/༧/༢༠༡༣   ༉  མི་སེར་དམངས་གཙོ་ཚོགས་པའི་གཙོ་འཛིན་ ཚེ་རིང་སྟོབས་རྒྱས་ཀྱིས་ འདས་པའི་བདུན་མཐའི་ནང་ ཆུ་གཟར་སྒང་རྒེད་འོག་གི་ མི་སེར་ཚུ་ལུ་ ཁོ་གི་ སྲིད་ཚོགས་ཀྱིས་ རྒྱལ་ཁ་ཐོབ་པ་ཅིན་ དགེ་ལེགས་ཕུག་དྲུང་ཁག་དེ་ ཆུ་གཟར་སྒང་ལུ་ སྤོ་བཤུད་འབད་ནི་ཟེར་ ཁས་བླངས་འབད་ཡི།
དགེ་ལེགས་ཕུག་ལུ་ མི་སེར་དམངས་གཙོ་ཚོགས་པའི་ ཁས་བླངས་གསལ་བསྒྲགས་ཉན་ནིའི་དོན་ལུ་འཛོམས་མི་ མི་སེར་ཚུ།

བྱང་ཐིམ་ཕུའི་ འདེམས་ངོ་༢ ལུ་ དྲི་བ་སྣ་ཚོགས་བཀོད་ཡོདཔ།

༡/༧/༢༠༡༣   ༉ ཁ་ཙ་ བྱང་ཐིམ་ཕུ་གི་ སྲིད་དོན་ཚོགས་པ་གཉིས་ཀྱི་ རྩོད་བསྡུར་ལས་རིམ་ནང་ བསྟན་འཛིན་གྱིས་ འཕྲལ་ཁམས་ཅིག་ཁར་ མི་སེར་དམངས་གཙོ་ཚོགས་པ་གིས་ རྒྱ་འབྲུག་༢ཀྱི་ མཐུན་ལམ་སྐོར་ བཤད་ཡོད་མི་དེ་ལུ་ ཚ་གྱང་ཡོད་ཟེར་མིན་པར་ ག་དེ་སྦེ་ཨིན་ནའི་སྐོར་ལས་ ཁ་གསལ་སླབ་དགོཔ་སྦེ་ དྲི་བ་བཀོད་ཅི།

གྲྭ་ཚང་གི་བླ་སློབ་ཚུ་ལུ་ དངུལ་ཕོགས་ཡར་སེང་གི་གྲོས་འཆར།

༡/༧/༢༠༡༣   ༉ སྤྱི་ཟླ་༦ པའི་ཚེས་༢༨ ལུ་ དགེ་རབ་གྲྭ་ཚང་ཁག་གི་ བླམ་གནས་བརྟན་དང་ དྲུང་ཆེན་ཚུ་གིས་ ལོ་བསྟར་ཞལ་འཛོམས་འཚོགས་པའི་སྐབས་ལུ་ དབུ་མཛད་དང་ དྲུང་ཆེན་ཚུ་གི་ དངུལ་ཕོགས་ཡར་སེང་གནང་དགོ་པའི་ གྲོས་བསྡུར་ཚུ་ འབད་ཡོདཔ་ཨིན་པས།
གྲོས་བསྡུར་འབད་བའི་སྐབས་ལུ་ གཞུང་གྲྭ་ཚང་གི་ ཡོངས་ཁྱབ་དྲུང་ཆེན་ མགོན་པོ་རྡོ་རྗེ་གིས་ སླབ་མི་དང་འཁྲིལཝ་ད་ དངུལ་ཕོགས་དང་འབྲེལ་བའི་ ཐོབ་ལམ་འཆར་བཀོད་ཟིན་བྲིས་ཅིག་ བཟོ་ཡོད་མི་དེ་ གསལ་བཤད་འབད་ཡི།

བླམ་གནས་བརྟན་ཚུ་གིས་ ལོ་བསྟར་ཞལ་འཛོམས་ ཚོགས་གནང་པའི་བསྒང་།

མི་མང་གི་བསམ་འཆར།

༡/༧/༢༠༡༣   འགྲེམ་ཐོག་ཚོགས་རྒྱན་ཚུ་ རྒྱུན་བརྟན་ཡོདཔ་ཨིན་ན?
༉ འབྲུག་གི་སྤྱི་ཚོགས་གཉིས་པའི་ རྒྱལ་ཡོངས་ཚོགས་འདུའི་ སྤྱིར་བཏང་བཙག་འཐུ་འགོ་འདྲེན་འཐབ་ནི་ལུ་ ཉིན་གྲངས་༡༢ མ་གཏོགས་མེདཔ་ལས་ འབྲུག་པའི་མི་སེར་ཚུ་ ཚོགས་རྒྱན་བཙུགས་པར་ འགྱོ་ནི་ལུ་ གྲ་སྒྲིག་འབད་བའི་བསྒང་ཡོད་ཟེར་ཞུ་ནི།

འདས་པའི་གཞུང་གི་ གྲུབ་འབྲས་མེན་པ་ཅིན་ ག་གི་གྲུབ་འབྲས་ཨིན་ན?

༡/༧/༢༠༡༣    ༉ འབྲུག་ཕུན་སུམ་ཚོགས་པའི་གཙོ་འཛིན་ འཇིགས་མེད་འོད་ཟེར་འཕྲིན་ལས་ཀྱིས་ སྤྱི་ཟླ་༦ པའི་ཚེས་༢༩ ལུ་ ལྷུན་རྩེ་རྫོང་ཁག་ སྨན་སྦིས་-བཙན་མཁར་འདེམས་ཁོངས་ཀྱི་ མི་སེར་ཚུ་དང་ ཕྱད་པའི་སྐབས་ འདས་པའི་འབྲུག་ཕུན་སུམ་ཚོགས་པ་གཞུང་གིས་ ད་ལྟོ་ཚུན་འབད་ཡོད་མི་ ལཱ་གི་གྲུབ་འབྲས་ཚུ་ མིག་མཐོང་ལག་བཟུང་དང་ དྲིམ་མནམ་ནི་མེད་མི་ཚུ་ཡང་ མི་སེར་ཚུ་གིས་ སེམས་ཁར་དྲན་གནང་དགོཔ་དེ་ ཁག་ཆེ་ཟེར་བཤད་ཅི།
ཀུར་སྟོད་སྨན་སྦིས་-བཙན་མཁར་འདེམས་ཁོངས་ཀྱི་ མི་སེར་ཚུ་ འབྲུག་ཕུན་སུམ་ཚོགས་པའི་ གཙོ་འཛིན་གྱི་ ཁས་བླངས་གསལ་བསྒྲགས་ཉན་པར་ ཨའུ་མཚོ་ལུ་ འགྱོ་བའི་བསྒང་།