གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཕོ་སྐྱེས་ཅིག་གིས་ རང་སྲོག་བཅད་ཡོདཔ།


ཡེ་ཤེས་སྒྲོལ་མ།

གསར་སྤང་རྫོང་ཁག་ དགེ་ལེགས་ཕུག་རྒེད་འོག་ དཔལ་རི་ཐང་ལུ་ ཟ་ཁང་ཅིག་ནང་ ལཱ་འབད་སྡོད་མི་ སྐྱེས་ལོ་༢༥ ལང་མི་ ཕོ་སྐྱེས་ཅིག་གིས་ སྤྱི་ཟླ་༤ པའི་ཚེས་༡ ལུ་ ཁོ་རའི་ གནས་ཚང་དང་གཅིག་ཁར་ ཁ་ཤགས་རྐྱབ་པའི་ཤུལ་ལུ་ སྤྱི་ཟླ་༤ པའི་ཚེས་༤ ལུ་ རང་སྲོག་བཅད་ཡོདཔ་ཨིན་པས།

ཚེ་འདས་ཀྱིས་ ཁོ་ར་སྡོད་སའི་ ཁང་མིག་གི་ གནམ་པང་གུ་ གྱིབ་ཀྱི་ཐགཔ་བཏགས་ཞིནམ་ལས་ ཨོལ་ལྐོག་དཔྱངས་ཡོདཔ་ཨིན་པས། 
གནད་དོན་དེ་གི་སྐོར་ལས་ ཚེ་འདས་ཀྱི་ ཆ་རོགས་ཀྱིས་ སྤྱི་ཟླ་༤ པའི་ཚེས་༥ ལུ་ དྲོ་པའི་ཆུ་ཚོད་༨:༤༥ དེ་ཅིག་ཁར་ ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་འབད་ཡོདཔ་ཨིན་པས།
དེ་ཚེ་དྲོ་པ་ ཚེ་འདས་ཀྱི་ ཆ་རོགས་ཀྱིས་ ག་དེམ་ཅིག་འབོ་རུང་ ཁ་ལན་འཇལ་ནི་མེདཔ་ལས་ ཁྱིམ་གྱི་ སྒོ་ནང་ལས་ བལྟ་བར་སོང་ཡི་ཟེར་ཨིནམ་ད་ ཆ་རོགས་དེ་གིས་ སྒོ་གི་དོང་ནང་ལས་ ལྟ་བའི་སྐབས་ ཚེ་འདས་དེ་ ཁྱིམ་གྱི་ གནམ་པང་གུ་ དཔྱངས་ཡོདཔ་མཐོང་ཡི་ཟེར་ཨིན་པས།
ཚེ་འདས་ཀྱིས་ རང་སྲོག་མ་བཅད་པའི་ཧེ་མར་ ཤོག་ཀུ་ཅིག་ནང་ ཡི་གུ་བྲིས་བཞག་ཡོདཔ་ད་ ཡིག་ཤོག་དེ་ནང་ ཁོ་རའི་ གནས་ཚང་དང་ ཕམ་སྤུན་ཆ་ཚུ་ལུ་ ལཱ་མ་བཏུབ་ཚུ་འབདཝ་ལས་ བློ་འགྱོད་ཡོད་ལུགས་ཀྱི་་སྐོར་ལས་ བྲིས་ཡོདཔ་ཨིན་པས།
ཚེ་འདས་ཀྱི་ གནས་ཚང་དེ་ ཚོང་ཁང་ཅིག་ནང་ ལཱ་འབད་དོ་ཡོདཔ་ད་ སྤྱི་ཟླ་༤ པའི་ཚེ་༡ ལུ་ ཁོང་ར་༢ ཁ་ཤགས་རྐྱབ་པའི་ཤུལ་ལུ་ རྨགཔ་གིས་ དྲང་འོང་ཟེར་ འདྲོག་བྱེལ་འཐབ་སྟེ་ ཁྱིམ་ནང་མ་འགྱོཝ་ཨིན་པས།
ཁོང་༢ གཉེན་རྐྱབ་སྟེ་ ཟླཝ་༨ དེ་ཅིག་ལང་ཡོདཔ་ད་ དེ་གི་བར་ན་ ལན་ཐེངས་༥ དེ་ཅིག་ བརྡུང་རྫོབ་འབད་ཡི་ཟེར་ མོ་གིས་ སླབ་ཨིན་པས།
འཐབ་འཛིང་འབད་དགོ་པའི་ གནད་དོན་དེ་ཡང་ གཙོ་བོ་ ཚེ་འདས་ཀྱིས་ མིག་སེར་ལྟ་མི་ལུ་བརྟེན་ཏེ་ ཨིན་ཟེར་ཨིན་པས།
ཁྲིམས་སྲུང་འགག་པ་ཚུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཚེ་འདས་ཀྱིས་ བྲིས་བཞག་མི་ ཡི་གུ་ལུ་བལྟ་བ་ཅིན་ གཞན་གྱིས་ གནོད་སྐྱོན་རྐྱབ་པའི་ དོགས་པ་མིན་འདུག་ཟེར་ཨིནམ་ད་ རྐྱེན་ངན་དེ་ བྱུང་བའི་སྐབས་ལུ་ ས་གནས་ནང་ གནས་ཚང་མེད་ནི་དེ་གིས་ དྲི་དཔྱད་འབད་དགོཔ་ཡང་ མིན་འདུག་ཟེར་ ཨིན་པའི་གནས་ཚུལ། 

No comments:

Post a Comment