གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གསོ་བའི་ཞབས་ཏོག་གི་ དམིགས་ཡུལ་ འཆར་གཞི་བཅུ་པའི་ནང་ གྲུབ་མ་ཚུགསཔ།

༉ ལོ་ལྔའི་འཆར་གཞི་བཅུ་པའི་ གཙོ་རིམ་ཅན་གྱི་དམིགས་ཡུལ་དེ་ རྫོང་ཁག་༢༠ འི་ནང་ གསོ་བའི་མཁས་མཆོག་ཌོག་ཊར་༣ དང་ སྨན་ཁང་ཆེ་བ་བཟོ་ནི་ཚུ་ཡོདཔ་ཨིན་རུང་ ད་ལྟོ་ དམིགས་ཡུལ་དེ་ གྲུབ་མ་ཚུགསཔ་ལས་ བཟོ་སྐྲུན་གྱི་ལཱ་དང་ འཆར་གཞིའི་ལས་རིམ་ཚུ་ འབད་བའི་བསྒང་ར་ཡོདཔ་ཨིན་པས།

འཆར་གཞིའི་ནང་བཀོད་དོན་ལྟར་ རྫོང་ཁག་༢༠ འི་མི་སེར་ཚུ་ལུ་ རྐང་སྟོང་སྦེ་ དུས་ཡུན་ཆུ་ཚོད་༣ དེ་ཅིག་གི་ས་གནས་ཚུ་ནང་གསོ་བའི་སྨན་ཁང་གི་ཞབས་ཏོག་བྱིན་ནིའི་འཆར་གཞི་ཡོད་མི་ཚུ་ བརྒྱ་ཆ་༩༠ གྲུབ་ཡོད་པའི་ཁར་དཔྱད་ཞིབ་ཀྱི་གྲུབ་འབྲས་སྙན་ཞུ་དང་འཁྲིལ་བ་ཅིན་ དུས་ཡུན་ཆུ་ཚོད་༡ ལས་ འགྱོ་མ་དགོ་པའི་ས་གནས་ཁར་ སྨན་ཁང་གྱི་མཐུན་རྐྱེན་ཚུ་ བྱིན་ནི་ཨིན་མི་དེ་ ཧ་ལམ་བརྒྱ་ཆ་༤༠ དེ་ཅིག་གྲུབ་ཅི་ཟེར་ ཨིན་པས།
འདི་དང་འདྲཝ་སྦེ་ རྫོང་ཁག་ཚུ་ནང་ལས་ཕར་ ནང་པའི་གསོ་བའི་སྨན་ཁང་གི་ ཞབས་ཏོག་༢༥ བྱིན་ཡོདཔ་ད་ ད་ཚུན་ གསོ་བའི་སྨན་ཁང་༤༧ དེ་ཅིག་ཡོད་དོ་བཟུམ་སྦེ་ རྫོང་ཁག་རེ་ནང་ ནདཔ་བཀལ་མི་སྣུམ་འཁོར་༢ རེ་བྱིན་ནི་ཨིན་མི་དེ་ གྲུབ་ཡོདཔ་ཨིན་པས།
གསོ་བའི་ལྷན་ཁག་གི་ སྤྱི་ལོ་༢༠༡༢ ཟླཝ་༣ པའི་ནང་ ལོ་ལྔའི་འཆར་གཞི་བཅུ་པའི་བསྐྱར་ཞིབ་ཞལ་འཛོམས་ཀྱི་ གྲུབ་འབྲས་སྙན་ཞུ་དང་འཁྲིལ་བ་ཅིན་ རྫོང་ཁག་རེ་ནང་ ཉུང་ཤོས་ ཌོག་ཊར་༣ རེ་བྱིན་དགོཔ་སྦེ་ཡོད་ས་ལས་ ད་ཚུན་ རྫོང་ཁག་༡༠ ནང་ བཙུགས་ཡོདཔ་ད་ རྫོང་ཁག་༦ ནང་ ཌོག་ཊར་༢ དེ་ལས་ ལྷག་ལུས་རྫོང་ཁང་༤ ནང་ ཌོག་ཊར་རེ་རེ་མ་གཏོགས་མེད་པའི་གསལ་སྟོན་བྱུང་ཡོདཔ་ཨིན་པས།
རྒྱལ་ཁབ་ནང་གི་ མི་སེར་ཚུ་ལུ་ གསོ་བའི་མཐུན་རྐྱེན་གྱི་ཞབས་ཏོག་ ལོ་གཅིག་བ་གཅིག་ དྲགཔ་སྦེ་བྱིན་ཚུགས་མི་དེ་ཡང་ སྤྱི་ལོ་༢༠༠༡ ལུ་ གཞི་རྟེན་སྨན་ཁང་༢༩ ཡོད་མི་དེ་ སྤྱི་ལོ་༢༠༡༢ ལུ་༣༡ ལུ་ཡར་སེང་འབད་བའི་ཁར་ སྤྱི་ལོ་༢༠༠༡ ལུ་ གྲོང་གསེབ་སྨན་ཁང་ཞབས་ཏོག་༡༦༨ ཡོད་མི་དེ་ སྤྱི་ལོ་༢༠༡༢ ལུ་༡༨༡ ཡར་སེང་འབད་ཡོདཔ་མ་ཚད་ སྤྱི་ལོ་༢༠༠༡ ལུ་ ཌོག་ཊར་༡༡༤ ཡོད་མི་ལས་ སྤྱི་ལོ་༢༠༡༢ ལུ་ ༡༨༡ ལུ་ཡར་སེང་འབད་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ གསོ་བའི་ལས་རོགསཔ་ཚུ་ཡང་ སྤྱི་ལོ་༢༠༠༡ ལུ་༡༦༣ ཡོད་མི་དེ་ སྤྱི་ལོ་༢༠༡༠ ལུ་༣༦༦ ལུ་ ཡར་སེང་འབད་བའི་ཁར་ སྤྱི་ལོ་༢༠༡༢ ལུ་ ༤༢༩ ལུ་ཡར་སེང་འབད་ཡི།  སྨན་ཁང་ཚུ་ནང་ སྨན་གཡོགམོ་ སྤྱི་ལོ་༢༠༠༡ ལུ་༥༦༩ དང་ སྤྱི་ལོ་༢༠༡༠ ལུ་༥༥༦ ལུ་ཡར་སེང་འབད་ཡོདཔ་ན་ སྤྱི་ལོ་༢༠༡༢ ལུ་ ༧༢༣ ལུ་ཡར་སེང་འབད་མི་ལུ་ལྟ་བ་ཅིན་ འདས་པའི་ལོ་ཚུ་དང་ཕྱདཔ་ད་ གསོ་བའི་ཞབས་ཏོག་ཚུ་ ལེ་ཤ་གིས་ ཡར་དྲག་སོང་ཡོད་པའི་ གསལ་སྟོན་འབདཝ་མས་ཟེར་ཨིན་པས།
གསོ་བའི་ཞབས་ཏོག་ལས་ཁུངས་ སྨན་དང་ སྨན་ཁབ་ དེ་ལས་ མཁོ་ཆས་སྡེ་ཚན་གྱི་ གྲུབ་འབྲས་སྙན་ཞུ་དང་འཁྲིལཝ་ད་  སྨན་དང་ སྨན་ཁབ་ དེ་ལས་ གཞན་དགོས་མཁོ་ལྡན་པའི་ཅ་ཆས་ཚུ་ མཁོ་སྒྲུབ་འབདཝ་ད་ ལོ་རེའི་ནང་ ཟད་འགྲོ་མ་དངུལ་ དངུལ་ཀྲམ་ས་ཡ་༤༥༠ བཏང་ཡོད་པའི་ཁར་ མེད་ཐབས་མེད་པའི་སྨན་གྱི་དོན་ལུ་ ཟད་འགྲོ་དངུལ་ཀྲམ་ས་ཡ་༣༩༩ དང་ སྨག་རིགས་གཞན་རྣམས་ཀྱི་དོན་ལུ་ཟད་འགྲོ་དངུལ་ཀྲམ་ས་ཡ་༣༥༠ དགོས་མཁོ་ཅན་གྱི་འཕྲུལ་ཆས་ཀྱི་དོན་ལུ་ ཟད་འགྲོ་དངུལ་ཀྲམ་ས་ཡ་༡༩༠༠ དེ་ཅིག་བཏང་ཡོདཔ་ཨིན་པས།
གསོ་བའི་ལྷན་ཁག་ ལོ་ལྔའི་འཆར་གཞི་བཅུ་པའི་ནང་ གསོ་བའི་ལས་བྱེདཔ་ ཡོངས་བསྡོམས་༧༣༣ མ་ལང་པའི་དཀའ་ངལ་ཡོད་མི་དེ་ཡང་ ཌོག་ཊར་༨༥ སྨན་གཡོགམོ་༢༩༩ གསོ་བའི་ལས་རོགསཔ་༡༩༤ དགོཔ་ཡོད་རུང་ སྤྱི་ལོ་༢༠༠༩ དང་ སྤྱི་ལོ་༢༠༡༢ ལུ་ ཌོག་ཊར་༥ ཡར་སེང་འབད་ཡོདཔ་བཞིན་དུ་ དེ་ཚུ་ ལོ་ལྔའི་འཆར་གཞི་བཅུ་པའི་ནང་ གྲུབ་ཚུགས་དགོཔ་ཨིན་པས།
གཟུགས་ཁམས་འཕྲོད་བསྟེན་ལེགས་ཤོམ་སྦེ་བཞག་ཐབས་ལུ་ འབྲུག་གཞུང་ལས་ བརྒྱ་ཆ་ལས་ཕྱེ་བ་ཅིན་ ཟད་འགྲོ་བརྒྱ་ཆ་༨༨ བཏང་ཡོདཔ་ད་ བཟའ་ཚང་རང་སོའི་ སྨན་བཅོས་ཀྱི་དོན་ལུ་ ཟད་འགྲོ་བརྒྱ་ཆ་༡༡ ལས་བརྒལ་མ་བཏང་པས་ཟེར་ཨིན་པས།
གསོ་བའི་ལྷན་ཁག་གི་ ལས་བྱེདཔ་ཚུ་གིས་ རང་སོའི་འགན་འཁྲི་དང་ འགན་ཁུར་ཚུ་ ཅི་ལྕོགས་གང་ལྕོགས་ཀྱི་ཐོག་ལས་ ཞབས་ཏོག་གང་དྲག་ཞུ་ནི་དེ་གིས་ རྒྱལ་ཁབ་ནང་ ཨ་ལུའི་ཤི་རྐྱེན་དེ་ སྤྱི་ལོ་༢༠༠༠ ལུ་ བརྒྱ་ཆ་༦༡ ཨིན་རུང་ སྤྱི་ལོ་༢༠༡༠ ལུ་ བརྒྱ་ཆ་༤༠.༡ མར་བབས་སོང་ཡོདཔ་བཞིན་དུ་ སྤྱི་ལོ་༢༠༠༠ ལུ་ ཨ་ལུ་གསར་སྐྱེས་ བརྒྱ་ཆ་༨༤ དང་ སྤྱི་ལོ་༢༠༡༠ ལུ་ བརྒྱ་ཆ་༦༡.༥ ལུ་མར་བབས་སོང་ཡོདཔ་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment