གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སློབ་ཕྲུག་བུཚ་༡ གྱི་གསོབ་སྟེ་བསད་ཡོདཔ།



ཡེ་ཤེས་སྒྲོལ་མ།

དམིག་དམར་ སྤྱི་ཟླ་༤ པའི་ཚེས་༢། ༉ སྤྱི་ཟླ་༣ པའི་ཚེས་༣༡ ལུ་ ནུབ་མོའི་ཆུ་ཚོད་༡༠:༣༠ དེ་ཅིག་ཁར་ ཆུ་ཁ་རྫོང་ཁག་ བསམ་འཕེལ་གླིང་རྒེད་འོག་གི་གཡུས་ཚན་ དཔག་བསམ་ཁ་ཨ་ལེ་ལུ་ དོགས་ཅན་སོ་ནམ་ཞིང་པ་ཅིག་གིས་ སྐྱེས་ལོ་༡༧ ལང་མི་ སློབ་ཕྲུག་བུཚ་ཅིག་ལུ་ གྱི་གསོབ་བྱིན་མི་ལུ་བརྟེན་ ས་གོ་ནང་ར་ ཤི་སོཔ་ཨིན་པས།

ཁྲིམས་སྲུང་འགག་པའི་ གནས་ཚུལ་བཤད་མི་ཅིག་གིས་ སླབ་མིའི་ནང་ ཚེ་འདས་ཀྱི་ ཆ་རོགས་ཀྱིས་ ནད་པའི་སྣུམ་འཁོར་འབོ་ཞིནམ་ལས་ སྨན་ཁང་ནང་ བསྐྱལ་བའི་ཤུལ་ལུ་ དྲོ་པའི་ཆུ་ཚོད་༢ དེ་ཅིག་ཁར་ སྨན་ཁང་གི་ ལས་བྱེདཔ་ཚུ་གིས་ སྙན་ཞུ་འབད་ཡི་ཟེར་ཨིན་པས།
ཚེ་འདས་བུཚ་དེ་ ཕུན་ཚོགས་གླིང་འབྲིང་རིམ་སློབ་གྲྭ་བར་མའི་ སློབ་ཕྲུག་ཨིནམ་བཞིན་དུ་ དཔག་བསམ་ཁ་ལུ་ ཁོ་རའི་ ཕམ་དང་གཅིག་ཁར་ སྡོད་དོ་ཡོདཔ་ཨིན་པས། 
གནས་ཚུལ་བཤད་མི་ཅིག་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཚེ་འདས་དང་ དོགས་པ་ཅན་༢ འཐབ་དགོ་པའི་ གནད་དོན་གཙོ་བོ་ར་ སློབ་ཕྲུག་བུམོ་ཅིག་གི་ཞོར་ལས་ ཨིན་མས་ཟེར་ཨིན་པས། 
ད་ལྟོ་ དོགས་ཅན་ཕོ་སྐྱེས་དེ་ ཁྲིམས་སྲུང་འགག་པའི་ དོ་དམ་འོག་ལུ་ ཡོདཔ་བཞིན་དུ་ བྱུང་རྐྱེན་གྱི་སྐོར་ལས་ ཞིབ་དཔྱད་འབད་བའི་བསྒང་ཡོདཔ་ཨིན་པས།
ད་རུང་ སྤྱི་ཟླ་༣ པའི་ཚེས་༣༡ ལུ་ དགེ་ལེགས་ཕུག་ལུ་ཡང་ སྐྱེས་ལོ་༢༠ ལང་མི་ ཕོ་སྐྱེས་༢ ལུ་ ངོ་མ་ཤེས་མི་ ཕོ་སྐྱེས་༤ གིས་ གྱི་གསོབ་བྱིན་ཡོདཔ་ཨིན་པས།
ཉམས་རྒུདཔ་ཚུ་གིས་ དོགས་པ་ཅན་ཚུ་ ངོ་མ་ཤེས་པ་ལུ་བརྟེན་ འཚོལ་ཞིབ་འབད་ནི་ལུ་ཡང་ ལཱ་ཁག་རྐྱབ་ནི་མས་ཟེར་ ཁྲིམས་སྲུང་འགག་པ་གིས་ སླབ་ཨིན་པའི་གནས་ཚུལ།

No comments:

Post a Comment