![]() |
དཔེ་དེབ་འགྲེམས་སྟོན་ནང་ ཚོང་འབྲེལ་འཐབ་པའི་བསྒང་། |
༉ རྒྱལ་ཡོངས་དཔེ་དེབ་འགྲེམས་སྟོན་ ཐེངས་༥ པ་དེ་ ཁ་ཙ་ མོང་སྒར་ལུ་སྦེ་ འགོ་འབྱེད་འབད་ཡི།
འགྲེམས་སྟོན་ནང་ ཤར་ཕྱོགས་རྫོང་ཁག་༦ ལས་ སློབ་གྲྭ་ཁག་གི་ སློབ་དཔོན་དང་ དཔེ་གཉེར་དག་པ་ཅིག་ རང་སོའི་ སློབ་གྲྭའི་ སྐྱེལ་འདྲེན་བཱསི་ཚུ་བདའ་སྟེ་ འགྲེམས་སྟོན་ས་ཁོངས་ནང་ ལྷོད་ཡོདཔ་བཞིན་དུ་ ད་རུང་ ལེ་ཤ་ཅིག་ར་ འོང་བའི་བསྒང་ཡོདཔ་ཨིན་པས།
ཉིན་གྲངས་༥ འབད་མི་ འགྲེམས་སྟོན་ལས་རིམ་ནང་ རྒྱལ་ཁབ་ནང་འཁོད་ཀྱི་ དཔེ་དེབ་ཚོང་ལས་༢༡ གིས་ བཅའ་མར་གཏོགས་དོ་ཡོདཔ་ད་ འགྲེམས་སྟོན་དེ་ སྤྱི་ཟླ་༤ པའི་ཚེས་༢༠ ལུ་ མཇུག་བསྡུ་ནི་ཨིན་པས།
དཔེ་དེབ་འགྲེམས་སྟོན་དེ་ དྲོ་པའི་ཆུ་ཚོད་༩ ལས་ ཕྱི་རུའི་ཆུ་ཚོད་༦ ཚུན་ སྒོ་ཕྱེ་དོ་ཡོདཔ་ཨིན་པས།
འགྲེམས་སྟོན་དེ་ རིན་བསྡུར་ཐོག་ལས་ ཤར་ཕྱོགས་བསམ་གྲུབ་ལྗོངས་མཁར་ལུ་ཡོད་པའི་ ནོར་བུ་ཚོང་ལས་ཀྱིས་ འགོ་འདྲེན་འཐབ་དོ་ཡོདཔ་ཨིན་པས།
འགྲེམས་སྟོན་དེ་ སློབ་གྲྭ་ཁག་གི་ སློབ་དཔོན་དང་ དཔེ་གཉེར་ཚུ་ལུ་ རྩོམ་བྲིས་དང་ ལམ་སྟོན་དཔེ་དེབ་ ལྷག་དེབ་ སློབ་སྟོན་མཁོ་ཆས་ཤོག་བྱང་ རྒྱལ་རབས་དཔེ་དེབ་ལ་སོགས་པའི་ དཔེ་དེབ་སྣ་ཚོགས་ གདམ་ཁ་རྐྱབ་ནིའི་དོན་ལུ་ གོ་སྐབས་ཅིག་ཨིན་པས།
དེ་བཟུམ་སྦེ་ ནུབ་ཕྱོགས་ལུང་ཕྱོགས་ནང་འབད་བ་ཅིན་ སྤྱི་ཟླ་༥ པའི་ནང་ དབང་འདུས་ཕོ་བྲང་རྫོང་ཁག་ བ་འཇོ་ལུ་སྦེ་ འགོ་འདྲེན་འཐབ་ནི་ཨིན་པའི་གནས་ཚུལ།
ཚེ་རིང་རྣམ་རྒྱལ།
No comments:
Post a Comment