གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འཛམ་གླིང་ཉམས་སྲུང་གི་ཉིནམ་ བརྩི་སྲུང་འབད་ཡོདཔ།


བསྟན་འཛིན་རྣམ་རྒྱལ།

དམིག་དམར་ སྤྱི་ཟླ་༤ པའི་ཚེས་༢། ༉ སྤྱི་ཟླ་༣ པའི་ཚེས་༣༡ གི་ཕྱི་རུ་ འཛམ་གླིང་རྒྱལ་ཁབ་ག་རའི་ནང་ དུས་ཡུན་ཆུ་ཚོད་༡ གི་རིང་ གློག་མེ་བསད་ཐོག་ལས་ འཛམ་གླིང་ཉམས་སྲུང་གི་ ཉིནམ་བརྩི་སརུང་འབད་ཡོདཔ་བཞིན་དུ་ འབྲུག་ལུ་ཡང་ ཕྱི་རུའི་ཆུ་ཚོད་༨.༣༠ ལས་ འགོ་བཙུགས་ཏེ་ ཆུ་ཚོད་༩ དང་ཕྱེད་ཚུན་ ཐིམ་ཕུ་དགོངས་རྫོགས་མཆོད་རྟེན་དང་ དེའི་མཐའ་འཁོར་ལུ་ སྡོད་མི་ཚུ་གིས་ རང་སོའི་ཁྱིམ་ནང་ གློག་མེ་བསད་དེ་ དུས་ཡུན་ཆུ་ཚོད་༡ གི་རིང་ གནག་དུང་ནང་ སྡོད་ཡོདཔ་ཨིན་པས།

ཉིནམ་བརྩི་སྲུང་གི་དོན་ལུ་ མི་དབང་རྒྱལ་པོའི་སྲསམོ་ ཨ་ཞེ་ཨུཏྤལ་མ་ཆོས་སྒྲོན་དབང་ཕྱུག་གིས་ རྗེས་དྲན་མཆོད་རྟེན་ནང་ དཀར་མེ་ཕུལ་ཏེ་ སྨོན་ལམ་བཏབ་གནང་ཡོདཔ་ད་ བརྩི་སྲུང་དེ་ དགོངས་རྫོགས་མཆོད་རྟེན་ལས་ འགོ་བཙུགས་དགོ་མི་དེ་ཡང་ རྗེས་དྲན་མཆོད་རྟེན་དེ་ རྒྱལ་ཁབ་ཀྱི་ ནང་རྟེན་ངོ་མ་ཅིག་ཨིནམ་ལས་ དེ་ནང་ སྨོན་ལམ་བཏབ་པ་ཅིན་ བསམ་དོན་གྲུབ་པའི་ཕན་ཡོན་ཡོད་ནི་དེ་གིས་ཨིན་ཟེར་ འཛམ་གླིང་རི་དྭགས་སེམས་ཅན་མ་དངུལ་གྱི་འགོ་དཔོན་ དབྱངས་སྐྱིད་པདྨ་གིས་ སླབ་ཨིན་པས།
དུས་ཡུན་ཆུ་ཚོད་༡ གི་རིང་ གློག་མེ་མ་བཏེག་པར་ བཞག་པ་ཅིན་ གློག་མེ་ལུ་བརྟེན་པའི་ འཕྲུལ་ཁང་དང་ བཟོ་གྲྭ་ཁང་ཚུ་ མཚམས་འཇོག་འབད་ཚུགས་པའི་ཁར་ དེ་གིས་ འཛམ་གླིང་ཚ་དྲོད་མར་ཕབ་ཐོག་ལས་ གནམ་གཤིས་འགྱུར་བགྲོད་དང་འབྲེལ་བའི་དཀའ་ངལ་ཚུ་ གདོང་ལེན་འབད་ཚུགས་ཟེར་ཨིན་པས།
ཉིནམ་བརྩི་སྲུང་དེ་ སྤྱི་ལོ་༢༠༠༧ ལས་ འཛམ་གླིང་རི་དྭགས་མ་དངུལ་གྱིས་ འགོ་འདྲེན་འཐབ་ཡོདཔ་བཞིན་དུ་ འཛམ་གླིང་རྒྱལ་ཁབ་ཚུ་ལས་ མི་ས་ཡ་༣ དེ་ཅིག་གིས་ བཅའ་མར་གཏོགས་ཡོདཔ་ད་ སྤྱི་ལོ་༢༠༡༡ ལུ་ རྒྱལ་ཁབ་༡༣༥ གི་ ཁྲོམ་ཚོགས་༥,༠༠༠ ལྷགཔ་ཅིག་ནང་ བརྩི་སྲུང་འབད་ཡོད་པའི་གནས་ཚུལ།


No comments:

Post a Comment